[ཡིད་ཆེས་བརྟན་པོ། དངོས་སྒྲུབ་སྔོན་བརྩོན།]མཚོ་སྔོན་གྱིས་ལྗང་མདོག་ནུས་རྒྱུ་དང་གྲངས་གཞི་ལས་ཐཱན་ཉུང་གི་པར་རིས་གསར་པ་མཉམ་དུ་འབྲི་རྒྱུ་ཡིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་དུ་ས་མཐོར་གནས་པའི་ས་གཞི་ཆེན་པོ་དེ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཙམ་མ་ཟད།ནུས་རྒྱུ་གཙང་མའི་བང་མཛོད་ཀྱང་ཡིན།ཉི་ནུས་དང་།རླུང་ནུས།ཆུ་ནུས།ས་འོག་ཚ་ནུས་སོགས་ཐོན་ཁུངས་སྣ་མང་གཅིག་སྡུད་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད།ནུས་རྒྱུ་གཙང་མའི་མ་གནས་དམའ་བ་དེ་ཁེ་ལས་ཀྱི་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བའི་སྒྲ་གདངས་བཟང་པོར་གྱུར་ནས་ཁེ་ལས་འབོར་ཆེན་ཞིག་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

“ཐཱན་གཉིས”ཀྱི་དམིགས་ཚད་ལག་ལེན་བསྟར་བའི་རྒྱང་སྐྱོད་ལམ་བུའི་ཐོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མཚོ་སྔོན་གྱི་བཟོ་ལས་ཀྱིས་ནུས་རྒྱུ་ཟད་གྲོན་ཆེ་བའི་ཐོན་ལས་གཙོ་བོར་བྱེད་པའི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ་བསམ་བློ་དང་ལག་རྩལ་གསར་ཤོས་ལ་བརྟེན་ནས་གློག་ཤུགས་གྲངས་གཞིའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གསར་གཏོད་ལམ་བུའི་ཐོག་བསྐྱོད་ཡོད།

ལྗང་མདོག་གློག་ཤུགས་ཀྱིས་སྤུས་ཚད་གསར་པའི་རྩིས་རྒྱག་ནུས་པ་དང་ལག་གདང་སྦྲེལ་ནས་ཐཱན་ཉུང་གི་ལེའུ་གསར་པ་གཏོད་འགོ་ཚུགས་པ།

ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་པ་བཀོད་གཏོང་ལྟེ་གནས་ཀྱི་ཚོམས་ཆེན་གྱི་བརྙན་ཤེལ་ཐོག་དུས་ཐོག་ཏུ་མཆོང་སྐྱོད་བྱས་པའི་གྲངས་གཞི་ལས་ཞིང་ཆེན་ཡོངས་ཀྱི་རླུང་གློག་དང་།འོད་གློགཆུ་གློག་སོགས་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙོ་བོར་སྤྱོད་པའི་ཁེ་ལས་ཀྱི་ནུས་རྒྱུ་ཟད་གྲོན་འགྱུར་ལྡོག་འགྲོ་ཚུལ་མངོན་ཡོད་པ་རེད།ལས་དོན་མི་སྣ་ཝང་ཅུན་ཡེ་ཡིས་ནུས་རྒྱུ་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས་བརྒྱུད་ཞིང་ཆེན་ཡོངས་ཀྱི་ཐཱན་འབུད་གཏོང་གནས་ཚུལ་ལ་དྲ་ཐོག་ནས་ལྟ་ཞིབ་ཚད་ལེན་དང་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་བཞིན་ཡོད་པ་རེད།

“‘ས་ཁོངས་ཡོངས་ཀྱི་ཟུར་ཚད་མང་བའི་ནུས་རྒྱུ་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས’ནི་ང་ཚོའི་ལྟེ་གནས་ཀྱི་ལྟེ་བའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་པས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་ཆེ་བའི་ཁེ་ལས་དེ་ནུས་རྒྱུ་དང་འགྲིམ་འགྲུལ་སོགས་རིགས་ཁག་7ལ་དབྱེ་ཆོག་པ་དང་རིགས་མི་འདྲ་བའི་ཁེ་ལས་ཀྱི་ཁྱད་ཆོས་ལ་དམིགས་ནས་ང་ཚོས་ནུས་རྒྱུ་ཟད་གྲོན་སྒྲིག་ཆས་ཀྱི་ལས་ཕྱོད་དང་ནུས་རྒྱུ་གཙང་མའི་འཇལ་ཚད་སོགས་དམིགས་ཚད་གདེང་འཇོག་དཔེ་དབྱིབས་36སོ་སོར་བཟོས་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཞིབ་ཚགས་ཐུབ་ཡོད”ཅེས་མཚོ་སྔོན་ལྗང་ནུས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཕང་ཀོང་མིང་གིས་བཤད།

2024ལོ་ནི་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་འགོ་ཚུགས་ལོ་ཞིག་རེད།མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་འཛད་སྤྱོད་ཀྱི་རྣམ་པ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་ནུས་རྒྱུ་ཟད་གྲོན་དོ་དམ་ཐད་གྲངས་གཞིའི་འདེགས་སྐྱོར་མེད་པ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད།2024ལོའི་ཟླ་8པར།《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་རྒྱག་གློག་གཏོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་བཞིའི་མཆན་བཀོད་བཀའ་ལན་གྱི་ཁས་ལེན་ཐོབ་ནས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་གློག་ཤུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་།རྩིས་རྒྱག་མཐུན་སྦྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ལ།རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ལྗང་མདོག་གློག་གཏོང་མཐུན་སྦྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་གོ་སྐབས་བཟང་པོ་བཏོད་ཡོད་པ་རེད།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་གོ་སྐབས་དམ་འཛིན་བྱས་ཏེ་གྲངས་གཞི་ཅན་གྱི་ནུས་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྔར་ཡོད་ཀྱི་མཚོ་སྔོན་གྱི་ནུས་རྒྱུའི་གྲངས་གཞི་ཆེ་མའི་ལྟེ་གནས་ཀྱི་རྨང་གཞིའི་ཐོག་རྒྱལ་ནང་གི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་དེ་རིམ་སྤོར་བྱས་ནས“གློག་ཤུགས་དང་རྩིས་རྒྱག་ནུས་ཟུང་དུ་འབྲེལ་བའི”མཉམ་འདྲེས་བཀོད་གཏོང་བྱེད་སྟངས་གསར་གཏོད་བྱས་པས་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ལྗང་མདོག་གློག་རྩིས་མཉམ་འདྲེས་ལས་སྟེགས་དང་དཔེ་སྟོན་དཔེ་མཚོན་ཞིག་ཆགས་ཡོད་པ་རེད།ཀུང་སི་དེས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་།ཞིང་ཆེན་བསྡོམས་རྩིས་ཅུས།ཞིང་ཆེན་ནུས་རྒྱུ་ཅུས་སོགས་སྲིད་གཞུང་སྡེ་ཚན་དང་མཉམ་དུ་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་དམ་ཟབ་བཙུགས་ནས་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་སུ་ནུས་རྒྱུ་ཟད་གྲོན་གྱི་འཚོལ་བསྡུའི་མཐའ་སྣེ་རྒྱ་ཁྱབ་ངང་སྒྲིག་སྦྱོར་བྱས་པ་དང་མཐའ་སྣེ་དེ་དག་ཁེ་ལས་ཀྱི་ཐོན་སྐྱེད་ལྷུ་ཚིགས་ཁག་ཏུ་བསྐྱོད་དེ་སྒྲིག་ཆས་འཁོར་སྐྱོད་དང་ནུས་རྒྱུ་ཟད་གྲོན་སོགས་ཀྱི་གྲངས་གཞི་དུས་ཐོག་ཏུ་འཚོལ་བསྡུ་བྱས་ཡོད།ཁེ་ལས་ཀྱི་བཟོ་ལས་ཚོད་འཛིན་མ་ལག་གི་མཐུད་ཁ་དང་སྲིད་གཞུང་གི་ཆ་འཕྲིན་མ་ལག་གི་གྲངས་གཞི་འབྲེལ་མཐུད་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་སོལ་གློག་སྣུམ་རླངས་ཐོན་མཁོ་ཚོང་གི་སྤྱི་ཁོག་གྲངས་གཞི་དང་གློག་གཏོང་དང་།ལག་ཁྱེར་ལྗང་མདོག་ཉོ་ཚོང་སོགས་ཕྲ་མཐོང་གྲངས་གཞི་གཅིག་སྡུད་བྱས་ཡོད།

མིག་སྔར་གྲངས་གཞི་ཆེན་པོའི་སྣོན་འཛིན་ལ་བརྟེན་ནས“ས་ཁོངས་ཡོངས་ཀྱི་ཟུར་ཚད་མང་བའི་ནུས་རྒྱུ་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས”ཀྱིས་ནུས་རྒྱུ་ཟད་གྲོན་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་།ནུས་རྒྱུ་སྤྱོད་པའི་གདེང་འཇོགནུས་རྒྱུའི་གྲངས་གཞི་ཆེན་པོའི་དབྱེ་ཞིབ་སོགས་ཞབས་ཞུའི་ནུས་པ་ཁག་38གཅིག་སྡུད་བྱས་ཡོད།“ང་ཚོས་ཟླ་རེར་ནུས་རྒྱུ་ཟད་གྲོན་གྱི་སྙན་ཐོའི་རེའུ་མིག་བཟོས་ནས་ཞིང་ཆེན་ཡོངས་ཀྱི་འབྲུ་རྡོག་མང་ཉུང་དང་ཟུར་ཚད་མང་བའི་ནུས་རྒྱུ་ཟད་གྲོན་གྱི་པར་རིས་བརྒྱུད་རིམ་ལྡན་པའི་ངང་བཀོད་དེ་སྲིད་གཞུང་གིས་ཚོད་འཛིན་དང་ཟད་གྲོན་ཆུང་དུ་གཏོང་རྒྱུར་གྲངས་གཞིའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད”ཅེས་མཚོ་སྔོན་ལྗང་ནུས་གྲངས་གཞི་ཚད་ཡོད་ཀུང་སིའི་ཁྲོམ་ར་གཉེར་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཀུའོ་ཧྲུའུ་ཧྥུང་གིས་བཤད།

མཚོ་སྔོན་གྱིས་ལྗང་མདོག་གློག་གཏོང་ཕུན་སུམ་ཚོགས་པ་དང་།གནམ་གཤིས་གྲང་ངར་ཆེ་བ།སྐམ་ཤས་ཆེ་བ་དང་དྭངས་གཙང་སོགས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ལྗང་མདོག་གི་རྩིས་རྒྱག་ནུས་པ་གཅིག་ཏུ་བསྡུས་ཏེ་ལྗང་མདོག་རྩིས་རྒྱག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་གཏོད་རྒྱུ་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་རྒྱག་གློག་གཏོང་མཐུན་སྦྱོར་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར་ཡོད་པ་རེད།

གནད་སྨིན་ཞིབ་རྩིས་དང་རིག་ནུས་དོ་དམ་བྱས་ནས་ཐཱན་ཉུང་གི་སྣོད་བཅུད་གསར་པར་རམ་འདེགས་བྱས་པ།

“ང་ཚོའི་ལས་དོན་མི་སྣས‘རིག་ནུས་བཟོ་ལས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་དོ་དམ’མ་ལག་ནང་ཞུགས་ནས་ཐོན་སྐྱེད་སྒྲུབ་རིམ་ཧྲིལ་པོའི་གློག་ཤུགས་དང་རྡོ་སོལ་ཟད་གྲོན་སོགས་ཀྱི་གྲངས་གཞིར་དུས་ཐོག་ཏུ་ལྟ་ཞིབ་བྱས་ནས་ང་ཚོས་ཐོན་སྐྱེད་བརྒྱུད་རིམ་གྱི་ནུས་རྒྱུ་ཟད་གྲོན་ལ་ཞིབ་ཚགས་ཅན་གྱི་དོ་དམ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད”ཅེས་མཚོ་སྔོན་ཧོང་གྲོང་ཅིན་ཡོན་ཨར་འདམ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འགན་འཁུར་བ་དབྱང་ཚུན་ཤིས་ཀྱིས་བཤད།

མཚོ་སྔོན་ཧོང་གྲོང་གསེར་ཡོན་ཨར་འདམ་ཚད་ཡོད་ཀུང་སིས་སྔ་ཙམ་བཀོད་སྒྲིག་དང་བེད་སྤྱོད་བྱས་པ་དེ་དྭངས་གཙང་ནུས་རྒྱུ་དང་ལྗང་མདོག་ནུས་རྒྱུ་བཀོད་གཏོང་ལྟེ་གནས་ཀྱིས“ས་ཁོངས་ཡོངས་ཀྱི་ཕྱོགས་མང་ནུས་རྒྱུ་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས”ཀྱི་ནུས་པའི་ཐད་གསར་སྤེལ་དང་སྤྱོད་འགོ་ཚུགས་པའི“རིག་ནུས་བཟོ་ལས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་ཕན་འབྲས་དོ་དམ”མ་ལག་གི་ཁེ་ལས་ཀྱི་གྲས་ཤིག་ཡིན་པས་རྒྱུན་གཏན་གྱི་ཐོན་སྐྱེད་ནུས་རྒྱུའི་ཕན་འབྲས་རང་བརྟེན་དོ་དམ་ཐུབ་པ་བྱ་རྒྱུ་རེད།“གྲུབ་པའི་ནུས་ཁུངས་ཟད་གྲོན་གྱི་དམིགས་ཚད་གཙོ་བོར་གཞིགས་ནས་ང་ཚོས་ཐོན་སྐྱེད་སྒྲུབ་རིམ་རེ་རེའི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བསྡུར་དང་དབྱེ་ཞིབ་ཞིབ་ཚགས་བྱས་ཏེ་བཟོ་རྩལ་གྱི་བླང་བྱ་དང་།སྒྲིག་ཆས་བཀོལ་སྤྱོད།མི་སྣ་དོ་དམ་སོགས་ཀྱི་ཐད་ནས་ཐོན་སྐྱེད་འཁོར་སྐྱོད་དོ་དམ་བྱེད་སྟངས་ལེགས་སུ་བཏང་ཡོད”མ་ལག་གི་དངོས་ཡོད་བཀོལ་སྤྱོད་སྐོར་གླེང་སྐབས་དབྱང་ཚུན་ཤིས་ཀྱིས་བསྔགས་བརྗོད་ཡང་ཡང་བྱས།

མིག་སྔའི་བར།མཚོ་སྔོན་ཧོང་གྲོང་ཅིན་ཡོན་ཨར་འདམ་ཚད་ཡོད་ཀུང་སིའི་རྒྱུ་ཆ་ཏུན་རེའི་ཕྱོགས་བསྡུས་ནུས་རྒྱུ་ཟད་གྲོན་ཚད་ལྡན་རྡོ་སོལ་སྟོང་ཁེ་108.04ནས་ཚད་ལྡན་རྡོ་སོལ་སྟོང་ཁེ་106.91བར་དམའ་རུ་བཏང་བ་དང་།རྩིས་གཞིའི་གློག་ཟད་གྲོན་ཡང་དེ་མཚུངས་ཀྱིས་ཆན་ཝ་1.72དམའ་རུ་བཏང་བ།ལོར་ཐོན་སྐྱེད་མ་གནས་སྒོར་ཁྲི་200ལྷག་ཙམ་གྲོན་ཆུང་བྱས་ནས་ཐཱན་ཏུན་ཁྲི་1.5ཆག་ཡོད་པ་རེད།

“ས་ཁོངས་ཡོངས་ཀྱི་ཟུར་ཚད་མང་བའི་ནུས་ཁུངས་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས”ཀྱིས་སྔོན་ཐོན་གྱི་ཚོར་སྐྱེལ་འཕྲུལ་ཆས་ལག་རྩལ་དང་གྲངས་གཞི་དབྱེ་ཞིབ་རྩིས་ཐབས་སྤྱད་དེ་ཁེ་ལས་ཀྱི་ཐཱན་འབུད་གཏོང་ལ་དུས་ཐོག་དང་གནད་སྨིན་གྱི་ལྟ་ཞིབ་ཚད་ལེན་བྱས་ཡོད།ཁེ་ལས་ཀྱི་ཐོན་སྐྱེད་བྱེད་རིང་ནུས་རྒྱུ་ཟད་གྲོན་གྱི་གྲངས་གཞི་སྣ་ཚོགས་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཐཱན་འབུད་གཏོང་གི་གྲངས་འབོར་དང་འཕེལ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་རྩིས་བརྒྱབ་སྟེ་ཁེ་ལས་དང་སྲིད་གཞུང་ལ་ཐཱན་འབུད་གཏོང་གི་གྲངས་གཞིའི་གཞི་འཛིན་ས་བློས་འགེལ་ཆོག་པ་ཞིག་མཁོ་འདོན་བྱེད་དགོས།

ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི“འོད་ཤུགས་ལིས་གློག་ཁྲོམ་གཞུང་གཅིག”དང་།ལི་ཧའོ་དང་།ཐེན་ཧོ་འོད་ནུས།ཅིན་ཁོ།པི་ཡ་ཏི།ཐའེ་ཧྥུང་སྔོན་སྐྱོད་སོགས་ཁེ་ལས་ཀྱི་སྐར་ཚོགས་བཀྲམ་ནས་དྭངས་གཙང་ནུས་རྒྱུའི་བཟོ་སྐྲུན་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་རེད།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་དང་ནན་ཁྲོན་བཟོ་ལས་གླིང་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་གླིང་ཁུལ་ཁེ་ལས་ཀྱི་ཐཱན་དོ་དམ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ“ས་ཁོངས་ཡོངས་ཀྱི་ཟུར་ཚད་མང་བའི་ནུས་རྒྱུ་ཟད་གྲོན་ལྟ་ཞིབ་ཚད་ལེན་ལས་སྟེགས”གླིང་ཁུལ་དུ་དྲངས་ནས་ཟླ་རེར་གློག་ཐཱན་ཚོད་རྩིས་བྱས་ཏེ་ཁེ་ལས་ཀྱི་ཐཱན་འབུད་གཏོང་དོ་དམ་གྱི་གནད་སྨིན་ནུས་རྒྱུར་བསྒྱུར་ནས་གླིང་ཁུལ་ཁེ་ལས་ཀྱི་ཐཱན་དོ་དམ་མ་ལག་བརྟན་པོའི་ངང་བསྐྲུན་རྒྱུར་རམ་འདེགས་བྱས་པ་རེད།

ཀུའོ་ཧྲུའུ་ཧྥུང་གིས།“ང་ཚོས་མིག་སྔར་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་ཁེ་ལས་གཙོ་བོ་506ལ་ཆེད་གཏོགས“གློག་ཐཱན་རྩིས་ཁྲ”བཙུགས་པ་དང་ཁེ་ལས་ཀྱི་གློག་དང་ཐཱན་གྱི་དཔེ་དབྱིབས་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཆེ་གྲས་7དང་།གཙོ་གནད་ལས་རིགས་ཆེ་གྲས་5གྲོང་ཁྱེར་དང་ཁུལ་2ཀྱི་ཆུས་དང་རྫོང་44ཡི་གློག་སྤྱོད་མཁན་ཁྲི་160ཐད་ཀར་དང་གཞན་བརྒྱུད་ཐཱན་འབུད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་པ་དང་།2024ལོར་ཁེ་ལས་ལ་ཚན་རིག་དང་མཐུན་པའི་གྲོས་འགོ་བཏོན་པ་དང་ཐཱན་ཏུན་ཁྲི་38ཉུང་དུ་བཏང་བ་རེད།”

གློག་ཐཱན་དངུལ་རྩའི་ལས་སྒོ་གསར་པ་རྒྱ་ཆེར་བཏང་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས།

ཁེ་ལས་ཀྱི་ནུས་རྒྱུ་ཟད་གྲོན་དང་ཐཱན་འབུད་གཏོང་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀྱིས་ལས་སྟེགས་སྔར་བས་སྤྱོད་ཟབ་ཏུ་བཏང་ནས་གློག་ཐཱན་དངུལ་རྩའི་ཁྱབ་ཁོངས་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

ནུས་རྒྱུ་གཙང་མ་དང་།ཐཱན་གཉིས་ཀྱི་དམིགས་ཚད།གྲངས་འཛིན་འཕོ་འགྱུར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་འགོ་འཛུགས་སར་བྱས་ནས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཕྱོགས་བསྡུས་ཁེ་ལས་ཀྱི་ཕྲ་མཐོང་ནུས་རྒྱུ་དང་ཐོན་འབོར་གྲངས་གཞི་དང་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ཤུགས་བཀོད་གཏོང་ལྟེ་གནས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་ཆེད་གཏོགས་དངུལ་ཁང་ཁེ་ལས་ཀྱི་ཐཱན་རྩིས་ཁྲ“གློག་ནུས་དཔེ་དབྱིབས”དང“གློག་ཐཱན་དཔེ་དབྱིབས”སོགས་ཚོད་ལྟའི་ལས་དོན་སྤེལ་བ་མ་ཟད།ཟུར་ཚད་མང་པོའི་ཐོག་ནས་ཁེ་ལས་ཀྱི་ཐཱན་འབུད་གཏོང་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་དངུལ་ཁང་གིས་ཐཱན་འབུད་གཏོང་ལ་ཚོད་སྐོར་

གློག་ཐཱན་གྱི་རྩིས་ཐོ་འཛུགས་སྐྲུན་དང་དངུལ་རྩའི་ཐོན་ཁུངས་མཁོ་སྤྲོད་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་མཉམ་འབྲེལ་གྱིས་དངུལ་རྩའི་སྒྲིག་གཞིས“གློག་དང་ཐཱན་དང་དངུལ་རྩའི”མཉེན་གཤིས་ཚོགས་པ་བཙུགས་པ་དང་།2024ལོའི་ཟླ་10ཚེས་15ཉིན་རྒྱལ་ནང་གི་དངུལ་རྩའི་ཁྱབ་ཁོངས་ཀྱི་གློག་ཐཱན་རྩིས་ཁྲའི་དོ་དམ་ཚད་གཞི་ཐོག་མ་དེ་བཟོས་ནས་བཏོན་པ་དང་།ཐཱན་འབུད་གཏོང་དང་ལྗང་མདོག་གློག་སྤྱོད་པའི་ཟུར་ཚད་གཉིས་ནས་གློག་ཐཱན་རྩིས་ཁྲའི་དམིགས་ཚད་6གཏན་འཁེལ་བྱས་ཏེ་ཐཱན་གྱི་གདེང་འཇོག་མཚོན་རྟགས་བེད་སྤྱོད་དང་།ཐཱན་གྱི་ཚད་གཞི

ཚད་གཞི་དེ་མཚོ་སྔོན་ཞིང་ཆེན་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་གློག་ཤུགས་གྲངས་གཞིའི་གློག་དང་ནུས་རྒྱུ་དབྱེ་ཞིབ་དཔེ་དབྱིབས་དང་།གློག་དང་ཐཱན་དབྱེ་ཞིབ་དཔེ་དབྱིབས།ལྗང་མདོག་གློག་འཛད་སྤྱོད་དབྱེ་ཞིབ་བཅས་ལ་སྤྱད་དེ་ཁེ་ལས་ཀྱི་གློག་ཐཱན་རྩིས་ཁྲ་འཛུགས་སྐྲུན་དོ་དམ་ལས་དོན་སྤེལ་བ་དང་གློག་ཐཱན་རྩིས་ཁྲའི་གྲངས་གཞི་སྤྱད་དེ་ཡིད་རྟོན་དངུལ་བུན་ཐོན་རྫས་དང་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱ་རྒྱུར་སྤྱོད་རྒྱུ་རེད།ཁེ་ལས་ཀྱི་ཐཱན་འབུད་གཏོང་གྲངས་གཞི་དང་ལྗང་མདོག་གློག་བེད་སྤྱོད་བྱས་ཚུལ་ལ་གཞིགས་ནས་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཀྱི་ལྗང་མདོག་ཡིད་རྟོན་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཏེ་ཐཱན་འབུད་ཚད་དམའ་བ་དང་ལྗང་མདོག་གློག་གཏོང་བེད་སྤྱོད་ཀྱི་བསྡུར་ཚད་ཅུང་མཐོ་བའི་ཁེ་ལས་ལ་སྐྱེད་ཀ་དེ་བས་དམའ་བའི་དངུལ་བུན་དང་དེ་བས་གཟིགས་སྐྱོང་གི་འགན་བཅོལ་གྲོན་དངུལ་གྱི་ཚད་སོགས་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་རྒྱུར་སྐུལ་ལྕག་བཏང་ཡོད།

2024ལོར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རིམ་རྩིས་བྱས་ན་དངུལ་རྩའི་སྒྲིག་གཞིར་འདེགས་སྐྱོར་བྱས་ནས་ཐཱན་རྩིས་ཁྲའི་དངུལ་བུན་སྒོར་དུང་ཕྱུར་92.2བཏང་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ཁེ་ལས་ལ་སྐྱེད་ཀ་སྒོར་ཁྲི་4407གྲོན་ཆུང་བྱས་པས་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

གློག་དེ“གཤོག་པའི”ནུས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀྱིས་ལྗང་མདོག་ནུས་རྒྱུ་དང་གྲངས་འཛིན་ལག་རྩལ་མཉམ་འདྲེས་བེད་སྤྱོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།ལྗང་མདོག་རྩིས་རྒྱག་མཐུན་སྦྱོར་ལྟ་ཞིབ་ཚད་ལེན་བཀོད་གཏོང་ལས་སྟེགས་ཀྱི་ནུས་པ་རྒྱ་སྐྱེད་མུ་མཐུད་ཡག་པོ་གཏོང་བ།ལྗང་མདོག་གློག་གཏོང་གི་འབྱུང་ཁུངས་ལེགས་སུ་གཏོང་བ་བཅས་བྱས་ཏེ“གློག་དང་།རྩིས།ཐཱན་”བཅས་སྣ་མང་མཉམ་ལྗང་མདོག་ནུས་རྒྱུ་དང་གྲངས་གཞི་ས་མཐོའི་ས་གཞི་ཆེ་མའི་ཐོག་དེ་བས་བཀྲག་མདངས་འཚེར་བའི་འོད་མདངས་འཕྲོ་བ་དང་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།