མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཆའོ་ཐོའུ་གྲོང་རྡལ་ཤང་དབྱང་པའོ་གྲོང་ཚོར་གསར་དུ་བརྒྱབ་པའི་ཐོག་སོ་གཉིས་པའི་ནང་སྟབས་བདེ་ལ་དྲོ་སྐྱིད་ལྡན་པ་དང་སོ་ཕག་སེར་པོ་ཉི་འོད་འོག་ཧ་ཅང་མངོན་གསལ་དོད་པོ་ཡོད།སྒེའུ་ཁུང་བརྒྱུད་ནས་ཁང་པའི་ནང་གི་ཁྱིམ་ཆས་དང་གྱང་ངོས་སུ་ལོ་གསར་གྱི་རི་མོ་བཀལ་ཡོད་པ་མཐོང་ཐུབ་པ་དང་།ཡུལ་གྱི་རྣམ་པ་ཟབ་མོ་ཞིག་མངོན་ཡོད་པ་དང་།མཐའ་འཁོར་གྱི་ཞིང་ཁ་དང་རྒྱང་རིང་གི་རི་ཀླུང་དང་ཕན་ཚུན་སྤྲོ་སྣང་ལྡན་པ་ཞིག་ཡིན་པས།ལྷིང་འཇགས་དང་ཞི་མཐུན་གྱི་གྲོང་གསེབ་ཀྱི་རི་མོ་ཞིག་གྲུབ་ཡོད།
དཔྱིད་འགོར་སྡོད་ཁང་གསར་པར་སྤོས་ནས་ཡུན་རིང་མ་སོང་བའི་གྲོང་མི་ཏོན་ཧྲེང་གིས་ཁྱིམ་དུ་མེ་ཏོག་གཏོར་བཞིན་ཡོད་པ་དང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།ཁོང་གི་སྨི་ངོས་གྲུ་200ཡོད་པའི་ཐོག་སོ་གཉིས་པར་མི་མང་པོས་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་།མགྲོན་ཁང་དང་།ཐབ་ཚང་།ཉལ་ཁང་།གསང་སྤྱོད་བཅས་ཚང་མ་འཛོམས་ཡོད་པ་དང་ཆབས་ཅིག་ད་དུང་སྨི་ངོས་གྲུ་100ཙམ་ཡོད་པའི་སྒོ་ར་ཆུང་ཆུང་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།“དེ་སྔ་ང་ཚོའི་ཁང་པ་ནི་སོ་ཕག་གི་གྲུབ་ཆ་ཞིག་ཡིན་པས་ཆར་པ་བབས་མ་ཐག་སེམས་བདེ་པོ་མི་འདུགཁང་པ་རྡིབ་ཡོང་བསམས་ནས་སེམས་ཁྲལ་བྱེད་ཀྱི་ཡོད།ད་ཆ་ང་ཚོའི་ནང་མི་རྒན་གཞོན་ཚང་མ་ཕྱི་རྒྱལ་གྱི་ཐོག་ཁང་ཆུང་ངུའི་ནང་སྤོས་རྗེས་ཆར་པ་འབབ་རྒྱུར་སེམས་ཁྲལ་བྱེད་དགོས་ཀྱི་མེད”ཏོན་ཁྲང་ཧྲེང་གིས“དེ་སྔ་གྲོང་ཚོར་ལམ་གཅིག་ལས་མེད་པ་དང་།ས་རྡོའི་ལམ་ཡང་ཧ་ཅང་དོག་པོ་ཡོད།སྒོ་གཅིག་ནས་ཐོན་ཚེ‘གནམ་དྭངས་དུས་ས་རྡུལ་གྱིས་ཁེངས་པ་དང་ཆར་པ་འབབ་དུས་འདམ་རྫབ་ཀྱིས་ཁེངས་འདུག”ཅེས་བཤད།ད་ཆ་གྲོང་ཚོའི་ནང་གསར་དུ་བསྐྲུན་པའི་ལམ་རྒྱ་ཆེ་ལ་ཁོད་སྙོམས་པ་དང་སྣུམ་ནག་ལམ་ཡང་ཡིན་པས་ངའི་ཁྱིམ་དུ་རླངས་འཁོར་ཉོས་ཡོད།བུ་ཟི་ལིང་དུ་གླ་པ་རྒྱུག་སྐབས་འཕྲལ་དུ་ཕྱིར་ལོག་ཆོག་གི་ཡོད”ཅེས་བཤད།
“གྲོང་ཚོ་ནས་ཐོན་མ་ཐག་འགྲུལ་སྐྱེལ་བབས་ཚུགས་ཡིན་པ་དང་།དེ་ནས་སྤྱི་ལེ་ཁ་ཤས་བསྐྱོད་ཚེ་རྫོང་གྲོང་དུ་བསྐྱོད་ཀྱི་ཡོད།གྲོང་ཚོའི་ལམ་ཡང་ཁོད་སྙོམས་པ་དང་།ད་ཆ་ཟི་ལིང་དུ་བསྐྱོད་ན་ཧ་ཅང་སྟབས་བདེ་པོ་ཡོད།ངའི་བུ་མོ་ཆེ་བ་ཟི་ལིང་དུ་མནའ་མར་འགྲོ་གི་ཡོད།གཟའ་འཁོར་རེར་ང་ཚོར་ལྟ་བར་ཡོང་གི་ཡོད།ཁྱིམ་དུ་གནས་ཚུལ་ཞིག་ཡོད་པས་ཁ་པར་བརྒྱབ་ནས་མགྱོགས་མྱུར་ཕྱིར་ལོག་ཐུབ་ཀྱི་ཡོད”ཅེས་གྲོང་མི་ཅའོ་ཏེ་ཡིས་དགའ་སྤྲོའི་ངང་བཤད།
ཤང་དབྱང་པའོ་གྲོང་ཚོའི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་བྱེད་མཁན་དུད་ཚང་40ཡི་མི་182དང་འབྲེལ་བ་ཡོད་པ་དང་།གཞུང་ལམ་འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ་1.093ཡོད་པ།ལམ་ངོས་ལ་སྨི་ངོས་གྲུ་277.9ཡོད་པ།མ་དངུལ་སྒོར་ཁྲི་152.4468བཏང་བ་བཅས་ཀྱི་ཐོག་མིག་སྔར་གྲོང་མི་སྤྱིར་ན་སྡོད་ཁང་གསར་པར་སྡོད་ཀྱི་ཡོད།ཤང་དབྱང་དབྱང་པའོ་ཡི་གྲོང་མི་ཚོས་དམངས་འཚོའི་ལམ་བུར་བརྟེན་ནས་དྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
ལམ་བུ་ཞིག་བཟོས་ན་ཡུལ་ལྗོངས་མཛེས་སྡུག་ལྡན་པར་གྱུར་ནས་ཡུལ་དེའི་མི་དམངས་ཕྱུག་པོར་འགྱུར་ཐུབ།རླངས་འཁོར་བསྡད་དེ་གྲོང་ཚོའི་གཞུང་ལམ་བརྒྱུད་དེ་སྐྱོད་སྐབས་ལམ་ངོས་སྙོམས་པོ་དང་།འགྲོ་ལམ་སྒྲིག་བཀོད་མངོན་གསལ་དོད་པ།ལམ་བར་དུ་གྲལ་སྟར་འགྲིག་པའི་གྲོང་ཚོའི་སྡོད་གནས་དང་།རང་བྱུང་མཛེས་ལྗོངས།ཞིང་ཁ་བཅས་གཞི་གཅིག་ཏུ་འདྲེས་ནས་སྙན་ངག་དང་རི་མོ་ལྟ་བུའི་གཞུང་ལམ་གྱི་མཛེས་ལྗོངས་ཤིག་ཆགས་ཡོད་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ཞིག་ཡོད།
རྟ་ཐང་རྫོང་གི་གྲོང་ཚོའི་གཞུང་ལམ་རྒྱ་ཆེར་བཏང་ནས་སྒྱུར་བཀོད་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་སྟོང་སྨི་9.14ཟིན་པ་དང་ནུབ་ནས་ཤར་གྱི་ཚལ་རྩེ་ཁོའུ་གྲོང་ཚོ་དང་།ལ་ལང་ཐའེ་གྲོང་ཚོ།ལོ་ལ་ལང་གྲོང་ཚོ།མ་ཅ་ཀྲོང་གྲོང་ཚོ།ཡོན་ཤང་།སྤེན་མ་གྲོང་ཚོ་བཅས་སུ་སླེབས་ཡོད་པ་དང་མཐའ་སྣེ་ནི་སྤེན་མ་ལུང་གི་ཧྭ་ཧའེ་མོན་ཁོའུ་བར་ཡིན་པ་རེད།རྣམ་གྲངས་དེ་རིམ་གསུམ་གཞུང་ལམ་ཇུས་འགོད་སྒྱུར་བཀོད་གཞིར་བཟུང་རྒྱ་ཆེར་བཏང་རྗེས་ལམ་གཞིའི་ཞེང་ཚད་ལ་སྨི་7.5(7.0)ཟིན་པའི་སྣུམ་སྙིགས་ཨར་འདམ་གྱི་ལམ་ངོས་ཡོངས་སུ་བཏིང་བ་དང་ལམ་རྒྱུད་དུ་བདེ་འཇགས་ཉེན་བརྡ་དང་གྲོང་ཚོའི་གྲགས་ཅན་མཚོན་རྟགས་བྱང་བུ་མང་དུ་བཏང་ནས་2024ལོའི་ཟླ་6པར་ལས་མཇུག་འགྲིལ་རྒྱུ་རེད།
“རྣམ་གྲངས་དེ་ལག་བསྟར་བྱས་པ་ལས་གྲོང་གསེབ་ཀྱི་གཞུང་ལམ་དྲ་བའི་གྲུབ་ཆ་འཐུས་སྒོ་ཚང་དུ་ཕྱིན་པ་དང་།གྲོང་གསེབ་ཀྱི་གཞུང་ལམ་དང་གཞུང་ལམ་གྱི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།འགྲོ་ལམ་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་བཅས་ཀྱིས་ས་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།ཅེས་རྟ་ཐང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཅུན་གྱིས་བཤད།
ད་ཆ་ཕ་ཡུལ་གྱི་རྣམ་པ་ཟབ་མོ་ལྡན་པའི་སྣོད་བཅུད་ལམ་བུ་དང་།ཡུལ་སྐོར་བའི་ཡུལ་སྐོར་ལམ་བུ།ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ལས་ལམ་བུ།གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ཁུངས་ལམ་བུ་ཤར་གཏོང་ཐུབ་པ་བཅས་བྱས་ནས་གྲོང་ཚོ་དང་ཤང་དུ་ཤར་གཏོང་ཐུབ་པ་དང་།དུད་ཚང་ཁྲི་སྟོང་མང་པོར་ཤར་གཏོང་ཐུབ་པ།སྣོད་བཅུད་མཛེས་ལྗོངས་ཁུལ་དུ་ཤར་གཏོང་ཐུབ་པ།ཐོན་ལས་དཔལ་འབྱོར་མཉམ་འགུལ་ཐུབ་པ་བཅས་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད།
ཧྲུའོ་པེ་བོད་རིགས་ཤང་ཧྭ་ཁོའོ་ཀྲོང་གྲོང་ཚོའི་གྲོང་མི་ཝུའུ་ཧྲེང་ཧྲོའུ་ཡིས“ཏང་གི་སྲིད་ཇུས་དངོས་འབྲེལ་ཡག་པོ་ཡོད་པ་དང་གཞུང་ལམ་ཡང་རྒྱ་ཆེར་ཕྱིན་ཡོད།ཚང་མར་སྣུམ་ནག་བཏིང་ཡོད།གྲོང་ཚོའི་ལམ་ཚང་མར་ལམ་སྒྲོན་བསྒར་ཡོད་པས་འཕྲོད་བསྟེན་ཡང་སྔར་བས་ཡག་ཏུ་ཕྱིན་ནས་ཡུལ་སྐོར་དུ་ཡོང་མཁན་ཡང་ཧ་ཅང་མང་པོ་ཡོད”ཅེས་བཤད།
“གྲོང་ཚོའི་གཞུང་ལམ་ཐད་ཀར་སྒོ་རྩར་བསྐྲུན་ཡོད།ལམ་དེ་བསྐྲུན་རྗེས་ངའི་ཚོང་ཡང་སྔར་བས་ཡག་ཏུ་ཕྱིན་ཡོད།ད་ཆ་ངའི་ཞིང་དུད་སྒོ་རའི་ནང་ཟ་མ་བཟའ་བར་ཡོང་ནས་ཟླ་ཕྱེད་ཀྱི་སྔོན་དུ་མངགས་ཉོ་བྱེད་དགོས་ཀྱི་འདུག”ཅེས་རྟ་ཐང་རྫོང་ཏུང་ཞ་གྲོང་རྡལ་ཐེན་ཅ་ཀོའུ་གྲོང་ཚོའི་ཁྲེང་ཧྭ་ཞིང་པའི་ཁྱིམ་ཚང་སྒོ་རའི་སྦྱིན་བདག་ཧུའུ་ཁྲེང་ཧྭ་ཡིས་སྤོབས་སེམས་ཆེན་པོས་བཤད།
འཕྲེད་གཞུང་སྣོལ་འདྲེས་ཀྱི་གྲོང་གསེབ་གཞུང་ལམ་གྱིས་གྲོང་གསེབ་ཀྱི་ཁྲག་རྒྱུན་ཤར་གཏོང་ཐུབ་ནས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ་དེ་ནི་མཚོ་སྔོན་གྱིས“དམངས་འཚོའི་ལམ”དང“ཐོན་ལས་ལམ་བུ”བསྐྲུན་ནས་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་པའི་བསྡུས་རིས་ཤིག་རེད།ད་ཆ་གྲོང་གསེབ་ཀྱི་གཞུང་ལམ་སྒྱུར་བཀོད་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་ལམ་དྲ་ཁྱབ་རྒྱ་ཆེ་རུ་ཕྱིན་པ་མ་ཟད།དེ་བས་ཚགས་དམ་དུ་ཕྱིན་པ་དང་ཇི་ཙམ་བསྐྲུན་ན་དེ་ཙམ་གྱིས་ཡག་པའི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”ཡིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད།
ལམ་བུ་མཛེས་ན་དམངས་སེམས་ཤར་གཏོང་ཐུབ་པ་དང་།ལམ་བུ་ཤར་གཏོང་ཐུབ་པ།ལས་རིགས་ཀུན་དར་རྒྱས་ཡོང་བ་བཅས་བྱེད་དགོས།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོང་གསེབ་གཞུང་ལམ“མཐོར་གཏོང་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་ཤར་གྱི་ཀོན་ཧ་དང་།མདོ་ལ་རིང་མོའི་འབྲོང་ལུང་།བྲག་དཀར་ལྷོ་རྒྱུད་ཀྱི་ཤང་གསུམ།ནང་ཆེན་ཤར་གཏོང་སོགས་གཙོ་གནད་གཞུང་ལམ་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཞིང་འབྲོག་ཁུལ་གྱི་ཕྱི་ནང་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།རྒྱལ་ཁབ་ཀྱི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་གྱི་སྤྱིའི་ཁ་གསབ་གཞི་ཁྱོན་མི་འགྱུར་བའི་གནས་ཚུལ་འོག2021ལོ་ནས་2024ལོ་བར་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་1727དང་།སྤྱི་ལེ་3344སྤྱི་ལེ་3598སྤྱི་ལེ་5733བཅས་གསར་དུ་བསྐྱར་སྐྲུན་བྱས་ནས་ལོ་མང་བསྟུད་མར་མ་འཇོག་ཕན་འབྲས་ཆེ་རུ་དང་ལམ་ཚད་གཉིས་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།གྲངས་གཞི་ཁག་གཅིག་དང་།“གྲུབ་འབྲས་རེའུ་མིག”རེ་རེ་བཞིན་ནང་སྦྲེལ་ཕྱི་སྦྲེལ་གྱི་འགྲིམ་འགྲུལ་དྲ་བ་དམ་པོ་བཟོས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རི་མོ་གསར་པ་བཀོད་ཡོད་པ་རེད།