མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཚོད་ལྟ་ཁང་དང་ཀྲུང་གོའི་ཚོད་ལྟའི་རྟེན་གཞིས་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི“ཚན་རྩལ་གསང་གྲངས”ལ་དབྱེ་ཞིབ་བྱེད་བཞིན་ཡོད་པ་དང་།རྒྱལ་ཁབ་ཀྱི་རྩིས་འཁོར་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་དང་།ཀྲུང་གོ་འཕྲིན་སྦྲེལ་·ཨ་ལི་ཡུན་ཁཱ་ལྗང་མདོག་རྩིས་རྒྱག་ནུས་པ།ཀྲུང་གོ་གློག་འཕྲིན།གསེར་རི་རྩིས་འཁོར་ལྟེ་གནས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འབོར་ཆེན་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱས་ཏེ་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་།ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དུ་བྱེད་པ།ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ནུས་པ་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
ཚན་རྩལ་གྱི“གསར་པའི”སྐུལ་འདེད་ཀྱི་འགྲན་བསྡུར་འགྲན་ལམ་གསར་པ།
འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞིར་ཞབས་འདེགས་ཞུ་རྒྱུར་དམིགས་ནས་མཚོ་སྔོན་གྱི“མིང་བྱང་འདོན་པ་དང་དམག་སྤྱི”ཡི་རྣམ་གྲངས་དང་པོ“ཚྭ་མཚེའུ་རྙིང་པའི་ཚྭ་མེད་ཁིལ་རྨེ”གྲ་སྒྲིག་བྱས་ནས་ཆུ་འདོན་གྱི་ཉིང་བཅུད་དང་འབྱར་ངོས།ཆུ་འདོན་གྱི་ཐེག་ཚད་དམའ་བ།རྒྱུ་ཆ་འདྲེས་སླ་བ།ཆུ་འདུས་ཚད་མཐོ་བ་སོགས་ཀྱི་ལག་རྩལ་དཀའ་གནད་བསལ་ནས་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་ཁིལ་འགྱུར་མཱེ་ཆུ་འདོན་གྱི་འཛམ་གླིང་གི་དཀའ་གནད་དེ་གྲུབ་འབྲས་ཐོབ་པའི་ངང་ཚད་བརྒལ་བྱུང་བ་དང་འབྲེལ་ཐག་གཅོད་བྱས་པ་རེད།
རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་མཐོ་ས་གཏོད་རྒྱུར་དམིགས་ནས་ནུས་རྒྱུ་མང་བའི་གློག་ཤུགས་མ་ལག་གསབ་རེས་མཐུན་སྦྱོར་བཀོད་གཏོང་དང་ཚོད་འཛིན་གྱི་འགག་རྩའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱས་ཏེ་འབྱུང་ཁུངས་དྲ་དངོས་གསོག་འཇོག་གཞི་གཅིག་ཅན་གྱི་མཐུན་སྦྱོར་ཚོད་འཛིན་དང་གློག་དྲ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བྱས་ནས་གྲུབ་འབྲས་དེ་མཚོ་སྔོན་དང་།ཤིན་ཅང་།ཀན་སུའུ།ཉིང་ཞ།ཧྲན་ཏུང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོར་ཁྱབ་གདལ་བཏང་ཡོད།
རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་གྱིས་ཆ་འཕྲིན་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་བྲག་ཕུག་དགོན་སོགས་སྲོལ་རྒྱུན་རིག་དངོས་དང་དེ་བཞིན“འབར་མདེལ་གཉིས་དང་སྲུང་སྐར་གཅིག”རྟེན་གཞིའི་གསར་བརྗེའི་རིག་དངོས་གྲངས་འཛིན་ཅན་སྲུང་སྐྱོང་དང་ལག་རྩལ་དཔེ་སྟོན་བྱས་ཏེ་རིག་དངོས་ལ་ཡུན་རིང་གྲངས་འཛིན་ཆ་འཕྲིན་ཡིག་ཚགས་སྤྲད་པ་རེད།
ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་གྱིས་རང་བརྟེན་འདེམས་གསོ་བྱས་པའི་མཚོ་སྔོན་རྒྱུད་འདྲེས་པད་ཁ་ཨང་5པ་དང་12པ་རྒྱལ་ཁབ་ཀྱི་ཁྱབ་གདལ་དཀར་ཆག་ནང་ཚུད་པ་དང་།མཚོ་སྔོན་ཞོག་ཁོག་ཨང་9པས་མུའུ་རེའི་ཐོན་ཚད་རྒྱ་མ་ཁྲི་ལས་བརྒལ་བའི་རྒྱལ་ནང་གི་མུའུ་རེའི་ཐོན་ཚད་ཟིན་ཐོ་གསར་པ་བཏོད་པ་མ་ཟད།རྒྱལ་ཡོངས་ཀྱི་ཞོག་ཁོག་ཁྱབ་གདལ་རྒྱ་ཁྱོན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།
མཚོ་སྔོན་དུ་ཚན་རྩལ་གསར་གཏོད་ནི་ལེགས་ཆ་ལྡན་པའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་རེད།ཚན་རྩལ་གྱི“གསོན་ཤུགས”ལ་བརྟེན་ནས་ཐོན་ལས་ཀྱི་“ས་རྒྱུ་གཤིན་པོར་”གཏོང་བ་དང་།མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་པ།ཚན་རྩལ་ཞིབ་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ཕྱོགས་གཉིས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
2024ལོར་མཚོ་སྔོན་གྱི་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་དང“ཆེད་ལས་དང་།སྤུས་ལེགས།ཁྱད་ལྡན”བཅས་ཀྱི་ཁེ་ལས་194དང་157སོ་སོར་ཟིན་ཡོད།ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྒྱུན་མཐུད་ངང་འཕར་བ་དང་།མཚོ་སྔོན་གྱི་ཞོག་ཁོག་ཨང་9པས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་6508ཟིན་པའི་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་།ཆུ་མེད་ཁིལ་མཱེ་བཟོ་བའི་བྱ་ཐབས་གསར་པ་སོགས་ཚན་རྩལ་གྲུབ་འབྲས་ཁག་གཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།ཞིང་ཆེན་ཕྱི་རོལ་དུ་བཙུགས་པའི་མཚོ་སྔོན(པེ་ཅིང)ཚན་རྩལ་གསར་གཏོད་རྟེན་གཞི་ཐོག་མ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་མཚོ་ལྷོ་ཁུལ་ཡི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་གྱི་ཨང་དང་པོར་སླེབས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་།དཔེ་དབྱིབས་གསར་པ།སྒུལ་ནུས་གསར་པ་བཅས་སྐྱེད་ཐུབ་པ་དང་།སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་ཡིན་”ཞེས་བསྟན་ཡོད།
མཚོ་སྔོན་གྱིས་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་བཀོལ་སྤྱོད་ཀྱི“ཕྱོགས་གཉིས་འཕུར་ཡུལ”གཏོད་པ་དང་།སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ།རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད།དུས་མཚུངས་སུ་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་དང་།འཆར་གཞི་དོ་དམ།གདེང་འཇོག་ལྟ་སྐུལ།གྲུབ་འབྲས་སྤོ་སྒྱུར་སོགས་ཀྱི་ལམ་ལུགས་བསྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་།ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ།འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་གི་དཀའ་གནད་སྒྲོལ་བ།ཚན་རྩལ་གྱི་མེ་ཏོག་དང་ཐོན་ལས་ཀྱི་འབྲས་བུ་སྔར་ལས་མང་བ་གསོ་སྐྱོང་བཅས་བྱ་དགོས།
ཚན་རྩལ་གསར་གཏོད་ཀྱི་“ལེ་དབར་སྟོང་གི་རྟ་”དེ་བས་མང་བ་ས་མཐོའི་ས་གཞི་ཆེ་མོར་འགྲན་རྩོད་ངང་ཐོན་པ་དང་རང་ནུས་གང་ཡོད་བཏོན་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་སྒྲིག་སྦྱོར་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་འགྲན་ལམ་ཐོག་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་མྱུར་ཚད་མགྱོགས་སུ་བཏང་ཡོད།
“ས་ཁུལ་བཞི”ཞེས་པའི་ལེའུ་གསར་པར་རྣམ་པ་གསར་པ་མངོན་པ།
ཟླ་2ཚེས་26ཉིན་ཚྭ་འདམ་གཤོང་སའི་ན་གོར་མའི་ཏུང་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ལས་འགོ་ཚུགས་པ་རེད།རྣམ་གྲངས་དེས་ཟིན་ཐོ་མང་པོ་བཏོད་ཡོད།དེ་ནི་མིག་སྔར་རྒྱལ་ནང་གི་འཆར་འགོད་འཛུགས་སྐྲུན་གྱི་ཤོང་ཚད་ཆེ་ཤོས་དང་།མ་དངུལ་འཇོག་གྲངས་ཆེ་ཤོས།ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས།ས་བབ་མཐོ་ཤོས་བཅས་ཀྱི་འགྱུར་མཚམས་ལས་བརྒལ་བའི་མེ་ཤུགས་གློག་འདོན་རྣམ་གྲངས་ཀྱི“ཧྲ་ཀེ”ནུས་རྒྱུ་གསར་པ་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཤིག་ཡིན་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་དཔལ་འབྱོར་སྒར་ཁུལ་གྱི་ནུས་རྒྱུ་གསར་པའི་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཐོག་མ་དེའང་རེད།
རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་དཔལ་འབྱོར་སྒར་ཁུལ་ལས་བརྒལ་བའི་དམིགས་བསལ་གློག་ཆེན་ཕྱིར་གཏོང་བགྲོད་ལམ་ཐོག་མ་སྟེ“མཚོ་སྔོན་དང་ཀུའེ་ཁུལ་དབར་གྱི་ཐད་རྒྱུག”གི་དམིགས་བསལ་གློག་ཆེན་ཐད་རྒྱུག་གློག་གཏོང་བགྲོད་ལམ་བརྒྱུད་ཀོང་ཤིས་སུ་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་365ཙམ་གཏོང་ཐུབ་པ་དེ་ཀོང་ཤིས་ཀྱི་2024ལོའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་14%དང་མཚུངས་ཀྱི་ཡོད།
མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱིས་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་ནས་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཐབས་ལམ་ཞིག་ཏུ་བརྩིས་ནས་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
2024ལོ་ནི་ནུས་ཤུགས་ཡོད་རྒུས་ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་རེད།ཅ་ལུད་ཏུན་ཁྲི་749དང་ཐཱན་སྐྱུར་ལི་ཏུན་ཁྲི་13.5ཐོན་སྐྱེད་བྱས་ནས་སོ་སོར་4.8%དང་22.3%འཕར་ཡོད།རྒྱལ་ནང་གི་བཟའ་བཅའ་ཏུན་ཁྲི་རིམ་པའི་དབྱང་འགྱུར་མཱེ་རྣམ་གྲངས་ཆེ་ཤོས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུ་གསར་པའི་ཐོན་ལས་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
2024ལོ་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གསོག་འཇོག་བྱེད་པའི་ལོ་ཞིག་རེད།གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་7100ལས་བརྒལ་བ་དང་།ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱིས་94.6%དང་70%སོ་སོར་ཟིན་ནས་རྒྱལ་ཡོངས་ཀྱི་སྔོན་ལ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་དང་གློག་གཏོང་ཚད་ཀྱི“གཙོ་གཟུགས་གཉིས”བཟུང་ཡོད་པ་རེད།
2024ལོ་ནི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ཞིག་རེད།མཛེས་ལྗོངས་ཁུལ་12ཀྱིས་ལམ་ཐིག་གཅིག་ཏུ་སྦྲེལ་ནས“ཕུགས་འདུན་གྱི་མཚོ་སྔོན”ཞེས་པའི་ཡུལ་སྐོར་སྐོར་ལམ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་གྱོད་དཔེ་ནང་ཚུད་པ་དང་ཡུལ་སྐོར་མི་གྲངས་དང་ཡོང་འབབ་གཉིས་ཀ་20%འཕར་ཡོད་པ་རེད།
2024ལོ་ནི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་ཞིག་རེད།སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་མུའུ་དུང་ཕྱུར་3ལས་བརྒལ་བ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཁ་130ལྷག་ཙམ་ཤང་ཀང་དུ་མཁོ་འདོན་བྱས་པས“མཚོ་སྔོན་གྱི་སན་ཝུན་ཉ”ཡི་སྤྱི་པའི་སྤུས་རྟགས་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་ཕྱིར་གཏོང་བྱེད་ཚད་ལྡབ་12འཕར་ཡོད།
འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཚྭ་མཚེའུ་ཐོན་ལས་ཁྱུ་ཚོགས་ནུས་ཤུགས་ཡོད་རྒུས་གཏོད་པ་ནས་འབྱུང་ཁུངས་དང་དྲ་དངོས་གསོག་གཞི་གཅིག་ཅན་གྱི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་པའི་བར།“རི་རྫོང་གི་ཆུ་ཁུངས་མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་སྤུས་རྟགས་སྔར་བས་མང་བ་རྒྱལ་ཡོངས་སུ་ཁྱབ་པ་དང་འཛམ་གླིང་ལ་སྐད་གྲགས་ཆོད་པའི་བར་མཚོ་སྔོན་གྱི་ཐོན་ལས་ལ“ས་ཁུལ་བཞི”འཛུགས་སྐྲུན་ཐད་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད་པ་རེད།
ཐོན་ལས“ས་ཁུལ་བཞི”ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་ལ་རྣམ་པ་གསར་པ་དང་ཕན་འབྲས་གསར་པ་ཐོན་ཡོད།ཉེ་བའི་ལོ་ཤས་རིང་།ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་སྔོན་གྱིས“གནམ་ཆུར་བརྟེན་ནས་འཚོ་བ་སྐྱེལ་རྒྱུ”གདམ་ག་བྱས་མེད་པར་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང“ཡུལ་སྐོར+”དང“ཡུལ་སྐོར་ཟུང་འབྲེལ”ལ་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་ཕུན་སུམ་ཚོགས་སུ་བཏང་ཡོད།ལྷག་པར་དུ“མཚོ་སྔོན་གྱི་རིམ་འདས་མཉམ་འགྲན”གྱི་འགྲན་བསྡུར་IPགཏིང་ཟབ་བཏོད་དེ“ཞིང་ལས་རིག་གནས་ཡུལ་སྐོར་ཚོང་པའི”ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱིས་གཞུང་དྲང་གསར་གཏོད་དང་།སྤུས་ཚད་མཐོར་གཏོང་།མཉམ་འདྲེས་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ“ཞིང་ལས་རིག་གནས་ཡུལ་སྐོར་ཚོང་པས”རྣམ་པ་གསར་པ་དང་ཕན་འབྲས་གསར་པ་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ཐོན་ལས“ས་ཁུལ་བཞི”གཏོད་པའི་ལམ་བུའི་ཐོག་མཐོ་སྣེ་ཅན་དང་།ལྗང་མདོག་ཅན།རིག་ནུས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་པས་མཚོ་སྔོན་ལ་མདུན་ལམ་ཆེན་པོ་ལྡན་ངེས་རེད།
ལྗང་མདོག་གིས་འབྱུང་འགྱུར་གསར་པར་ལྟ་བའི་རྦ་རླབས་འཕྱུར་བཞིན་ཡོད།
ཟླ་1ཚེས་16ཉིན་ཀྲུང་གོ་འཕྲིན་ཐུང་ཨ་ལི་ཡུན་དབན་ཁཱ་ལྗང་མདོག་རྩིས་རྒྱག་རྣམ་གྲངས་ཀྱིས་འོད་སྣང་སྦྱིན་པ་དེ་ནི་མཚོ་སྔོན་གྱིས་རང་བརྟེན་ཚོད་འཛིན་ཐུབ་པའི་གཞི་ཁྱོན་ཆེ་བའི་རིག་ནུས་རྩིས་རྒྱག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཐོབ་པའི་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཤིག་རེད།
2024ལོར་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གྲངས་གཞི་ཅན་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ་ལྗང་མདོག་གི་རྩིས་རྒྱག་ནུས་པ་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ནས་ལྗང་མདོག་གློག་གཏོང་ནུས་ཀྱི་གསར་དར་ཐོན་ལས་གཅིག་སྡུད་ཅན་གྱི་འཕེལ་རྒྱས་དང་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་སྟོབས་ཆེར་བཏང་ནས་ལྗང་མདོག་གློག་རྩིས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཤོས་དང་།ལེགས་ཆ་ཆེ་ཤོས།མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པར་གྱུར་ཡོད།
ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད་མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ནུས་པའི་ཁྱབ་ཁོངས་ཀྱི་གྲུབ་འབྲས་རེའུ་མིག་སྤྲད་པ་སྟེ།པེ་ཅིང་དང་།ནན་ཅིང་།ཧྲེན་ཀྲེན་བཅས་སུ་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས་ཨ་ལི་དང་།པེ་ཏུའུ།ཅིང་ཏུང་།ཅིན་ཧྲན།360ཁོའོ་ཏ་ཤིན་ཧྥེ་སོགས་མགོའི་ཁེ་ལས་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་དེ་བཙུགས་པ།རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ལྟེ་གནས་དང་།རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པས་མཉམ་སྐྲུན་བྱས་པའི་གོ་ལ་ཧྲིལ་པོའི་“རང་འགུལ་ངང་གསོག་ཉར་དང་རང་གིས་རང་ལ་འགན་བཅོལ”གྱི་ལྗང་མདོག་གློག་དྲ་ཆུང་གྲས་ཀྱི་དབན་གཱ་རྩིས་རྒྱག་ལྟེ་གནས་ཀྱི་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ལག་ལེན་བསྟར་འགོ་ཚུགས་པ་དང་སྐྲུན་བཞིན་པའི་ཚད་ལྡན་འཕྲུལ་སྒྲོམ་ཁྲི་9.3བསྐྲུན་ནས་ལྡབ་འཕར་ཏེ་རིག་ནུས་རྩིས་རྒྱག་གི་གཞི་ཁྱོན་དེ་ལོ་འགོའི་400Pནས་8400Pབར་མང་དུ་ཕྱིན་ཡོད་པ་རེད།
“ལྗང་གློག་”དེ་“ལྗང་རྩིས་”སུ་བསྒྱུར་ནས་ལྗང་མདོག་གི་རྩིས་རྒྱག་ནུས་པར་བརྟེན་ནས་སྤུས་ཚད་གསར་པའི་འབྱུང་འགྱུར་གཏོད་དགོས།མཚོ་སྔོན་གྱིས་ལྗང་མདོག་གློག་གཏོང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་གསར་གཏོད་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པ་མ་ཟད་གསར་གཏོད་ནུས་པ་ཆེན་པོ་ལྡན་པ་ཞིག་རེད།360ཚོགས་པའི་སྲོལ་གཏོད་པ་དང་ཏུང་ཧྲི་ཀྲང་ཁུལ་ཧུང་ཀྲེང་གིས་གདེང་འཇོག་དེ་བྱས་པ་དང་།མཚོ་སྔོན་གྱིས་བཏོད་པའི་འགྲན་ལམ་གསར་པ་དེ་ནི་མཚོ་སྔོན་གྱིས་འཛམ་གླིང་གི་དཀའ་གནད་སེལ་ཆེད་བཏོན་པའི“སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་ཇུས་གཞི”ཞིག་རེད།ལོ་གཅིག་ཚུན་གྱི་གྲུབ་འབྲས་ལས“མཚོ་སྔོན་གྱི་བློ་གྲོས་ཀྱིས་ཁེངས་པའི་”འཕེལ་རྒྱས་ཇུས་གཞིའི་ཚན་རིག་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ར་སྤྲོད་ཐུབ་ཡོད་ལ།ལྗང་མདོག་རྩིས་རྒྱག་མཐུན་སྦྱོར་གྱི་འཕེལ་རྒྱས་མདུན་ལམ་ཡངས་པོ་ཡང་མངོན་ཡོད་པ་རེད།
ལྗང་མདོག་གློག་ལ་རྩིས་རྒྱག་ཤུགས་འཕྲད་པ་ནི་ཕྱོགས་གཉིས་སུ་བསྐྱོད་ཐེངས་ཤིག་ཡིན།ཆུ་མང་བ་དང་།འོད་ཆེ་བ།རླུང་ལེགས་པ།ས་རྒྱ་ཆེ་བ།ས་བབ་མཐོ་བ་དང་འཕྲེད་ཐིག་མཐོ་བ།གནམ་གཤིས་གྲང་ཞིང་སྐམ་ཤས་ཆེ་བ་བཅས་ཡིན་པས་ལོ་རེར་ཆ་སྙོམས་PUEརིན་ཐང་(གློག་ནུས་བེད་སྤྱོད་ལས་ཕྱོད)1.2མན་ཡིན་པ་དང་ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་དེ་དག་གིས་མཚོ་སྔོན་འདི་ཉིད་གྲངས་གཞི་ཆེན་པོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རང་བྱུང་གྲུ་ཁ་བཟང་པོ་ཞིག་ཏུ་གྱུར་ཡོད་པ་རེད།མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱུན་ཆད་མེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྗང་མདོག་ནུས་རྒྱུ་དང་ཁ་འབྲལ་ཐབས་མེད་པ་དེ་ནི་མཚོ་སྔོན་གྱི་ལེགས་ཆ་གནས་ས་དེ་རེད།དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་བཏང་བ་དེས་མཚོ་སྔོན་གྱིས་ལྗང་མདོག་གི་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱལ་ཁ་ལེན་པའི“འགག་རྩའི་དམག་འཐབ”ཡག་པོ་རྒྱག་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད།མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ཐོན་ལས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ལྷན་བཙུགས་ནས་ཐོན་ལས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱས་པ་མ་ཟད།ད་དུང་སྲིད་ཇུས་བྱེད་ཐབས་དང་ས་གནས་ཀྱི་ཚད་གཞི་རབ་དང་རིམ་པ་བཟོས་ནས་ཇུས་གཞི་དང་།བྱ་ཐབས།ཚད་གཞི་བཅས་གཞི་གཅིག་ཏུ་འདུས་པའི་སྲིད་ཇུས་མ་ལག་རགས་ཙམ་བཙུགས་ཡོད།སྲིད་ཇུས་དེ་དག་ནང་ལྗང་མདོག་རྩིས་རྒྱག་རྟེན་གཞི་འཛུགས་སྐྲུན་དང་།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད།ནུས་རྒྱུ་འགན་ལེན།ཚན་རྩལ་གསར་གཏོད།ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐད་ལ་ཁྱབ་ནས་ཐོན་ལས་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད།
མཚོ་སྔོན་ནི“རྒྱང་ཐག་རིང་བའི་ས་ཆ་དེར་ཡོད”ཀྱང་འཛམ་གླིང་དང་འབྲེལ་བ་ཡོད།ལྗང་མདོག་རྩིས་རྒྱག་གློག་གཏོང་གི“ཕྱོགས་གཉིས་སུ་བསྐྱོད་པ”དང་།དངོས་ཚན་དཔལ་འབྱོར།གྲངས་འཛིན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི“གྲངས་འབོར”དང་བསྟུན་ནས་མདུན་སྐྱོད་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་“གྲངས་གཞིའི་འབྱུང་འགྱུར”ཕྱོགས་སུ་བསྐྱོད་ཡོད།