མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཏུལ་ཐང་གི་མྱ་ངམ་ཐང་དུ་འོད་ཤུགས་ལེབ་མོ་དང་མཐའ་ཡས་པའི་མཚོ་ཆུ་ལྟར་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཉི་འོད་ཀྱི་ཕྱོགས་སུ་བརྗིད་ཉམས་ལྡན་པའི་ནུས་ཚད་བསྡུ་ལེན་བྱས་ཡོད།
རྨ་ཆུའི་སྟོད་རྒྱུད་དུ་སྐས་རིམ་ལྟར་ཁྱབ་པའི་ཆུ་ཤུགས་གློག་ཁང་དུ་རྨ་ཆུའི་ཆུ་དྲག་ཏུ་འཕྱུར་བ་དང་བསྟུན་ནས་འོད་ཤུགས་དང་རླུང་གློག་གི་གློག་ནུས་གཞན་སྒྱུར་གསོག་འཇོག་བྱས་ཏེ་ནུས་མང་གསབ་རེས་ཀྱི་ལྗང་མདོག་མཉམ་སྒྲོག་དཀྲོལ་གཏོང་གི་ཡོད།
ཚྭ་འདམ་གཤོངས་སའི་གངས་རི་རྩྭ་ཐང་དུ་ལྕགས་སྒྲོམ་ཞིག་འཕྲེད་གཞུང་དུ་སྦྲེལ་ནས་དྭངས་གཙང་ནུས་རྒྱུ་རྒྱུན་ཆད་མེད་པར་ཀྲུང་ཡོན་གྱི་ས་གཞི་ཆེ་མོར་བསྐྱལ་རྒྱུ་རེད།
མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ནས་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པས་སྣེ་ཁྲིད་དུ་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་མཐོ་སའི་བཀོད་སྒྲིག་ནང་ཧུར་ཐག་ཞུགས་ནས་ནུས་རྒྱུ་སྣ་ཚོགས་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་རྒྱུའི་གྲུབ་ཆ་དང་འབྱུང་ཁུངས་དྲ་བ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ནུས་རྒྱུའི་མ་ལག་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་སྔོན་ལ་ནུས་རྒྱུ་གསར་པ་དང་ནུས་རྒྱུའི་གཙོ་གཟུགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
སྟོབས་ཤུགས་བསགས་ནས་ནུས་ཁུངས་མ་ལག་གསར་པ་འཛུགས་པ།
རི་བོ་མཐོན་པོའི་རྩེ་མོར་ཆུ་བོ་ཆེན་པོ་རྒྱུག་པར་ལྟ་བ།མང་ཚོགས་ཀྱི་བར་དུ་རླུང་གི་རབ་ཏུ་རྒྱས་པར་ཉན།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཁུལ་ཀྲང་ཆའོ་ཡ་ཆུན་གྱིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐཱན་ཉུང་གཏོང་དང་།བཙོག་སྐྱོན་ཉུང་གཏོང་།སྔོ་ལྗང་བཅས་འཕར་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བའི་ལས་དོན་བཀོད་སྒྲིག་ཐད“བརྟན་ཐོག་ཡར་འཕེལ”ཡོང་བ་བྱ་རྒྱུ་རེད།
ཉེ་སྔོན། རྒྱལ་ནང་གི་འཆར་འགོད་འཛུགས་སྐྲུན་གྱི་ཤོང་ཚད་ཆེ་ཤོས་དང་།མ་དངུལ་འཇོག་གྲངས་ཆེ་ཤོས།ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས།ས་བབ་མཐོ་ཤོས་བཅས་ཀྱི་ནུས་རྒྱུ་གསར་པའི་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཏེ་ཚྭ་འདམ་ན་གོར་མོ་ཤར་གྱི་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ལས་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་800ཙམ་བཏང་བ་དང་འཛུགས་སྐྲུན་གྱི་སྤྱིའི་གཞི་ཁྱོན་ཆན་ཝ་ཁྲི་1924ཟིན་པ་དང་།མཛེས་ལྗོངས་མེ་གསོག་འཇོག་གཞི་གཅིག་ཅན་གྱི་བྱེད་ཐབས་ལྟར་འཆར་འགོད་བྱས་པར་གཞིགས་ན།ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱིས་85%བཟུང་ཡོད།རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་དཔལ་འབྱོར་སྒར་ཁུལ་ལས་བརྒལ་བའི་དམིགས་བསལ་གློག་ཆེན་ཕྱིར་གཏོང་བགྲོད་ལམ་ཐོག་མ་སྟེ“མཚོ་སྔོན་དང་ཀུའེ་ཁུལ་དབར་གྱི་ཐད་རྒྱུག”གི་དམིགས་བསལ་གློག་ཆེན་ཐད་རྒྱུག་གློག་གཏོང་བགྲོད་ལམ་བརྒྱུད་ཀོང་ཤིས་སུ་ཆུ་ཚོད་ཆན་ཝ་དུང་ཕྱུར་365ཙམ་གྱི་ནུས་རྒྱུ་གཙང་མ་སྐྱེལ་འདྲེན་བྱེད་ཆོག་པ་དེས་ཀོང་ཤིས་ཀྱི་གློག་སྤྱོད་ཚད་ལས་14%བཟུང་ཡོད།
“མཚོ་ནུབ་ཁུལ་ཡིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ནང་འདྲེས་པ་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་།ནུས་རྒྱུ་གཙང་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་ཐོན་ལས‘ས་ཁུལ་བཞི’སྣེ་ཁྲིད་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་དགོས”ཅེས་ཆའོ་ཡ་ཆུན་གྱིས་བཤད།
ས་བབ་མཐོ་ཚད་སྨི་4300ཡོད་པའི་ས་ནག་རི་བོའི་ཉག་ཁ་བརྒལ་སྐབས་མར་ཐང་ཆུ་ཤུགས་གློག་ཁང་གི་སྤྱི་ཁྱབ་ཅིང་ལི་ལི་ཧུང་ཤིན་གྱིས་ནུས་རྒྱུ་གཙང་མར་རེ་སྒུག་གསར་པ་བྱེད་ཀྱི་ཡོད།ཁོང་གིས“མར་འགོག་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་གཞུང་ཆུའི་ལུང་དབྱང་འགག་གི་སྟོད་རྒྱུད་ཀྱི་མཚོ་ཁ་ནས་ཨེར་ཏོ་ཆུ་བོའི་དུམ་བུའི་འཆར་འགོད་ཀྱི་སྐས་རིམ་གློག་ཁང་དགུ་པ་དེ་ཡིན་པ་དང་།རྨ་ཆུའི་མ་ལམ་གཙོ་བོའི་ཆུ་འབོར་སྙོམས་སྒྲིག་བྱེད་པའི་འགག་རྩའི་ནུས་པ་འཁུར་ཡོད།རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་དུམ་བུའི་ཆན་ཝ་ཁྲི་སྟོང་རིམ་པའི‘ཆུ་རླུང་འོད་གསོག་’མང་ནུས་རྒྱུ་གཙང་མ་ཕན་ཚུན་གསབ་རེས་བྱེད་པའི་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ལྟེ་བའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་ཁྲི་182.5ཡི་
སྣེ་གཅིག་ནས་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་།སྣེ་གཅིག་ནས་དམངས་འཚོའི་བདེ་སྐྱིད་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་དང་འབྲེལ་ཡོད།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཝང་ཁུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་ཆོས་ཀྱི་གྲས་ཤིག་ཏུ་བརྩི་རྒྱུ་ཡིན་ཞེས་གསུངས་པ་རེད།དེ་ལྟར་ཡིན་པའི་དབང་གིས་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་།དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ།སྣོད་བཅུད་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཡོད།གྲངས་གཞི་ལས་མངོན་པར།2024ལོར་མཚོ་སྔོན་གྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་7100ལས་བརྒལ་བ་དང་།ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱིས་94.6%དང་70%སོ་སོར་ཟིན་ནས་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་དང་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་“བྱེད་པོ་གཉིས”ཀྱི་སྔོན་ལ་མངོན་འགྱུར་བྱུང་ཡོད།
འཛམ་གླིང་གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྲུང་གོར་ལྟ་བཞིན་ཡོད་པ་དང་ཀྲུང་གོའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱིས་མཚོ་སྔོན་ལ་ལྟ་བཞིན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་མངགས་བཅོལ་གཞིར་བཟུང་།མཚོ་སྔོན་གྱིས“མཛེས་ལྗོངས་དང་མེ་ཆུ་གཞི་གཅིག་ཅན”དང“འབྱུང་ཁུངས་དང་དྲ་བའི་དངོས་གསོག་གཞི་གཅིག་ཅན”གྱི་ལྟེ་བའི་ཁྱབ་ཁོངས་ཆེན་པོ་གཉིས་ལ་དམིགས་ནས་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་ནུས་རྒྱུ་གཙང་མའི་དཔེ་སྟོན་འཛུགས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་དེ་བས་མང་བ་གཏོད་རྒྱུ་རེད།
ཐཱན་གཉིས་ལ་ཞབས་འདེགས་ཞུས་ནས་སྣོད་བཅུད་ཤེས་དཔལ་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ།
དྭངས་གཙང་དཔེ་སྟོན་ནི་སྐྱེ་ཁམས་དཔེ་སྟོན་ཡིན་པ་དང་།སྐྱེ་ཁམས་དཔེ་སྟོན་ནི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ཡིན།
ཉེ་སྔོན། མཚོ་ཤར་གྲོང་ཁྱེར་ཧོང་གྲོང་ཧོར་རིགས་རང་སྐྱོང་རྫོང་ལྔ་བཅུ་གྲོང་རྡལ་པན་ཡན་གྲོང་ཚོར་སྐྱོད་སྐབས་གྲོང་འདབས་ཀྱི་རླངས་འཁོར་འཇོག་སའི་ཐོག་ཉི་ནུས་ལེབ་མོ་ཁྱབ་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཐོག་བརྩེགས་ཁང་ཆེན་གྱི་ལི་ཡོན་དྲ་བའི་ཧོ་གསོག་གློག་དྲ་ཆུང་གྲས་གཞི་གཅིག་ཅན་གྱི་རིག་ལྡན་ནུས་རྒྱུ་དོ་དམ་ཚོད་འཛིན་ལས་སྟེགས་ཐོག་གྲོང་ཚོའི་ནང་གི་ནུས་གསོག་གློག་ཚད་དང་།གློག་གསོག་ཐེངས་གྲངས།འོད་ཤུགས་པང་ལེབ་ལྟ་ཞིབ་ཚད་ལེན་སོགས་ཀྱི་གྲངས་གཞི་གསལ་པོར་མཐོང་ཐུབ།འོད་ཤུགས་གློག་གཏོང་པང་ལེབ་ཀྱིས་གྲོང་ཚོ་གསར་པའི་དུད་ཚང་ཚང་མར“ཉི་མའི་གློག་”བསྐྲུན་པ་མ་ཟད།གྲོང་ཚོ་དེ“ཐཱན་མེད་པའི”འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡོད།
མིག་སྔར་རླུང་ནུས་དང་ཉི་ནུས་གཙོ་བོར་བྱེད་པའི་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཚང་མ་ཆུ་གློག་དང་མེ་ཤུགས་གློག་འདོན་སོགས་སྲོལ་རྒྱུན་གྱི་ནུས་ཁུངས་ལས་བརྒལ་ནས་ནུས་ཁུངས་ཀྱི་གཙོ་ཤུགས་སུ་གྱུར་ཡོད།དཔལ་འབྱོར་མ་ལག་འཛུགས་སྐྱོང་དང་ཐོན་ལས་བཀོད་སྒྲིག་འཕེལ་རྒྱས་གཏོང་བའི་ཁྲོད་མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས“ཐཱན་གཉིས”ཀྱི་རྒྱུགས་ཤོག་ནུས་ཤུགས་ཡོད་རྒུས་བྲིས་པ་རེད།
ཁུངས་དྲ་ཧོ་གསོག་འཇོག་གཞི་གཅིག་ཅན་གྱི་གློག་ཤུགས་མ་ལག་གསར་པའི་དཔེ་སྟོན་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་རྟོག་བཟོའི་གློག་ཁང་ཐོག་མ་དེ་བསྐྲུན་ཟིན་པ་དང་།“ཐཱན་མེད་པའི་གླིང་ཁུལ”ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།འོད་གསོག་རིག་ནུས་གློག་དྲ་ཆུང་གྲས་དང་ནུས་གསོག་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་བཅས་རེད།
འདི་ལོའི་ཚོགས་འདུ་གཉིས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཧྭ་ཅེ་ཡིས་གནད་ལ་འཁེལ་བའི་སྦྲེལ་མཐུད་གསབ་འབྲེལ་གྱི་འབྲེལ་ཐག་ཆེན་པོ་ནས་ས་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཐོན་ལས་མ་ལག་ཧུར་ཐག་གཏོད་རྒྱུའི་ངོ་སྤྲོད་གནང་བ་རེད།ཁོང་གིས“དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ནས་མཚོ་ཤར་གྲོང་ཁྱེར་གྱིས་ལྟེ་བའི་ཁྱུ་ཚོགས་གཏོད་པ་དང་།རྩིས་རྒྱག་ཤུགས་དང་ཚོང་འགུགས་རྒྱ་ཆེར་གཏོང་བ།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་གྲངས་གཞི་ཅན་གྱི་ནུས་པ་དང་རྨང་གཞིའི་ལམ་ལུགས་སོགས་ཐད་ཀྱི‘སྟོབས་ཤུགས་ལྔ’མཉམ་འདོན་བྱས་ཏེ་ལྗང་མདོག་རྩིས་རྒྱག་ཤུགས་ཀྱིས་སྣེ་ཁྲིད་བྱེད་པ་དང་མཚོ་ཤར་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཐོན་ལས་མ་ལག་གཙོ་གནད་ཐོག་སྐྱེད་སྲིང་བྱས་ནས་རིག་ནུས་རྩིས་རྒྱག་འཕྲུལ་འཁོར་ལྟེ་བའི་ཁྱུ་ཚོགས་ཤིག་གཏོད་དགོས”ཞེས་བཤད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་གདོང་ཤང་ཝང་ཐུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པི་ཧྲེང་ལུང་གི་ཕ་ཡུལ་དུ་མཚོ་ལྷོ་ཁུལ་ཡིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས“གཙང་པོ་དང་ཆུ་བོའི་ཆུ་འགོའི་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཚན་རྩལ་གསར་གཏོད་འདེགས་སྐྱོར་དང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་མཐོར་འདེགས་དང་། སྐྱེ་ཁམས་ཞིང་འབྲོག་ལས་འབྱུང་འཕྲོད་གོང་འཕེལ་དཔལ་འབྱོར་འཕར་གཞི་གསར་པ་གསོ་སྐྱོང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱིས་མི་དམངས་ལ་ཕན་པ་ཐོབ་པ་སོགས་བྱ་སྤྱོད་ཆེན་པོ་ལྔ་ཡིས་གསར་གཏོད་འབྲེལ་ཐག་དང་ཐོན་ལས་འཁོར་འབྲེལ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
རྒྱལ་ཁབ་ཀྱི་“ཐཱན་གཉིས་”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་ལྗང་མདོག་དཔལ་འབྱོར་ཕྱོགས་སྒྱུར་བྱ་རྒྱུ་དེ་ལས་རིགས་ཁག་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་གྱུར་ཡོད།མཚོ་སྔོན་གྱིས་དབྱར་མཚོ་རྒྱས་པ་ལྟར་གྱི“ཐཱན་གཉིས”དེ་བས་ཡངས་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།2025ལོར་ཐཱན་མེད་པའི་གླིང་ཁུལ་ནུས་ཆེ་བསྐྲུན་ནས་བསྐྱར་སྐྱེས་ནུས་རྒྱུའི་ཚབ་བྱེད་བྱ་སྤྱོད་ལག་བསྟར་བྱས་ཏེ་རིག་ནུས་གློག་དྲ་ཆུང་གྲས་དང་།ནུས་གསོག་གསར་པ།འོད་དྲོད་གློག་གཏོང་།ལྗང་མདོག་གློག་གཏོང་བཅས་ཀྱི་བྱེད་ཐབས་སྤྱད་དེ།“ཁེ་ལས་གཅིག་ལ་ཐབས་གཅིག”དང“གླིང་གཅིག་ལ་ཐབས་གཅིག”གིས་བསྡུར་ཚད་མཐོ་བའི་གློག་མཁོ་འདོན་ལ་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་གི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་དང་གང་སར་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་ཀྱི་ཐཱན་ཉུང་ལ་བརྩི་བཀུར་བྱེད་པ་དང་སྐྱེ་ཁམས་ཀྱི་དཔལ་ཡོན་དང་འདུ་ཤེས་ལྟ་བ་བསམ་གཞི་ལག་ལེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཡིན།
དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ།
ནུས་རྒྱུ་གཙང་མའི་ཐོན་ལས་ལ་དམིགས་ནས་འཕོ་འགྱུར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆའི་ཕྱོགས་སུ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་བས་མཚོ་སྔོན་གྱིས“ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་ཟུང་དུ་འབྲེལ་བའི”སྤུས་རྟགས་བཏོད་ཡོད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“གྲངས་འཛིན་ལག་རྩལ་དང་བཟོ་སྐྲུན་གྱི་ལེགས་ཆ་དང་ཁྲོམ་རའི་ལེགས་ཆ་ཟུང་འབྲེལ་དེ་བས་ཡག་པོ་བྱས་ནས་དཔེ་དབྱིབས་ཆེན་པོ་རྒྱ་ཁྱབ་ངང་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་།མིས་བཟོས་རིག་ནུས་ལག་ཐོགས་ཁ་པར་དང་གློག་ཀླད།རིག་ནུས་འཕྲུལ་མི་སོགས་རབས་གསར་པའི་རིག་ནུས་མཐའ་སྣེ་དང་དེ་བཞིན་རིག་ནུས་བཟོ་སྐྲུན་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་བསྟན་ཡོད།ལུའུ་ནེང་ནུས་རྒྱུ་གསར་པ(ཚོགས་པ)ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཝུན་གྱིས་སེམས་འགུལ་ཚད་མེད་ཐེབས་ནས“རླུང་བཟང་པོར་བརྟེན་ནས་ང་ཚོས་གཙོ་གནད་རྣམ་གྲངས་ལ་མ་འཇོག་བྱས་ཏེ་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ནན་གྱི་ཆན་ཝ་ཁྲི་100ཡི་འོད་གསོག་གཞི་གཅིག་ཅན་དང་མང་ཡ་ཆན་ཝ་ཁྲི་50ཟིན་པའི་རླུང་གློག་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་དེ་དང་ཆབས་ཅིག་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ནུས་ཁུངས་ཀྱི་ལག་རྩལ་སྒྲིག་ཆས་གལ་ཆེན་རིམ་སྤར་རིམ་འཇུགལ་རོགས་རམ་བྱས་ཏེ་གློག་ལས་ཁོངས་གཏོགས་ཀྱི་དཔེ་གསར་ཚད་ཤིང་དཔེ་སྟོན་བཏོད་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་དེ་ལས་མང་ལྗང་མདོག་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད”ཅེས་གསུངས་པ་རེད།
ལྗང་མདོག་གློག་གཏོང་ཕུན་སུམ་ཚོགས་པ་དང་གནམ་གཤིས་གྲང་ཞིང་སྐམ་ཤས་ཆེ་བ་དང་དྭངས་གཙང་སོགས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ལྗང་མདོག་རྩིས་རྒྱག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་རྒྱག་གློག་གཏོང་མཉམ་ལས་ཚོད་ལྟའི་ཞིང་ཆེན་ཐོག་མ་དེར་གཞོལ་རྒྱུ་རེད།མཚོ་སྔོན་གྱིས་ལྗང་མདོག་གི་རྩིས་རྒྱག་ནུས་པ་སྣེ་ཁྲིད་དུ་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི་ས་ཁུལ་བཞིར་དེ་བས་མདུན་ལམ་ལྡན་པའི་འཐབ་ཇུས་ཀྱི་རྟེན་གཞི་མཁོ་འདོན་བྱས་ཏེ་མཚོ་སྔོན་གྱི་ས་མཐོའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཞིག་རྩོམ་རྒྱུར་སྐུལ་འདེད་བཏང་ཡོད།
མིག་སྔར་མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་རྒྱག་རྟེན་གཞི་འཛུགས་སྐྲུན་ཇུས་གཞི》དང་།《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་རྟེན་གཞི་འཛུགས་སྐྲུན་ལ་ཚན་རྩལ་འདེགས་སྐྱོར་བྱེད་པའི་བྱ་སྤྱོད་ཇུས་གཞི》བཅས་ཁྱབ་བསྒྲགས་བྱས་ནས་རྩིས་རྒྱག་ཤུགས་སྣ་མང་ཅན་དང་།གསོག་ཤུགས་བདེ་འཇགས་བློས་འགེལ་ཆོག་པ།སྐྱེལ་འདྲེན་བྱེད་ནུས་སྤུས་ལེགས་དྲ་སྦྲེལ།རྩིས་རྒྱག་གསོག་འདྲེན་མཐུན་སྦྱོར་འཛུགས་སྐྲུན་བཅས་ཀྱི་ལྗང་མདོག་རྩིས་རྒྱག་ནུས་པའི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།མིག་སྔའི་བར་མཚོ་སྔོན་གྱིས་སྐྲུན་བཞིན་པའི་ཚད་ལྡན་འཕྲུལ་སྒྲོམ་ཁྲི་9.3བསྐྲུན་ནས་ལྡབ་འཕར་བྱུང་བ་དང་།རིག་རྩིས་རིམ་འདས་རྩིས་རྒྱག་གི་གཞི་ཁྱོན་དེ་ལོ་འགོའི་400Pནས་8400Pབར་མང་དུ་ཕྱིན་ཡོད་པ་རེད།
ཐོན་ལས་ལྗང་མདོག་ཕྱོགས་སུ་སྐྱོད་པ་དང་།གསར་དུ་འཕེལ་བ།གྲངས་ཀ་མཉམ་འདྲེས་བཅས་བྱས་ནས་འདི་ལོའི་ལོ་མཇུག་བར་ནུས་རྒྱུ་གཙང་མའི་རྩིས་རྒྱག་དང་།རིག་རྩིས།ཚད་བརྒལ་རྩིས་རྒྱག་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་བརྟེན་པའི་སྣ་མང་ལྗང་མདོག་རྩིས་རྒྱག་ནུས་པ་མཁོ་སྤྲོད་མ་ལག་མཚོ་སྔོན་དུ་ཁྱོན་ཡོངས་ནས་ཆགས་རྒྱུ་རེད།