[གྲོང་གསེབ་དར་སྤེལ།]ཟི་ལིང་སྟོང་སྐོར་གྱི“ང་ཚོའི་སྒོ་འགྲམ་གྱི་ཟམ་པ”དེས་གྲོང་གསེབ་ཀྱི་མདུན་ལམ་ཡག་པོར་བཟོས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོའི་ཐོག་ཟམ་པ་ཞིག་དེའི་རིང་འཕྲེད་བརྒལ་བྱས་པ་དང་།ཟམ་པ་སྟབས་བདེ་ཞིང་བབ་ཆགས་པ་དང་སྔོ་ལྗང་གི་སྲུང་སྐྱོང་དེ་བས་མིག་ལམ་དུ་འཆར།ཟླ་3ཚེས་14ཉིན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཤང་པེན་ཁྲི་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཧྲེང་ཝུན་གྱིས་སྨན་ཆུ་ཟམ་པའི་ཐོག་གསར་འགོད་པར་བཤད།“དེ་སྔའི་ཟམ་པ་ནི་རྡོ་ཟམ་ཞིག་ཡིན་ཞིང་།    2007ལོར་བསྐྲུན་པ་དང་།    སྣེ་གཉིས་ཀྱི་གྲོང་ཚོ་དང་འབྲེལ་མཐུད་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བཟོས་ཡོད།    འོན་ཀྱང་2024ལོའི་ཟླ་7པར་བྲུག་སྐབས་དུ་རྡོ་ཟམ་ལ་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་བྱུང་ནས་ཉེན་ཁ་ཆེ་བའི་ཟམ་ཞིག་ཏུ་གྱུར།    མིག་མདུན་གྱི་ཟམ་དེ་བསྐྱར་དུ་བསྐྲུན་པ་ཞིག་ཡིན་པས།    ཞེང་ཇེ་ཆེར་ཕྱིན་པ་མ་ཟད།    ད་དུང་བརྟན་ཞིང་བརྟན་དུ་གྱུར་ཡོད།    ”

བལྟས་ཡོང་ན་སྤྱིར་བཏང་གི་ཟམ་པ་འདི་སྤྱིར་བཏང་ཞིག་མ་རེད།དེ་ནི་སྨན་ཆུ་གཙང་པོ་འཕྲེད་བརྒལ་བྱས་ནས་བཀྲ་ཧ་གཞུང་ལམ་དང་འབྲེལ་བ་ཡོད་པས་དེ་གའི་གྲོང་ཚོའི་གསོ་ཚགས་ར་བར་སྐྱོད་པའི་བགྲོད་ལམ་འབའ་ཞིག་དེ་ཡིན་ལ།ཧ་ཁྲེང་གྲོང་ཚོ་དང་།མོ་རྡོ་རྗེ་གྲོང་ཚོ།རི་བོང་ཀན་གྲོང་ཚོ།རྫོང་འབྲོག་ར་བཅས་ཀྱི་ནོར་ལུག་ཁྲི་5ལྷག་ཙམ་ལྷོ་རིའི་རྩྭ་ཐང་དུ་སྐྱོད་པའི་བགྲོད་ལམ་གཙོ་བོ་ཞིག་ཀྱང་ཡིན་ལ་ཕྲུ་གུ་ཚོའི་སློབ་གྲྭར་འགྲོ་བའི་ལམ་བུ་ཞིག་ཀྱང་རེད།དེ་ནི་བགྲོད་ལམ་ཞིག་ཡིན་པ་མ་ཟད།དེ་གའི་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་ཞིག་ཀྱང་ཡིན།

གོང་ཞུ་བྱས་པ་བརྒྱུད།སྟོང་སྐོར་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འཕྲལ་མར་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་པ་བརྒྱུད།དེ་སྔའི་ཟམ་པ་བེད་སྤྱོད་ཀྱི་ལོ་ཚད་ཅུང་རིང་བ་དང་།ཟམ་གདན་གྱི་རྨང་གཞིའི་ཕྱིར་མངོན་པ།གདུང་མར་གས་སྲུབས་མང་པོ་ཡོད་པ།ཟམ་པའི་འོག་ཏུ་དགུན་དུས་འཁྱགས་པ་ཐེབས་པ།དབྱར་དུས་ཆུ་ལོག་རྒྱུག་ཟམ་སྣེ་ནས་ལམ་འདྲེན་པའི་གནས་ཚུལ་ཐོན་ནས་འགྲིམ་འགྲུལ་འགག་པ་དང་ལམ་རྒྱུད་མང་ཚོགས་ཀྱི་བདེ་འཇགས་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཡོད།

ཟམ་པའི་རྩད་ཞིབ་ཐིག་ལེན་དང་།དཔེ་རིས་ཇུས་འགོད།ཟམ་པ་འཛུགས་སྐྲུན་སོགས་དུས་རིམ་རབ་དང་རིམ་པ་སྦྲེལ་མཐུད་ནུས་ལྡན་བྱས་ཡོད།“སྐབས་དེ་དུས་འབྲུབ་དུས་ཡིན་པས་ཟམ་པ་གསར་པ་འཛུགས་སྐྲུན་གྱི་དཀའ་ཚད་ཆེ་རུ་ཕྱིན་པ་མ་ཟད།ཨར་ལས་ལས་ཡུན་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།དེ་ཡང་སྐོར་འཁྱིལ་ཨར་ལས་བྱེད་པ་དང་ཆབས་ཅིག་ལས་ཡུན་ཐུང་དུ་གཏོང་དགོས་ཀྱི་ཡོད།དེར་བརྟེན་ཨར་ལས་བྱེད་རིང་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཆུ་ཁ་མཐོ་རུ་འགྲོ་ཚུལ་སོགས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད”ཅེས་སྟོང་སྐོར་རྫོང་གཞུང་ལམ་ལས་གྲྭའི་སྤུས་ཚད་ལྟ་སྐུལ་སུའོ་ཡི་སུའོ་ཀྲང་གཞོན་པ་ཝང་ཆིན་གྱིས་ངོ་སྤྲོད་བྱས།

“ཟམ་པ་གསར་པ་སྐྲུན་རིང་ཨར་ལས་ཕྱོགས་ཀྱིས་གྲོང་མིའི་བསམ་འཆར་ཐེངས་མང་བསྡུ་ལེན་བྱས་པ་དང་གྲོང་ཚོས་ཀྱང་ཆུ་གློག་སྤྱོད་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཡོད།གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱིས་ལྟ་སྐུལ་འགན་ནུས་འདོན་སྤེལ་བྱས་ནས་ཨར་འདམ་ལྕགས་རྩིབ་ཀྱི་སྤུས་ཚད་ལ་ལྟ་སྐུལ་བྱེད་པ་དང་།རྒྱུ་ཆ་ལྐོག་བཟོ་དང་རྒྱུ་ཆ་ཉུང་འཕྲི་སོགས་ཀྱི་གནས་ཚུལ་ཡོད་མེད་སོགས་གྲོང་མི་ཡིན་ནའང་འདྲ་ཡང་ན་གྲོང་ཚོའི‘ཨུ་ལྷན་གཉིས’ཡིན་ནའང་འདྲ་ཚང་མའི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད”ཅེས་ཧོ་ཧྲེང་ཝུན་གྱིས་ཟམ་པ་བཟོ་སྐབས་ཀྱི་འདྲ་པར་ལ་ལྟ་ཞོར་དུ་བཤད།

ན་ནིང་ཟླ་7པར་ཨར་ལས་བྱས་པ་ནས་ཟླ་10པར་བསྐྲུན་ཟིན་པའི་བར་ཟླ་བ་གཉིས་ལྷག་ཙམ་གྱི་རིང་ཟམ་པ་རྙིང་པ་གཅིག་ལེགས་འགྲིག་བྱུང་བ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་378བཏང་བ་དང་།ཟམ་པ་གསར་པར་ལྕགས་སྒམ་གྱི་གདུང་མ་དང་Uདབྱིབས་ཀྱི་ཟམ་སྟེགས་སྤྱད་དེ་ཟམ་སྣེ་ནས་བཀྲ་ཧ་གཞུང་ལམ་དང་འབྲེལ་མཐུད་བྱས་ནས་Tདབྱིབས་གྲུབ་པ་དང་ཟམ་ངོས་ཀྱི་ཞེང་ཚད་དེ་སྔའི་སྨི་4.5ནས་སྨི་6.5བར་ཡིན་པ་རེད།

“ཟམ་པ་བསྐྲུན་ཟིན་པས་ང་ཚོ་ཕྱིར་སྐྱོད་རྒྱུར་སྟབས་བདེ་བྱུང་བ་དང་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་བའི་གནད་དོན་ཡང་ཐག་གཅོད་ཐུབ་སོང”“འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པ་མ་ཟད།ང་ཚོ་གསོ་ཚགས་དུད་ཚང་གི་སེམས་ཁྲལ་ཡང་ཐག་གཅོད་ཐུབ་ཡོད”སྡེ་མི་ཁྱོད་ཀྱིས་ངས་སྐད་ཆ་ཚིག་གཅིག་བཤད་ནས་ཁ་བརྡ་བྱས།ཚ་ཁྲི་གྲོང་ཚོས་འདེབས་འཛུགས་དང་གསོ་ཚགས་གཙོ་བོར་བྱེད་པ་དང་།2016ལོར་སྣོད་བཅུད་གསོ་ཚགས་ར་བ་སྐྲུན་འགོ་ཚུགས་པ།དུས་ཐེངས་གསུམ་ལ་དབྱེ་ནས་ཕྱུགས་ཚང་སྟར་པ་15བསྐྲུན་པ།སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་8000ཟིན་པ།ལག་ཡོད་ཕག་པ་ཆེ་ཤོས་ཀྱིས་བོད་ལུག་6000གམ་ཡང་ན་འབྲི་གཡག་མགོ་གྲངས་3000གསོ་ཚགས་བྱེད་ཆོག་པ།ཕྱུགས་ཁང་ཚང་མ་བོགས་མར་གཏོང་ལེན་གྱི་བྱེད་ཐབས་ཐོག་ནས་གྲོང་ཚོ་དེ་གའི་གསོ་ཚགས་དུད་ཚང་ལ་བགོ་བཤའ་བརྒྱབ་ཡོད།

གྲོང་མི་ཀུའོ་ཡན་ཅུན་ནི་གྲོང་ཚོའི་གསོ་ཚགས་དུད་ཚང་ཆེན་པོ་ཞིག་ཡིན་པ་དང་སྣོད་བཅུད་གསོ་ཚགས་ར་བར་འབྲི་གཡག་200ལྷག་ཙམ་གསོ་ཚགས་བྱེད་ཀྱི་ཡོད།ཀུའོ་ཡན་ཅུན་གྱིས“ཟམ་པའི་ཁ་གཏད་དུ་གསོ་ཚགས་མཉམ་ལས་ཁང་ཞིག་ཡོད་པས་རྟག་ཏུ་དེ་གར་གཟན་ཆག་ཉོ་བར་འགྲོ་གི་ཡོད།ད་འགྲིག་སོང་།བློ་ཁོག་ཆེན་པོས་རླངས་འཁོར་བཏང་ནས་གཟན་ཆག་དབོར་བར་འགྲོ་ཆོག”ཅེས་གད་མོ་དགོད་བཞིན་དུ་བཤད།

ཟམ་པ་རེ་རེ་དང་ལམ་བུ་རེ་རེ་ནི་དམངས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།སྟོང་སྐོར་རྫོང་གིས་2024ལོར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་27ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་9371.95བཏང་ཡོད།དེའི་ནང་གཞུང་ལམ་འཛུགས་སྐྲུན་གྱི་ལམ་ཚད་སྤྱི་ལེ་104.609དང་ཟམ་པ་11ཡོད་པ་རེད།ལས་གྲྭས་ཡུལ་བབ་དང་བསྟུན་ནས“འགྲིམ་འགྲུལ་དང་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་འགྲོ་ལམ་རྣམ་པ་བཏོད་དེ་ལམ་འགྱུར་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

བཅར་འདྲི་བྱེད་རིང་གསར་འགོད་པས་ཤེས་རྟོགས་བྱུང་བར།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མང་ཚོགས་ཚོས་བདེ་འཇགས་ངང་ཕྱིར་སྐྱོད་བྱེད་པའི་དགོས་མཁོ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་རྨང་གཞིའི་གསོག་ཚད་ཚང་མ་ལེགས་སྒྲིག་དང་།ཚན་རིག་དང་མཐུན་པའི་སྒོ་ནས་སྒྱུར་བཀོད་འཆར་འགོད།ཆུ་བོའི་འགྲམ་རྒྱུད་ཀྱི་མང་ཚོགས་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་གཏོང་བ།2024ལོར་ཉེན་ཡོད་ཟམ་པ་23སྒྱུར་བཀོད་བྱས་པ།འབྲེང་ཐག་ཟམ་པར་བསྒྱུར་བའི་རྣམ་གྲངས་5ལག་ལེན་བསྟར་བ་བཅས་དང་།2025ལོར་མང་ཚོགས་ཀྱི་ཛ་དྲག་གི་དཀའ་ངལ་དང་རེ་སྒུག་ལ་མུ་མཐུད་དམིགས་ནས་“ང་ཚོའི་སྒོ་འགྲམ་གྱི་ཟམ་པ(ཆུ་)”500ལག་ལེན་བསྟར་ནས་དམངས་ཕན་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་རྩིས་ཡོད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།