“ཡག་པོ་བསྐྲུན་པའི”ཐོག་རིམ་པ་མཐོ་རུ་བཏང་ནས་ལམ་དྲ་སྣུར་སྲིང་ཤར་གཏོང་ལས་གྲྭ་ལག་བསྟར་བྱས་ཏེ་འཁོར་རྒྱུག་ཆུང་གྲས་ཟམ་མི་ཆད་པར་ཤར་གཏོང་ཐུབ་པ།“དོ་དམ་ཡག་པོ་བྱེད་པའི”ཐད་ཚད་ལྡན་ནུས་ལྡན་ཡོང་བ་བྱས་ནས“ལམ་དཔོན་ལམ་ལུགས་”དོན་འཁྱོལ་བྱས་ཏེ“ལམ་བུ་རྒྱུན་དུ་སྐྱོང་བའི”མངོན་འགྱུར་བྱེད་དགོས།“སྲུང་སྐྱོང་ཡག་པོ་བྱེད་པའི”ཐད་སྤུས་ལེགས་ནུས་ཆེའི་ཐོག་གྲོང་གསེབ་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་རྙིང་པ་སྒྱུར་བཀོད་ལག་བསྟར་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་ལམ་དུམ་གལ་ཆེན་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ།“གཉེར་སྐྱོང་ཡག་པོའི”ཐད་མཐུན་སྦྱོར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་ཐོག་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལམ་བུ་དང་།ཐོན་ལས་ལམ་བུ།ཐོན་ཁུངས་ལམ་བུ་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་སོགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་དྲ་བའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་།གྲོང་གསེབ་གྱི་གཞུང་ལམ་ལམ་དྲའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྤུས་ཚད་མངོན་གསལ་དོད་པོས་མཐོར་འདེགས་བྱུང་བ། བདག་སྐྱོང་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྫོང་ལམ་རུས་སྒྲོམ་དང་། ཞང་ལམ་སྐུད་ལགདང་། གྲོང་ཚོའི་ལམ་རྩ་ལམ་བཅས་ཡིན་པའི་གྲོང་གསེབ་གཞུང་ལམ་གྱི་དྲ་རྒྱ་མ་ལག་གཞི་རྩའི་ཆ་ནས་ཆགས་པ་རེད།
གྲོང་གསེབ་ཀྱི་གཞུང་ལམ་དུ་གྱུར་པ།
མི་སེར་གྱི་སྒོ་འགྲམ་གྱི“བདེ་སྐྱིད་ལམ་བུ”།
ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རི་གསར་ཤང་ཡེ་ཆེན་གྲོང་ཚོའི་གྲོང་མི་ཀརྨ་ཞོགས་པ་སྔ་པོ་ནས་ཉོས་ནས་ཡུན་རིང་མ་སོང་བའི་རླངས་འཁོར་གསར་པ་བཏང་ནས་ཡུལ་ཤུལ་གྲོང་ཁྱེར་དུ་འཚོ་བའི་མཁོ་ཆས་ཉོ་བར་བསྐྱོད་ཅིང་།ཁོང་གིས“ད་ཆའི་ལི་ཤིང་ཤང་གི་གཞུང་ལམ་ནི་སྣུམ་ནག་ལམ་ཞིག་ཡིན་པ་དང་།རྒྱ་ཆེ་ལ་ཁོད་སྙོམས་པ་དང་།ལམ་དུ་སྐྱོད་སྐབས་སེམས་པ་སྐྱིད་པོ་འདུག”ཅེས་བཤད།
2024ལོར་རིམ་སྤོར་རྒྱས་སྐྲུན་བྱས་པའི་འབྲི་སྟོད་རྫོང་ལི་ཤིན་ཤང་གི་གཞུང་ལམ་གསར་རྐྱང་དུ་གྱུར་པ་དང་།ལམ་ཐག་ཧྲིལ་པོར་སྤྱི་ལེ་63ཡོད་པའི་ལམ་དེ་ནི་རྒྱལ་ལམ་G215ལི་ཤིན་ཤང་དུ་སྐྱོད་པའི་འགག་རྩའི་སྒྲོག་ཐག་ལྟ་བུ་ཡིན་པ་མ་ཟད།ད་དུང་ཡེ་ཆིང་གྲོང་ཚོའི་མཉམ་ལས་ཁང་དང་པོ་དང་གཉིས་པ།དེ་བཞིན་མཐའ་འཁོར་གྲོང་ཚོ་དང“ལེ་དབར་ཁྲི་ཡི་འབྲི་ཆུའི་མཚོ་ཁུག་དང་པོའི”མཛེས་ལྗོངས་ཁུལ་དང་དམ་པོར་འབྲེལ་ཡོད་པ་རེད།འགྲིམ་འགྲུལ་ལམ་ཐིག་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་རྗེས་སྣུམ་སྙིགས་ལམ་ངོས་གསར་རྐྱང་གི་དཀར་ནག་གསལ་པོ་བྱུང་ནས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།
“སྔོན་ཆད་ལི་ཤིན་ཤང་གི་གཞུང་ལམ་ནི་བྱེ་རྡོ་ལམ་ཡིན་པས་ལམ་ངོས་ཅུང་དོག་ཅིང་།རིམ་སྤོར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་རྗེས་ལམ་བུ་དེས་ང་ཚོ་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད”ཅེས་ཡེ་ཆིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་མ་རྡོ་རྗེ་ཚེ་རིང་གིས་བཤད།
འཛུགས་སྐྲུན་ཡག་པོ་དང་།དོ་དམ་ཡག་པོ།སྲུང་སྐྱོང་ཡག་པོ།གཉེར་སྐྱོང་ཡག་པོ་བཅས་བྱས་ནས་ལོ་བཅུའི་རིང་མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ་དང་།ལམ་དྲ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ།དོ་དམ་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ།སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་པས།གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་།ཁྱབ་རྒྱ་ཆེ་བ།ཞབས་ཞུའི་བློ་ཡིད་ཚིམ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་།“གྲོང་གསེབ་ལམ་བཟང་པོ་བཞི”འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་6.71ཟིན་པའི་གྲོང་གསེབ་གཞུང་ལམ་དེ་མི་སེར་གྱི་སྒོ་འགྲམ་གྱི“ཕྱུག་འགྱུར་ལམ་དང་། བདེ་སྐྱིད་ལམ་ལམ། སེམས་འབྲེལ་ལམ་ལམ། དར་རྒྱས་ལམ་ལམ”དུ་གྱུར་ཡོད།
“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”ཡག་པོ་བསྐྲུན་ཆེད།མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་སྲོལ་ཡིག》སོགས་ཁྲིམས་སྲོལ་སྲིད་ཇུས་སྔ་རྗེས་སུ་བཏོན་ནས་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གིས་གཙོ་ཁྲིད་དང་།ལས་རིགས་ལྟ་སྐུལ་དོ་དམ།སྡེ་ཚན་གྱིས་གཞོགས་འདེགས།སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་སྤྱིར་ན་ཆགས་ཡོད་པ་རེད།མིག་སྔར་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་།ཤང་གྲོང་དུ་རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་78%ཟིན་ནས་མི་འབོར་ཆེ་བའི་གཞི་ཁྱོན་རང་བྱུང་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་75%ཟིན་པ།གྲོང་གསེབ་ཀྱི་གཞུང་ལམ་རིམ་པ་དང་འདིང་ཚད་86.48%དང་52.26%སོ་སོར་ཟིན་ཡོད།
2024ལོར་མཚོ་སྔོན་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལས་གྲྭ་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་5733གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་།རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་ཤང་གྲོང་16གསར་དུ་ཤར་གཏོང་ཐུབ་པ།རང་བྱུང་གྲོང་ཚོར་ཨར་འདམ་ལམ་150གསར་དུ་ཤར་གཏོང་ཐུབ་པ་བཅས་བྱས་ནས་ལོ་གསུམ་བསྟུད་མར་མ་འཇོག་ཕན་འབྲས་ཆེ་རུ་དང་ལམ་ཚད་གཉིས་ཀ་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
དེའི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་ལས་གྲྭ་སྤྱི་ལེ་203ལག་བསྟར་བྱས་པ་དང་།ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་23སྒྱུར་བཀོད་བྱས་པ།འབྲེང་ཐག་ཟམ་པ་5བསྒྱུར་ནས་བཀའ་མ་ལོག་དང་།ཀྲུང་ཁྲོན།ཁྲི་ལེབ་མ་ལ་ཧོ་གྲོང་ཚོ་སོགས་གཞུང་ལམ་གྱི“ང་ལ་བརྟེན་ནས་ཁྱིམ་དུ་ལོག་པའི”གསལ་འགྱུར་ལས་གྲྭ་ལེགས་གྲུབ་བྱས་པས་གྲོང་གསེབ་ཀྱི་གཞུང་ལམ་ཐོག་བདག་སྐྱོང་བྱེད་ཚད་100%ཟིན་པ་དང་།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”དཔེ་སྟོན་གསར་གཏོད་ཧུར་ཐག་བྱས་ནས་ཞིང་ཆེན་དེ་ཡོངས་སུ“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་ཡོངས་སུ་ཁྱབ་པ་བྱས་ཡོད།
གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་གནས་གཏན་འཁེལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་2330བཏང་ནས་གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོང་ཚོའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་8ལག་བསྟར་བྱས་པ་དང་།གྲོང་ཚོ་5ཡི་མཉམ་སྡེབ་དཔལ་འབྱོར་དངོས་ཚན་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ།གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོང་ཚོ་8ཀྱི་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་6%འཕར་བ།གྲོང་ཚོ་5ལ་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་50ཡི“གྲོང་ཚོ་སྟོབས་ཆེན”གྱི་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་རེད།
“གྲོང་གསེབ་ཀྱི་ལམ་བུ་ཡག་པོ་བཞི”དཔེ་སྟོན་གཏོད་པ།
ས་ཁོངས་ཧྲིལ་པོའི་ཚད་གཞིར་སླེབས་པར་བྱེད་པ།
མཚོ་སྔོན་གྱི་ས་གཞི་ཆེ་མོ་དགུན་དུས་ཀྱི་ཁ་ཁུ་སིམ་པོ་ནས་རིམ་བཞིན་སད་དེ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སྐྱོད་སྐབས་གྲོང་གསེབ་ཀྱི་གཞུང་ལམ་རེ་རེ་བཞིན་གཡུ་རྒྱུད་ཀྱིས་བསྐོར་བ་དང་འདྲ་བར་ལམ་སྒྲོན་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་ཁང་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་བསྒྲིགས་ཡོད་པ་དང་།ལམ་གྱི་མཛེས་མ་དང་མཉམ་དུ་ཕྱུག་པོར་གྱུར་པའི་བདེ་སྐྱིད་ཀྱི་རི་མོ་རིམ་བཞིན་མངོན་ཡོད།
ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་།ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ།ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད།མིག་སྔར་ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་ཤར་གཏོང་ཆུ་ཚད་དང་།“གྲོང་གསེབ་ཀྱི་ལམ་བུ་ཡག་པོ་བཞིའི”དཔེ་སྟོན་རྫོང་གཏོད་པ།ལམ་དཔོན་ལམ་ལུགས་འཛུགས་པ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང་གཏོད་པ་བཅས་ཕྱོགས་བཞིའི་ཐད་ཟི་ལིང་གྲོང་ཁྱེར་ཞིང་ཆེན་དེ་ཡོངས་ཀྱི་སྔོན་ཐོན་གནས་བབ་ཏུ་སླེབས་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་གྱི་ཏ་ཐུང་དང་།ཙོང་ཁ།སྟོང་སྐོར་བཅས་རྫོང(ཆུས)གསུམ་གྱིས་རྒྱལ་ཁབ་རིམ་པའི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་ཟི་ལིང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་དཔེ་སྟོན་རྫོང་གཏོད་པའི་བསྡུར་གྲངས་100%ཟིན་ཡོད།
དེ་ནི་མཚོ་སྔོན་གྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་དཔེ་སྟོན་གསར་གཏོད་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བའི་མཚོན་ཚུལ་ཞིག་རེད།
ད་ཆ་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་ཁྱབ་རྒྱ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”དཔེ་སྟོན་གསར་གཏོད་དེ་ས་ཁོངས་དཔེ་སྟོན་སྣེ་ཁྲིད་ནས་ས་ཁོངས་ཧྲིལ་པོའི་ཚད་ལོན་འཕེལ་རྒྱས་སུ་རིམ་བཞིན་འགྱུར་བཞིན་ཡོད་པ་རེད།དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཐོན་ལས་དང་།ཡུལ་སྐོར།རིག་གནས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ནས“གྲོང་གསེབ་ཀྱི་གཞུང་ལམ+”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་སྤེལ་བ་དང་།གྲོང་གསེབ་ཀྱི་གཞུང་ལམ་དང་ཐོན་ལས་གླིང་ཁུལ་དང་།ཡུལ་སྐོར་མཛེས་ལྗོངས་ཁུལ།སྲོལ་རྒྱུན་གྲོང་ཚོ།ཁྱད་ལྡན་གྲོང་རྡལ་ཆུང་ངུ་སོགས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་ཞིང་འབྲེལ་ཐོན་ལས་མཉམ་འབྲེལ་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ལམ་དང་།ཐོན་ཁུངས་ལམ།ཐོན་ལས་ལམ་སོགས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ཁྲི་1ལྷག་ཙམ་ལག་ལེན་བསྟར་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ནི།2024ལོར་མཚོ་སྔོན་ཞིང་ཆེན་གྱི《“འགྲིམ་འགྲུལ་+”བྱེད་སྟངས་འཚོལ་ཞིབ་བྱས་ནས་གཞུང་ལམ་འཛུགས་སྐྲུན་གསར་གཏོད་དངོས་སུ་བྱེད་པ》ཞེས་པ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་གྱོད་དཔེ་ནང་བཅུག་པ་རེད།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ནང་ཆེན་དཔལ་གྲ་ཤང་བྲག་སྨད་གྲོང་ཚོ་ནས་དཀར་དགོན་བར་གྱི་ཐོན་ལས་ལམ་བུ་དང་།མཚོ་སྔོན་ན་གོར་མོའི་དབར་གྱི“འགྲིམ་འགྲུལ+”གྱི་ནུས་སྤྲོད་གཞུང་ལམ་འཛུགས་སྐྲུན་དེ་རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ནང་ཚུད་ཡོད་པ་རེད།ཞིང་ཆེན་རིམ་པའི་“མཛེས་སྡུག་ལྡན་པའི་གཞུང་ལམ་”སྤྱི་ལེ་124བསྐྲུན་ཡོད།དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྨང་གཞི་བརྟན་དུ་བཏང་ནས་དམངས་འཚོར་ཕན་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
རང་གཤིས་ཅན་གྱི་ཞབས་ཞུ།
མང་ཚོགས་ལ་“ཁ་བཤད་དོན་ལ་གནས་པ་”།
ཟླ་2ཚེས་24ཉིན་ནས་བཟུང་ཉིན་ལྟར་7:30ཡོད་པའི་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཁུལ་ཐེན་ཅ་ཀྲའེ་གྲོང་རྡལ་ཞེ་ཅ་ཐའེ་གྲོང་ཚོའི་ཐང་ཆེན་ས་ཚིགས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་རླངས་འཁོར་དུས་ཐོག་ཏུ་བསྡད་དེ་ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུར་སྒུག་བཞིན་ཡོད།
ཤེ་ཅ་ཐའེ་གྲོང་ཚོ་ནི་སློབ་གྲྭ་དང་ཐག་རིང་ཙམ་ཡོད་པ་དང་གྲོང་ཚོའི་སློབ་མ་ཉིན་ལྟར་སྒེར་འཁོར་རམ་ཡང་ན་གློག་སྒུལ་འཁོར་གསུམ་རླངས་འཁོར་ལ་བསྡད་ནས་སློབ་གྲྭར་འགྲོ་གི་ཡོད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྷག་ཡོད།ཤེ་ཅ་ཐའེ་གྲོང་ཚོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཕྱིར་སྐྱོད་དཀའ་བ་དང་།ཕྱིར་སྐྱོད་རིན་གོང་ཆེ་བ།འགྲོ་སྐྱོད་བདེ་འཇགས་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་རྗེས་ཟི་ལིང་གྲོང་ཁྱེར་ཙོང་ཆུ་དབུས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་གྲོས་མོལ་བྱས་ནས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་ཤར་གཏོང་བྱས་པ་རེད།
ཁྱིམ་བདག་གིས་དེ་སྔ་ཉིན་ལྟར་ཕྲུ་གུ་སློབ་གྲྭར་འགྲོ་བའི་བདེ་འཇགས་གནད་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད།ད་ཆ་ཆེད་སྤྱོད་རླངས་འཁོར་གྱིས་སྐྱེལ་བསུ་བྱེད་ཀྱི་ཡོད་པས་ཁོང་ཚོ་བློ་བདེ་པོ་འདུག་ཅེས་བཤད།དེ་དང་འདྲ་བར་སློབ་མ་ཚོ་ཧ་ཅང་དགའ་པོ་བྱུང་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་གྲྭའི་རླངས་འཁོར་ཐོག་བསྡད་དེ་ལམ་བར་དུ་དགའ་སྤྲོའི་དགོད་སྒྲས་ཁེངས།“དེ་སྔ་ང་ཉིན་ལྟར་སྤོ་བོ་ལགས་ཀྱི་གློག་སྒུལ་འཁོར་གསུམ་རྐང་འཁོར་ལ་བསྡད་ནས་སློབ་གྲྭར་འགྲོ་གི་ཡོད།ད་ཆ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་སློབ་གྲྭར་འགྲོ་གི་ཡོད་ལ་དྲོ་སོབ་སོབ་འདུག”ཅེས་ཐེན་ཅ་ཀྲའེ་སློབ་ཆུང་གི་སློབ་མ་ཝང་ཧའེ་ཀྲུང་གིས་བཤད།ཤེ་ཅ་ཐའེ་གྲོང་ཚོའི“སློབ་གྲྭར་འགྲོ་བའི་ཆེད་སྤྱོད་རླངས་འཁོར”ཤར་གཏོང་ཐུབ་པ་དེ་ནི་མཚོ་སྔོན་འགྲིམ་འགྲུལ་སྡེ་ཚན་གྱིས་སྲིད་ཇུས་དེ་ཤོག་བུའི་ཐོག་གི་ཡི་གེ་ཞིག་མིན་པར་མང་ཚོགས་ཀྱིས་རེག་ཐུབ་པ་དང་མྱོང་ཚོར་ཐུབ་པའི་དངོས་ཕན་ཞིག་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན།2024ལོར་མཚོ་སྔོན་གྱིས་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་11དང་།སློབ་སྦྱོང་ཐུབ་པ།རྙིང་པར་འཚམ་པ་བཅས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་10གསར་དུ་བཏོད་པ་དང་།གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་12ལེགས་སུ་བཏང་བ།ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་དང་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་ཚང་མར་གློག་རྡུལ་གྱི་སྤ་སེ་སྤྱིར་ན་ཁྱབ་ཐུབ་པ་དང་།གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་དངོས་ཟོག་དང་སྦྲག་ཐོག་མཉམ་འདྲེས་ལམ་ཐིག་35ཤར་གཏོང་བྱས་པ་དང་གྲོང་ཚོ་རིམ་པའི་སྦྲག་སྐུར་དང་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་2299བསྐྲུན་པ།ཞིང་ཆེན་དེ་ཡོངས་ཀྱི་མི་མེད་མྱུར་སྐྱེལ་རླངས་འཁོར་དང་པོ་ཏ་ཐུང་ནས་ཐོན་པ་རེད།
མིག་སྔར་མཚོ་སྔོན་གྱི་འགྲོ་ལམ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་།འགྲོ་ལམ་འགྲུལ་སྐྱེལ་དང་།ཟོག་འདྲེན།རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ།འགྲུལ་ཟོག་དང་སྦྲག་ཐོག་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་བ།“གཅིག་ནུས་མང་དང་།དྲ་གཅིག་མང་སྤྱོད།ནུས་པ་ལེགས་བསྡུས་ཞིབ་གཉེར།སྟབས་བདེ་ནུས་ཆེ”བཅས་ཀྱི་གྲོང་གསེབ་ཀྱི་སྐྱེལ་འདྲེན་ཞབས་ཞུའི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་པ་བཅས་ཀྱི་ཐོག་ནས་འགྲུལ་སྐྱེལ་ལམ་ཐིག་47ཤར་གཏོང་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་བམཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་།མཚོ་ཤར་གྲོང་ཁྱེར།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་གཏན་འཁེལ་གྱི་འགྲུལ་སྐྱེལ་ཞབས་ཞུ་བྱས་ནས་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་གི་རིགས་གྲོང་ཁྱེར་དབར་དང་།རྫོང་དབར།རྫོང་ནང་ཁུལ་གྱི་དུས་གཏན་ལམ་ཐིག་བཅས་ཚུད་ཡོད་པས་མི་དམངས་མང་ཚོགས་ཀྱིས་དུས་གཏན་ལམ་ཐིག་བརྒྱུད་འགྲུལ་སྐྱེལ་ཕྱིར་སྐྱོད་བྱེད་སྟངས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ཞབས་ཞུས་མང་ཚོགས་ཀྱི་སྣ་མང་ཅན་གྱི་ཕྱིར་སྐྱོད་དགོས་མཁོ་སྐོང་བ་མ་ཟད།བདེ་འཇགས་ཐད་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་པ་མ་ཟད།སྟབས་བདེའི་ཐད་མང་ཚོགས་ཕྱིར་སྐྱོད་རྒྱུར་གཏན་འཁེལ་བྱས་པ་རེད།
མཚོ་སྔོན་གྱིས་འགྲིམ་འགྲུལ་གྱི“བཀོད་སྒྲིག་ཞིབ་ཚགས”ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི“རྣམ་པ་ཆེན་པོ”སྐུལ་ཁྲིད་བྱས་པས་འགྲིམ་འགྲུལ་གྱི་རྨང་གཞིའི་དྲ་རྒྱའི“ཤར་གཏོང”ནས“ཤར་གཏོང”བར་འགྱུར་ལྡོག་བྱུང་ནས“འཕར་རྩ”རེ་རེ་བཞིན་འཕྲེད་གཞུང་སྣོལ་འདྲེས་ཀྱིས་ཕྱོགས་བཞི་སྦྲེལ་མཐུད་བྱས་ཡོད།“ཁྲག་རྩ་”ཞིག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མི་སེར་ཕྱུག་པོར་སྣེ་ཁྲིད་བྱེད་པ།“མིང་བྱང”རེ་རེ་བཞིན་སྐོར་ལམ་ཞིག་ཆགས་ནས་དཔལ་འབྱོར་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་ལྡན་པའི་མྱུར་བགྲོད་ལམ་བུ་ཞིག་བཏོད་ཡོད།