[གྲོང་གསེབ་དར་སྤེལ།]མཚོ་སྔོན་ཧོང་གྲོང་གི“ས་སྒོང”གི་འཕོ་འགྱུར་སྐོར་བཀོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་དུ་ཞོག་ཁོག་གཅིག(ཞོག་ཁོག)བཙོས་ནས་ཟ་བ་དང་།བརྔོས་ནས་ཟ་བ།སྲེག་ནས་ཟ་བ་བཅས་ཟ་སྟངས་རྣམ་པ་སྣ་ཚོགས་ཡོད།འོན་ཀྱང་“ས་སྒོང་”ཞིག་འབབ་འཕར་ཕྱུག་འགྱུར་གྱི་“གསེར་གྱི་སྒོ་ང་”ཞིག་ཏུ་འགྱུར་བར་བྱེད་པའི་འགག་རྩ་ནི་“དབྱིབས་འགྱུར་”ལ་ཐུག་ཡོད།

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོང་གྲོང་ཧོར་རིགས་རང་སྐྱོང་རྫོང་ཤིས་ཧྲན་ཤང་དུ་བསྐྱོད་སྐབས་དཔྱིད་ཀྱི་ཉི་འོད་དང་ཆར་ཆུ་ཡིས་ས་ཞིང་སོབ་པོར་གྱུར་པ་དང་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རྨོ་འདེབས་བྱེད་འགོ་ཚུགས་པ་དང་དེ་གར་ཞོག་ཁོག་འདེབས་མང་ཤོས་ཡིན་པ་རེད།

“ཕན་ཚུན་རོགས་རེས་བྱེད་པའི་ཞོག་ཁོག་ཡག་པོ་ཡོད་པ་ཤེས་ཀྱི་ཡོད།འོན་ཀྱང་ནུབ་རིའི་ཞོག་ཁོག་ཉོ་མཁན་མང་པོ་མེད་པ་ཤེས་ཀྱི་ཡོད”གསར་འགོད་པའི་དོགས་གནད་ལ་དམིགས་ནས་ཤིས་ཧྲན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞི་ཅིན་ལན་ཧྭ་ཡིས་སྐད་ཆའི་སྒམ་ཆུང་ཕྱེ་བ་རེད།

“2006ལོར་ཤིས་ཧྲན་ཤང་གི་ཞོག་ཁོག་ལ་རྒྱལ་ཡོངས་ཀྱི་སྟོན་དུས་ཀྱི་ཞིང་ཞོར་ཐོན་རྫས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་ནས་བཟུང་ཞོག་ཁོག་ཤིས་རི་ཤང་གི‘གསེར་བྱང’དུ་གྱུར་མོད།འོན་ཀྱང་ཞོག་ཁོག་སྤྱིར་ན་གཅིག་སྡུད་ཐོག་ཁྲོམ་རར་འདོན་གྱི་ཡོད་པས་རྟག་ཏུ་ཚོང་ཟོག་ཡག་པོ་འཚོང་མི་ཐུབ་པའི་གནས་སུ་གྱར་ཡོད་པས་ཤིས་ཧྲན་ཤང་གིས་ངེས་པར་དུ་ཚད་བརྒལ་ཡོང་ཐབས་བྱེད་ཀྱི་ཡོད”

དཀའ་གནད་དེ་སེལ་ཆེད།2023ལོར་ཤིས་རི་ཤང་གིས་སྔ་སྨིན་ཞོག་ཁོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་དང་འབྲེལ་རྫོང་དེ་ཡོངས་ཀྱི་སྔོན་ལ་སྔ་སྨིན་ཞོག་ཁོག་ཚོད་འདེབས་ལས་དོན་སྤེལ་ཞིང་།ཞོག་ཁོག་འདེབས་འཛུགས་མཉམ་ལས་ཁང་65ལ་རོགས་སྐྱོར་བྱས་པ་དང་།ཞོག་ཁོག་འདེབས་འཛུགས་དུད་ཚང་ཆེ་མོ་85སྐྱེད་སྲིང་བྱས་པ།ཞོག་ཁོག་གསོག་ཉར་དོང་ཏུན་300ཡོད་པའི་ཞོག་ཁོག་གསོག་ཉར་དོང་4དང་།ཞོག་ཁོག་ཏུན་60ཡོད་པའི་གསོག་ཉར་དོང་40བསྐྲུན་པ།ཞོག་ཁོག་མུའུ་སྟོང་གི་དཔེ་སྟོན་ས་ཚིགས་5བསྐྲུན་པས་མང་ཚོགས་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

གཞི་ཁྱོན་ཆེ་རུ་བཏང་རྗེས་ཤིས་རི་ཤང་གི་སྔ་སྨིན་ཞོག་ཁོག་འདེབས་འཛུགས་དཔུང་ཁག་ནང་ཞུགས་པ་དང་2024ལོར་འདེབས་ཁྱོན་སྤྱི་ཆིང་200ཟིན་ཡོད།

འདེབས་འཛུགས་ཐད་ཐབས་ཤེས་བཏོན་པ་ཕུད།ཤིས་ཧྲན་ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་ཕྱིར་ཚོང་ཐད་ནས་ཐབས་ལམ་འཚོལ་གྱི་ཡོད།

“དངོས་པོ་ཡག་པོ་ཡོད་ཚེ་ཇི་ལྟར་ཕྱིར་ཚོང་རྒྱུ་དང་ཇི་ལྟར་འཚོང་རྒྱུར་སྟབས་བདེ་ཡོང་བ་བྱ་རྒྱུ་དེ་ཐག་གཅོད་བྱེད་དགོས་པའི་གནད་དོན་གཞན་ཞིག་ཏུ་གྱུར་ཡོད”

ཤིས་ཅིན་ཧྭ་ཡིས་དེ་སྔ་ཤང་ཁོངས་སུ་ཐག་ཉེ་སའི་ཉོ་ཚོང་བྱ་ཡུལ་མེད་པས་གྲོང་མི་ཚང་མས་ཞིང་སྤྱོད་རླངས་འཁོར་བཏང་ནས་ཧོང་གྲོང་རྫོང་ཐང་ཁྲོན་གྲོང་རྡལ་གྱི་ཞོག་ཁོག་ལས་སྣོན་ཀུང་སི་ཞིག་ཏུ་གཅིག་སྡུད་ཐོག་འཚོང་གི་ཡོད།འདིས་ཉོ་ཚོང་གི་མ་གནས་མང་དུ་བཏང་བ་མ་ཟད།བདེ་འཇགས་ཀྱི་མ་གནས་ཀྱང་མང་དུ་འགྲོ་བཞིན་ཡོད།དེ་ལས་ཐག་ཉེ་སར་ཚོང་ར་བཙུགས་ན་དགའ།

ཁྲོམ་རའི་དགོས་མཁོ་ཆེན་པོའི་མདུན་དུ་ཤིས་ཧྲན་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་ནན་ཏན་བྱས་པ་དང་བརྟག་ཞིབ་ཡང་ཡང་བྱས་པ་བརྒྱུད་ཤང་ཁོངས་ནང་ཁ་འགྲེམས་ཚོང་ཁང་བཙུགས་ནས“ཁྲོམ་ར”གྲོང་མིའི་སྒོ་རྩར་སྤོས་ཡོད།

2024ལོའི་ཟླ་དང་པོར་ཀྲུང་དབྱང་གི་དབུལ་སྐྱོར་མ་དངུལ་སྤྱད་དེ་ཤིས་ཧྲན་ཤང་གི་ཞོག་ཁོག་ཉོ་ཚོང་ཁྲོམ་ར་དང་པོ་དངོས་སུ་གཉེར་སྐྱོང་བྱས་པ་དང་གྲོང་མི་ཚོས་དགའ་སྤྲོའི་ངང་ལྟ་སྐོར་བྱེད་པར་ཡོང་ཡོད།

ཝང་ཅ་ཀྲོང་གྲོང་ཚོའི་གྲོང་མི་ཀྲང་ཧྥ་ཡིས“ཁྲོམ་ར་དེ་ཡོད་ཚེ་སྟབས་བདེ་ཧ་ཅང་ཆེ་བས་ང་ཚོས་གང་སར་ཁྲོམ་ར་འཚོལ་དགོས་ཀྱི་མེད།ཚོང་བ་ཚང་མ་ང་ཚོའི་གྲོང་ཚོར་འགྲོ་དགོས་ཀྱི་ཡོད།ཞོག་ཁོག་ཀྱང་ཟད་གྲོན་ཉུང་དུ་ཕྱིན་ཡོད”ཅེས་བཤད།

དེས་མ་ཚད་ཉོ་ཚོང་ཁྲོམ་ར་བཙུགས་པ་དེས་ད་དུང་ས་གནས་དེ་གའི་གྲོང་མིར་ལས་གནས་10མཁོ་འདོན་བྱས་པ་དང་ཞི་བདེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འབབ་འཕར་སྒོར་ཁྲི་10ཡན་བྱུང་ཡོད།2024ལོར་ཤིས་ཧྲན་ཤང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་5900ཟིན་པ་དང་།སྟོན་བསྡུའི་རིང་ཁོ་ནར་ཞིང་འབྲེལ་ལས་མི་ཐེངས་ཁྲི་1.1ལྷག་ཙམ་ལ་སྣེ་ཁྲིད་བྱས་པས་མང་ཚོགས་ལ་ལས་ཀ་བྱས་ནས་འབབ་འཕར་སྒོར་ཁྲི་100ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

གཞི་ཁྱོན་ལྡན་པ་དང་ཁྲོམ་ར་ཡོད་ཚེ་ད་དུང“ཡུལ་སྒོང་”ཟུར་སྣོན་རིན་ཐང་མང་དུ་བཏང་ནས་སྐད་གྲགས་ཆོད་པ་དང་དངུལ་ཁུག་མང་དུ་གཏོང་དགོས།

དེར་བརྟེན་ཤིས་ཧྲན་ཤང་གིས་ཞོག་ཁོག་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་རྒྱུ་འཚོལ་ཞིབ་བྱེད་འགོ་བཙུགས་ནས་རི་ཁྲོད་ཀྱི་སྒོ་ང་དེ་དངོས་སུ་འགྱུར་ལྡོག་འགྲོ་བའི་ལམ་བུའི་ཐོག་བསྐྱོད་ཡོད།

དོན་དངོས་ཐོག2018ལོར་ཤིས་ཧྲན་ཤང་གིས་ཞོག་ཁོག་འདེབས་འཛུགས་མཉམ་ལས་ཁང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་མཚོ་ཤར་གྲོང་ཁྱེར་སི་ཡོན་ཞིང་ལས་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སི་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་མཚོ་ཤར་གྲོང་ཁྱེར་གྱི“ཚོན་མདོག་སྣ་བདུན”གྱི་སྤུས་རྟགས་དང་པོ་ཞིབ་བཟོ་བྱ་རྒྱུའི་རེ་ཞུ་བྱས་པ་རེད།

རྗེས་སུ་ཤིས་ཧྲན་ཤང་གིས་ཧོང་གྲོང་རྫོང་གི“ཚོན་མདོག་སྣ་ལྔའི་ཞིང་ལས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་བརྟེན་ནས་ཕྱོགས་གཅིག་ནས་ཕྱེ་མ་ལས་སྣོན་རླངས་འཁོར་དང་འཁྱག་མཛོད་སོགས་མཁྲེགས་ཆས་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དང་ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་སྤུས་རྟགས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་ཐོན་རྫས་གསར་བརྗེ་རྒྱུན་ཆད་མེད་པར་བྱས་ཏེ་ཞོག་ཁོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་བརྒྱབ་ཡོད།

སི་ཡོན་ཞིང་ལས་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀུའོ་ཀོང་ཧྲིས་སྤོབས་པ་ཆེན་པོས“ཕིང་ཐུག་ལས་སྣོན་ལ་མཐོང་ཆུང་བྱེད་མི་རུང་།ཕིང་རྩམ་གྱིས་རིན་གོང་མཐོ་པོ་སྤྲོད་མི་ཐུབ་པའི་ཞོག་ཁོག་ཆུང་བའི་རིན་གོང་ལྡབ་གཉིས་འཕར་ཐུབ”ཅེས་བཤད།

ཤིས་ཧྲན་ཤང་གི་ས་གནས་དེ་གའི་སྤུས་རྟགས་ལ“ཐུའུ་ཧུང་དར་ཐང”དང“ཤིས་རི་གསེར་གྱི་སྒོ་ང”ཚང་མས་ཤེས་རྟོགས་བྱུང་བ་དང་།“དྲ་ཐོག་དང་གློག་སྐུད་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད་ཕྱི་རྒྱལ་གྱི་ཞོག་ཁོག་གི་ཤེལ་ཕྱེ་དང་།སྐྱུར་ཁ་ཚ་ཕྱེ།ཁུ་བ་ཆེ་བ།རྒྱ་ཁོག་སོས་པ་སོགས་ཐོན་རྫས་སྣ་ཚོགས་བཙོངས་པས་ཁེ་ལས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་སྟོང་ལས་བརྒལ་ནས་མང་ཚོགས་ཁྲི་གཅིག་ཙམ་ལ་ཕན་པ་ཐོབ་ཡོད།

ད་ཆ།“དབྱིབས་འགྱུར་”རྗེས་ཀྱི“ཡུལ་གྱི་སྒོ་ང་”དེས“ཚོན་མདོག་སྣ་བདུན”གྱི་སྤུས་རྟགས་ལ་ལམ་བུ་གསར་པ་ཞིག་བཏོད་པ་མ་ཟད།ཤིས་རི་ཤང་རིམ་བཞིན་གྲོང་གསེབ་དར་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་ཀྱང་གཏོང་བཞིན་ཡོད།

ལོ་གསར་པའི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞོག་ཁོག་གི་ས་བོན་ཞིག་རེ་བའི་ས་གཞིའི་ནང་བཏབ་པ་དང་།དཔྱིད་ཀའི་གསོ་སྐྱོང་འོག་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད།

ཞིས་ཅིན་ལན་གྱིས་བློ་བརྟན་འགྱུར་མེད་ངང“འདི་ལོ་ང་ཚོས་མ་དངུལ་སྒོར་ཁྲི་140བཏང་ནས་རང་འགུལ་ངང་གཙང་གླས་གནམ་གྲུ་དང་།ཕྱེ་མ་སོས་པའི་སྟོང་སངས་སྒྲིག་སྦྱོར་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་ཉོས་ཏེ་ཞོག་ཁོག་ཐོན་ལས་དེ‘རྒྱ་སྟོབས་ཆེ་རུ་གཏོང་བ’ནས‘ཞིབ་ཚགས་དང་གཏིང་ཟབ་ཏུ་གཏོང་བ’བར་འགྱུར་ལྡོག་བཏང་ནས་ང་ཚོའི་ནུབ་རིའི་‘གསེར་སྒོང་’ལ་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ལྡན་ཡོད”ཅེས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།