འདི་ནི་ཀྲུང་གོ་ཡིན་ལ་འཛམ་གླིང་ཡང་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཁུ་ནུ་རི་བོའི་རྒྱུད་ཀྱི་གངས་འཁྱག་དེ་ཞོགས་པའི་ཉི་འོད་ཁྲོད་གསེར་གྱི་རིམ་པ་བྱུགས་པ་དང་།གཙང་གསུམ་ཆུ་འགོའི་འཁྱགས་རོམ་བཞུར་ནས་རྒྱུག་པའི་གཙང་པོ་ཞིག་ཏུ་གྱུར་སྐབས།ཚྭ་ཁ་ཚྭ་མཚེའུ་ཡི་མེ་ལོང་ངོས་སུ་སྐར་མ་དུང་ཕྱུར་མང་པོ་འཆར་བ་དང་།ས་གཞི་དེས་གདོད་མའི་སྐད་ཆའི་ཐོག་ནས་ཚེ་སྲོག་གི་བརྗིད་ཉམས་མཚོན་ཡོད།མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པའི་དབུགས་འབྱིན་རྔུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྣོད་བཅུད་ཀྱི་མཆན་འགྲེལ་ཞིག་རེད།དེ་གར་ཀྲུང་གོ་ཧ་ཅང་ཆེན་པོ་ཡོད་པ་སྟེ།དེས་ཧྭ་ཞའི་ཤེས་དཔལ་གྱིས་རི་ཀླུང་ལ་གུས་བཀུར་དང་བྱ་དངོས་ཡོད་ཚད་ལ་སྙིང་རྗེ་བྱེད་པ་མཚོན་ཡོད།དེ་གར་འཛམ་གླིང་ཆེན་པོ་ཡོད་པ་སྟེ།དེས་ས་མཐོའི་བློ་རྒྱ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་མ་ལག་དོ་སྙོམས་ཡོང་རྒྱུར་འདེགས་སྐྱོར་བྱས་ཏེ་མིའི་རིགས་རྒྱུན་མཐུད་བྱེད་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྣོད་བཅུད་མ་དཔེ་མཁོ་འདོན་བྱས་ཡོད།

རང་ཉིད་ཀྱི་གྲུབ་འབྲས་ཐོབ་པའི་ཁྲོད་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པ།

རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱལ་ཁབ་སྤྱི་གླིང་བར་གྱི་སྣོད་བཅུད“ཕྱེ་ལེབ་འགྱུར་ལྡོག”བརྒྱུད་མྱོང་ཡོད།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྣོད་བཅུད་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་གཞོན་པ་མ་དབྱིང་ཞང་ལ“ད་ཆ་དང་ལོ་20ལྷག་ཙམ་གོང་དང་བསྡུར་ན་འདམ་ར་དང་།གཙང་པོ།མཚེའུ་བཅས་སླར་གསོ་མངོན་གསལ་དོད་པོ་བྱུང་ཡོད།གསའ་དང་།གཙོད།འབྲོང་།རྐྱང་།ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་རྨ་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་རབ་དང་རིམ་པ་མངོན་འགྱུར་བྱུང་བ་དེ་རེད། དེ་ལྟ་བུའི་མྱོང་ཚོར་སྔར་བས་མང་བ་ཐོབ་ཡོད་པ་སྟེ།གཙང་པོའི་ཆུ་འགོའི་ས་གཞི་ཆེ་མོར་གནས་པ་དང་།ནམ་མཁའ་ནས་ས་ཐོག་ཏུ་འཕུར་བའི་བར་དང་།དེ་ནས་ཆུའི་ནང་དུ་ཡུལ་སྐོར་བྱེད་པའི་བར་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་རྣམ་པ་མཐོང་ཐུབ།

མི་རྣམས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ལ་ཆེས་བཟང་བའི་ཡིད་ཆེས་དེ་ནམ་ཡང་ཆུ་དང་འབྲེལ་ནས་ཡོད།ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་དང་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོར་འཁྱགས་རོམ་དང་གངས་རི་བཞུར་ནས་ཆུ་བོའི་ཆུ་རྒྱུན་དུ་གྱུར་ནས་ལོ་ལྟར་སྨད་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18དང་མཐའ་འཁོར་རྒྱལ་ཁབ་5ལ་ཆུ་ཁུངས་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600སྐྱེལ་འདྲེན་བྱེད་ཀྱི་ཡོད།འབྲི་ཆུ་དང་རྨ་ཆུ་ནི་ཨ་མའི་འོ་མ་ལྟར་ཀྲུང་གོ་ཕྱེད་ཀ་ལྷག་ཙམ་ལ་འཚོ་བཅུད་ཐོབ་པ་དང་མཐར་རྫ་ཆུ་གོ་ལ་ཧྲིལ་པོའི་ཆུ་རྒྱུད་དུ་སླེབས་ནས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།

གཙང་གསུམ་ཆུ་འགོ་མཚོ་སྔོན་དུ་གནས་མོད།འོན་ཀྱང་དེའི་སྣོད་བཅུད་ལེགས་སྐྱེས་དང་སྣོད་བཅུད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མཚོ་སྔོན་ལས་བརྒལ་ཡོད་པ་རེད།མི་རྣམས་ཀྱིས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་།ཀྲུང་གོའི་གཙང་གསུམ་ཆུ་འགོ།འཛམ་གླིང་གི་གཙང་གསུམ་ཆུ་འགོ་བཅས་ཀྱིས་ཀྱང“གཙང་གསུམ་ཆུ་འགོའི་ཆམ་པ་གོ་ལ་ཧྲིལ་པོར་ཧབ་སྦྲིད་རྒྱག་པ”ཞེས་རྟག་ཏུ་བརྗོད་ཀྱི་ཡོད།གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ་ཙམ་མ་ཟད།ཀྲུང་གོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་ཞིག་ཀྱང་ཡིན་ལ།འཛམ་གླིང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་གཏོང་བ་ཞིག་ཀྱང་རེད་ཅེས་རྟག་ཏུ་བརྗོད་ཀྱི་ཡོད།མཱ་དབྱིང་ཞང་གིས“མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་མ་ལག་དང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ས་ཆ་གཞན་དུ་མཐོང་རྒྱུ་མེད།གཙང་པོ་དང་ཆུ་བོ་ཆེན་པོ་གསུམ་གྱི་ཆུའི་ཐོན་ཁུངས་ཀྱི་ལེགས་སྐྱེས་དེ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་དང་།ཆུ་ཁུངས་གསོ་འཁྱོངས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དེ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་བཤད།

འོན་ཀྱང་གཙང་གསུམ་ཆུ་འགོ་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཙམ་མ་ཡིན་པར་མཐོ་གྲང་སྣོད་བཅུད་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་ཡོད།གདོད་མའི་རྣམ་པ་དང་རྒྱ་ཁྱོན་ཆེ་བའི་མཐོ་གྲང་སྣོད་བཅུད་མ་ལག་ཅིག་སྐྱེ་འཚར་དང་རྒྱུན་འཁྱོངས་ཐུབ་ནས་འཁྱགས་རོམ་གངས་རི་དང་།ས་བབ་མཐོ་བའི་འདམ་ར།མྱ་ངམ་ཐང་།མཐོ་གྲང་རྩྭ་ཐང་གི་སྤང་ལྗོངས་བཅས་རྒྱ་ཁྱབ་ངང་ཁྱབ་ཡོད་པ་དང་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་ཁུ་ཤི་རི་ཡོད་པ་རེད།དེ་གར་ད་དུང་མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་ཅེས་བརྗོད་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་རྩི་ཤིང་རིགས་11དང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་84ཡོད་པ་དེ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་ལ་བྱེད་པའི་ས་ཁོངས་ཀྱི་གྲས་ཤིག་རེད།

མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་གལ་ཆེའི་ནང་གི་འགངས་ཆེ་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་པའི་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་ཁུངས་གསོ་འཁྱོངས་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།ལོ་རྒྱུས་ཁྲོད་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལ་འཐབ་ཇུས་དང་སྲིད་ཇུས་ཀྱི་ཁེ་སྤོགས་ཐེངས་རེ་བྱུང་བ་དེའི་ནང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གྱིས་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་ཁ་ཕྱོགས་ཡང་དག་རྙེད་པ་མ་ཟད།ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་ཞིག་ཀྱང་བཏོད་ཡོད།2021ལོའི་ཟླ་10པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་19.07ཟིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད།

མཱ་དབྱིང་ཞང་གིས་འགྱུར་ལྡོག་ཕྲན་བུ་ཞིག་གླེང་སྐབས་རྒྱལ་ཁབ་སྤྱི་གླིང་ནང་གི་རིང་ཚད་སྤྱི་ལེ་15ཡོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དེ་སྔོན་ཕར་འགྲོ་ཚུར་འོང་བྱས་ནས་ཉིན་གཅིག་འགྲོ་ཐུབ་པ་དང་མཐའ་འཁོར་གྱི་རྩྭ་ཐང་ཐོག་རླངས་འཁོར་གྱི་ལམ་ཚད་མཐོ་ཤོས་ལ་སྨི་བཅུ་ཕྲག་ཁ་ཤས་ཡོད་པ་དང་།རྗེས་སུ་རྒྱལ་ཁབ་སྤྱི་གླིང་གི་སྐོར་སྲུང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བ་དང་བསྟུན་ནས་ཤར་གཏོང་ཐུབ་པའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་ཆབས་ཅིག་རྩྭ་ཐང་སྲུང་སྐྱོང་ལ་དེ་བས་ཕན་ཐོགས་ཡོད་པ་དང་།གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར།2016ལོ་ནས་2024ལོ་བར་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་86.61བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དང་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཡོད།“གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་སྔ་རྗེས་ཀྱི་སྣོད་བཅུད་ཕན་འབྲས་བསྡུར་བའི་ཚོད་སྐོར”ལས་མངོན་དོན།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་ཚོད་ལྟའི་གོང་ལས་8.6%འཕར་བ་དང་།ཐོན་སྐྱེད་དུས་ཚིགས་ཀྱི་རྩྭ་ཐོན་ཚད་དེ་ཚོད་ལྟའི་གོང་ལས་13.1%འཕར་བ།སྔོ་ཁེབས་སྣོད་བཅུད་སྤུས་ཚད་སྟོན་གྲངས་ཚོད་ལྟའི་གོང་ལས་7.8%འཕར་བ།ཆུ་ཁུངས་གསོ་འཁྱོངས་ཞབས་ཞུའི་ནུས་པ་ཚོད་ལྟའི་གོང་ལས་21.8%འཕར་བ་བཅས་རེད།

མཆོང་སྐྱོད་ཐེངས་རེ་བྱས་ནས་སྣོད་བཅུད་སྲུང་སྐྱོང་ཁོ་ན་བྱེད་པ་ནས་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་པའི་ཕྱོགས་སུ་བསྒྱུར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།“འཛུགས་སྐྲུན་བྱེད་བཞིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་ད་དུང་ལམ་ཐག་རིང་པོ་ཡོད་པས་སྔར་བཞིན་མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོ་དང་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྨང་གཞིའི་ལས་དོན་འབོར་ཆེན་ཡག་པོ་བསྒྲུབས་ཏེ་མཐར་སྣོད་བཅུད་ཆེ་ཤོས་ཁྲོད་སྲུང་སྐྱོང་དང་།འཕེལ་རྒྱས།དམངས་འཚོ་བཅས་གཉིས་ཕན་ཡོང་བ་བྱེད་དགོས”མ་དབྱིང་ཞང་གིས་འབྱུང་འགྱུར་ལ་རེ་སྒུག་བྱེད་པ་དེ་ནི་མཚོ་སྔོན་བ་ཚང་མའི་ཐུན་མོང་གི་རེ་སྒུག་ཅིག་རེད།

གཏོར་འཛུགས་མཉམ་སྤེལ་གྱི་ཁྲོད་དུ་རྒྱང་རིང་དུ་བསྐྱོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་སྣོད་བཅུད་སྲུང་སྐྱོང་ཉམས་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཕིང་གིས་ལོ་18རིང་ལས་དོན་ཏན་ཏིག་ལྡན་པ་ར་སྤྲོད་བྱས་པ་སྟེ།དུས་ཡུན་ལོ་18རིང་ཚན་ཞིབ་ཚན་ཞིབ་ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ཅན་དང་།ཚད་ལྡན་ཅན།མ་ལག་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད“གཏན་འཇགས་བཞི་དང་གཅིག་གྱུར་གསུམ”གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཚད་གཞི་ཞིག་ཆགས་ནས་ད་བར་རྒྱ་ཁྱབ་ངང་དཔྱད་གཞིར་འཛིན་གྱི་ཡོད།ད་ཆའི་མཚོ་སྔོན་པོར་སྣོད་བཅུད་སྲུང་སྐྱོང་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་གཉིས་མཉམ་དུ་འཕེལ་ནས་གྲུབ་འབྲས་གཅིག་གཞན་སྒྱུར་ཁྲོད་ཆེ་ཤོས་མངོན་འགྱུར་བྱུང་ཡོད།

མཚོ་སྔོན་པོ་ནི་ཨེ་ཤེ་ཡ་དབུས་མ་དང་རྒྱ་གར་དང་།ཨེ་ཤེ་ཡ་ཤར་མ།ཨོ་སི་ཁྲུ་ལི་ཡའི་ཨེ་ཤེ་ཡ་ནུབ་མའི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་1992ལོར《ལྷག་པར་དུ་ཆུ་བྱ་འཚོ་སྡོད་ཁུལ་གྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་སྤྱི་ཆིངས》ནང་བཅུག་ནས་རྒྱལ་སྤྱིའི་ཐོག་ཆུ་བྱ་ཐོན་ཁུངས་འཚོ་སྡོད་ཁུལ་དང་འདམ་ར་སྲུང་སྐྱོང་བྱེད་པའི་འོས་འགན་དང་འགན་འཁྲི་འཁུར་བཞིན་ཡོད།དུས་དེ་ནས་བཟུང་མཚོ་སྔོན་པོའི་སྣོད་བཅུད་ལ་ནང་དོན་དེ་བས་ཟབ་པ་དང་འགན་འཁྲི་དེ་བས་ལྕི་བ་ཞིག་ཐོབ་ཡོད།མཱ་ཕིང་གིས་ཐད་ཀར་མཐོང་བའི་གྲངས་གཞིའི་ཚིག་ཉུང་དོན་འདུས་ཐོག་ནས་ལོ་མང་རིང་གི་ལས་ཀའི་གཏིང་སྙིགས་ཕྱོགས་བསྡུས་བྱས་ཡོད་པ་སྟེ།མཚོ་སྔོན་པོའི་ཕྱོགས་སྟོན་རང་བཞིན་གྱི་ཆུ་བྱ་བསྡོམས་འབོར་ཁྲི་60ཟིན་པ་དང་།གཙོ་དམག་གྲུའི་སྲོག་ཆགས་ཕུའུ་ཧྲི་དགོ་བའི་གྲངས་འབོར་ནི་སྲུང་སྐྱོང་ཐོག་མའི་དུས་ཀྱི་ལྡབ་11ཡིན་པ།རྩད་ཆོད་ཐུབ་པའི་ས་བོན་རྩི་ཤིང་རིགས་ཁྱོན་457ཡོད་པ་སོགས་རེད།

གཞི་གྲངས་བྱེ་བྲག་ཅན་གྱི་རྒྱབ་ཏུ་ལོ་མང་རིང་ཉིན་གཅིག་ལྟར་རྒྱུན་འཁྱོངས་དང་གསོག་འཇོག་བྱས་པ་རེད།གྲངས་གཞི་གསར་ཤོས་ནས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ལ་བརྟེན་པའི་བར་དང་།དེ་ནས་གྲངས་གཞིའི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་བའི་བར།མཱ་ཕིང་གིས་ལས་དོན་དེ་སྔ་རྗེས་སུ་དུས་མཚམས་གསུམ་བརྒྱུད་1975ལོར་འདབ་ཆགས་གླིང་ཕྲན་དོ་དམ་ས་ཚིགས་བཙུགས་ནས་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་།དེ་རྗེས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དང་རྒྱལ་ཁབ་སྤྱི་གླིང་བསྐྲུན་འགོ་ཚུགས་པ་དང་ཆབས་ཅིག

མི་རིང་བའི་གོང་མཚོ་སྔོན་པོའི་སྣོད་བཅུད་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་ལས་སྟེགས་གསར་དུ་སྤྱོད་འགོ་ཚུགས་པ་དང་།བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་མཚམས་ཚིགས་116དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་མཚམས་ཚིགས་10བསྐྲུན་ནས་མཚོ་སྔོན་པོའི་སྣོད་བཅུད་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་རགས་ཙམ་ཆགས་ཡོད་པ་རེད།ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ད་ཐེངས་ཀྱི་གསར་དུ་བསྣན་པའི་ནང་དོན་ཞིག་ཡིན་པའི་མཱ་ཕིང་གིས“མཚོ་སྔོན་པོ་ནི་མཚོ་བཀག་མཚོ་ཡིན་པ་དང་།ལྟེ་བ་ནི་ཆུ་ཡིན།གཙོ་གནད་ཐོག་མཚེའུ་ནང་བཞུར་བའི་གཙང་པོ་དང་མཚོ་སྐོར་མཐའ་འཁོར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭས་མཇུག་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡིན”ཞེས་བཤད།

མཚོ་སྔོན་པོར་ཆུ་ཁུངས་གསོ་འཁྱོངས་དང་ཆུ་རླངས་སྙོམས་སྒྲིག་གི་ནུས་པ་གལ་ཆེན་ལྡན་ཡོད།དེས་མདོ་ལ་རིང་མོ་དང་།གཙང་གསུམ་ཆུ་འགོ།ཚྭ་འདམ་གཤོངས་ས་བཅས་སྣོད་བཅུད་བར་མཐོངས་ཆེན་པོ་གསུམ་སྦྲེལ་མཐུད་བྱས་ཡོད།དེ་ནི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་ཕྱོགས་སུ་མཆེད་རྒྱུ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་དང་།མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས།རྒྱལ་ནང་དང་འཛམ་གླིང་ཐོག་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེན་པོ་ལྡན་ཡོད།

“ལོ་འཁོར་རེའི་གྲངས་གཞི་ཕྱོགས་བསྒྲིགས་དང་གསོག་འཇོག་བྱས་པ་དེས་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་གྲངས་གཞིའི་རྨང་གཞི་མཁོ་འདོན་བྱས་ཡོད”མཱ་ཕིང་གིས་སྐད་ཆ་དྲང་པོར་བཤད།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུ་ནི་སྣོད་བཅུད་སྲུང་སྐྱོང་གི“ཨང་རྟགས”གལ་ཆེན་ཞིག་ཡིན་པ་དང“རྒྱལ་ཁབ་སྤྱི་གླིང”གི་ཁྱབ་ཁོངས་ནང་ཆུར་སྲུང་སྐྱོང་ནན་པོ་བྱས་པ་མ་ཟད།འབབ་རྒྱུད་ནང་གི་རི་ཆུ་རྩི་ཤིང་དང་སྐྱེ་དངོས་ཐམས་ཅད་ལ་སྲུང་སྐྱོང་ནན་པོ་ཐུབ་རྒྱུ་རེད།

འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་དམིགས་ནས་གཏོར་མི་ཐུབ་པ་དང་གཏོར་འཛུགས་མཉམ་སྤེལ་གྱི་རྣམ་འགྱུར་ཐོག་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་སྐུལ་འདེད་བཏང་བ་དང་།ཕྱོགས་8ཀྱི་གསར་གཏོད་ལས་འགན་ཁག་55ལེགས་སྒྲུབ་བྱས་པ།གྲུབ་འབྲས་ཁག་65གྲུབ་པ།“དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས་དང་སྲུང་སྐྱོང་ས་ཚིགས”བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་བསྐྲུན་པ་བཅས་ཕན་འབྲས་དཔྱད་དཔོག་དུས་མཚམས་སུ་སླེབས་ཡོད་པ་རེད།ད་ཆ་བལྟས་ན་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་འཆར་འགོད་ནོར་དོན་ཁྲུའི་ཁྲུའུ་ཀྲང་དབང་ཅིང་པང་གིས“རྨང་གཞིའི་ལས་དོན་ཏན་ཏིག་བསྒྲུབས་པ་དེས་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་གསལ་རྟོགས་ཐུབ་པ་མ་ཟད།ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་བཏོན་ནས་སྐུལ་འདེད་བཏང་བས་ལས་ཀ་བྱེད་དུས་དང་ཕན་འབྲས་མཉམ་དུ་སྤེལ་ཐུབ་ཡོད”ཅེས་ཕྱོགས་སྡོམ་བྱས་པ་རེད།

རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུའི་སྔ་མཐུད་ཕྱི་སྤེལ་བྱས་པ་དང་མཚོ་སྔོན་པོ་ནི་སྲོལ་རྒྱུན་གྱི་ལྟ་སྐོར་མཛེས་ལྗོངས་ཁུལ་ཞིག་མིན་པར་དེ་བས་གཏིང་ཟབ་པའི་སྣོད་བཅུད་ཀྱི“ས་གནད”ཅིག་རེད།སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་བྱ་ཁྲི་ཕྲག་མང་པོ་འཚོ་གནས་བྱེད་པ་དང་།ཉ་ལི་ཁྲི་བཅུ་ཕྲག་ཁ་ཤས་རྒྱུན་མཐུད་བྱེད་པ།མཚོ་སྐོར་མང་ཚོགས་ཀྱིས་ལྗང་མདོག་ཐོན་ཁུངས་ཁྲོད་ལྗང་མདོག་གི་འགྲོ་ལམ་རྙེད་པ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་།ལྗང་མདོག་འཕེལ་རྒྱས།དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་དམ་ཟབ་བྱུང་ཡོད།“‘འཛུགས་སྐྲུན’གྱི་དམིགས་ཚད་གཏན་འཁེལ་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་ས་ཚིགས་དང་།སྐྱེ་དངོས་སྣ་མང་རང་བཞིན་གྱི་སྟོན་གནས།སྣོད་བཅུད་དམངས་ཕྱུག་གི་དཔེ་མཚོན་གསར་པ་བཅས་ཧུར་ཐག་གཏོད་རྒྱུ་རེད”འབྱུང་འགྱུར་སྐོར་གླེང་སྐབས་ཝང་ཅིང་པང་གིས་ཡིད་ཆེས་ཀྱིས་ཁེངས།

སྣོད་བཅུད་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས་པར་རྒྱག་མཁས་ཅན་ཧའོ་ཅིན་ཧྥང་གིས་བརྩེ་སེམས་ཟབ་མོ་ལྡན་པའི་ཞིབ་ཕྲའི་ཐོག་ནས་རང་བྱུང་ཁམས་ཆེན་པོར་ཐོན་པའི་གཏམ་རྒྱུད་སྟེ།གངས་བྱེའུ་དང་རི་བོང་ཁྱིམ་མཚེས་ཡིན་པ་དང་།ཁྲུང་ཁྲུང་སྐེ་ནག་དཔྱིད་དུས་གནས་སྤོ་བྱེད་སྐབས་ཕ་མ་དང་ཁ་བྲལ་བ།ཤྭ་བ་མཆུ་དཀར་གྱི་ཁྱུ་ཚོགས་ཀྱི་གྲངས་འབོར་འགྱུར་ལྡོག་བྱུང་བ།གསའ་ཡི་ཨ་མས་བྱིས་པ་གསོ་སྐྱོང་བྱེད་པ་སོགས་ནི་སྲོག་ཆགས་ཀྱི་གཏམ་རྒྱུད་ཡིན་པ་དང་།རང་བྱུང་གི་ཆོས་ཉིད་དང་རང་བྱུང་གི་སྒྲིག་ལམ་ཡོད་མོད།

ས་ཁམས་ཀྱི་ཚད་གཞིའི་ཐོག་ནས་བལྟས་ན།མཚོ་སྔོན་པོ་ནི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་།དེ་དག་གཅིག་རྒྱུན་གཅིག་འཛིན་ཡིན་པ་ནི་མཚོ་སྔོན་པོའི་ཉ་ལུའོ་ལི་དང་འདྲ་བ་དང་།ལོ་ལྟར་ཕྱིར་རྒྱུ་བའི་ཆུ་བོ་མང་པོ་ཞིག་མདོ་ལ་རིང་མོའི་ཆུ་འགོ་ནས་ཐོན་པ་དང་པུ་ཧ་གཙང་པོ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།དེའི་འབྱུང་ཁུངས་ནི་ཧྲུའུ་ལེ་ནན་རི་བོའི་གངས་ཀེར་ཤའོ་ཡི་འཁྱགས་རོམ་རི་བོར་གནས་པ་དང་།དེ་ནི་མདོ་ལ་རིང་མོའི་འཁྱགས་རོམ་རི་བོའི་ཁྲོད་ཀྱི་གྲས་ཤིག་རེད།

འཁྱགས་རོམ་གྱི་རི་རྩེར་བཅར་རྒྱུའི་རེ་བ་བྱེད་མྱོང་མེད།རང་བྱུང་ཁམས་ལ་གུས་བཀུར་ཚད་མེད་བྱེད་ཀྱི་ཡོད་མོད།འོན་ཀྱང་མདོ་ལ་རིང་མོར་ཡིད་སྨོན་བྱེད་པ་དང་རང་བྱུང་ཁམས་ཆེན་པོར་ལྟ་བའི་སྟ་རེ་བཟོ་པར་བལྟས་ནས་མཚོ་སྔོན་གྱི་བྱང་རྒྱུད་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་བརྐོས་ཡོད།གངས་རི་མང་པོ་དང་།ནགས་ཚལ་སྟུག་པོ།རྩྭ་ཐང་གི་མཛེས་སྡུག་ལྡན་པ།འདམ་རའི་རྒྱ་ཆེ་བ།གཙང་པོ་བཅས་ཡོད་པ་དེ་དག་མདོ་ལ་རི་བོའི་ཁོངས་སུ་གཏོགས་པ་ལས་མཚོ་སྔོན་གྱི་ཁོངས་སུ་མི་གཏོགས་པ་དང་ཀྲུང་གོ་དང་འཛམ་གླིང་གི་ཁོངས་སུ་མི་གཏོགས་པ་གཅིག་ཀྱང་མེད།

མདོ་ལ་རིང་མོའི་རི་བོ་ནས་ཡིན་པའི་པར་རམ་ཡང་ན་འདྲ་པར་ཞིག་འཛམ་གླིང་གི་གར་སྟེགས་སུ་དྲངས་ནས་རྒྱལ་སྤྱིའི་པར་ལེན་འགྲེམས་སྟོན་གྱི“རིན་ཐང་ཆེ་བའི་”བྱ་དགའ་བསྟུད་མར་ཐོབ་པ་དང་།མདོ་ལ་རིང་མོའི་རི་ཆུ་རྩི་ཤིང་ངམ་ཡང་ན་འབུ་བྱ་དང་གཅན་གཟན་བཅས་འགྲེམས་སྟོན་བྱས་ཡོད།འོན་ཀྱང་དེ་དག་ནི་མཚོ་སྔོན་གྱི་སྣོད་བཅུད་དང་ཀྲུང་གོའི་མདོ་ལ་རིང་མོ་ཡིན།

ཡུན་རིང་མ་སོང་གོང་སི་ཕེན་གྱི་སྐབས་35པའི་MMLརྒྱལ་སྤྱིའི་རི་བོ་ཆེན་པོ་དང་རང་བྱུང་དང་ཉེན་མཆོང་པར་ལེན་འགྲན་བསྡུར་ཆེ་མོའི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མིང་རྟགས་བཀོད་པའི་པར་ལེན་པ་ཅའོ་ཧྲེང་ཕུའུ་དང་ཚའེ་ཧའེ་ཡུང་སོ་སོར་ཚད་མཐོའི་གདེང་འཇོག་བྱ་དགའ་ཐོབ་ཡོད།སླར་ཡང་མདུན་ཕྱོགས་སུ་ཕྱིར་དྲན་བྱེད་སྐབས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་དབུ་བཞུགས་པར་རྒྱག་མཁས་ཅན་པའོ་ཡུང་ཆིང་གིས་པར་ལེན་བྱས་པའི《ཤི་གསོན་གྱི་འགྲན་བསྡུར》ཞེས་པར་དབྱིན་ཇིའི་རྒྱལ་སྤྱིའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་པར་རྒྱག་མཁས་ཅན་འགྲན་བསྡུར་ཆེ་མོའི་འོ་གསོས་སྲོག་ཆགས་རིགས་ཀྱི་ལོ་འཁོར་གྱི་སྤྱིའི་ཨང་དང་པོ་ཐོབ་པ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་པར་རྒྱག་མཁས་ཅན་ཧའོ་ཅིན་ཧྥང་གིས་པར་དུ་བླངས་པའི《འཁྱགས་ངོས་ངལ་གསོ》ཞེས་པར་ཧྥ་རན་སེའི་སྐབས་17པའི་རྒྱལ་སྤྱིའི་པར་ལེན་སྐོར་སྐྱོད་འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ལྷན་གྱི་གསེར་གྱི་རྟགས་མ་ཐོབ་པ་སོགས་ཕུལ་བྱུང་གི་པར་ལེན་བརྩམས་ཆོས་དེ་དག་གི་རྒྱབ་ཏུ་འཛམ་གླིང་གར་སྟེགས་ཐོག་གི་མཚོ་སྔོན་གྱི་སྣོད་བཅུད་ཡག་པོ་ཞིག་རེད།

ཧའོ་ཅིན་ཧྥང་གིས་བཤད་པ་ལྟར།“འགན་འཁྲི་ཞིག་ཕྲག་ཏུ་འཁུར་ཡོད་པ་དང་།བརྙན་པར་ལ་བརྟེན་ནས་མཚོ་སྔོན་གྱི་སྣོད་བཅུད་གནས་ཚུལ་དངོས་མཚོན་པར་བྱས་ཡོད།འཐབ་ས་དང་པོར་སྲུང་སྐྱོང་བྱེད་པར་སྐྱོད་སྐབས།སྣོད་བཅུད་དྲིལ་བསྒྲགས་པ་ཞིག་ཡིན་ལ་སྣོད་བཅུད་དང་བླངས་པ་ཞིག་ཀྱང་ཡིན་ལ།སྣོད་བཅུད་སྲུང་སྐྱོང་ཁྲོད་ཀྱི་སྟོབས་ཤུགས་ཤིག་ཀྱང་ཡིན”ཞེས་བཤད།ལོ་ལྟར་མདོ་ལ་རིང་མོར་བསྐྱོད་སྐབས་ཧའོ་ཅིན་ཧྥང་གིས་པར་ལེན་ལ་བརྟེན་ནས་མཚོ་སྔོན་གྱི་སྣོད་བཅུད་ལེགས་སུ་འགྲོ་བ་དང་སྣོད་བཅུད་མཛེས་སྡུག་ལྡན་པ་མངོན་པར་བྱས་པ་དེ་རེད།

མདོ་ལ་རིང་མོར་གཞི་ཁྱོན་ཆེ་བའི་སྐས་རིམ་གྱི་ཧེ་བག་མངོན་གསལ་དོད་པ་དང་།སྣོད་བཅུད་གྲུབ་ཆ་ཆ་ཚང་བ།རིགས་སྣ་མང་བཅས་ཀྱི་རི་མཐོའི་ས་མཐོའི་འདྲེས་སྦྱོར་སྣོད་བཅུད་མ་ལག་སྐྱེ་འཕེལ་དང་རྒྱུན་འཁྱོངས་བྱས་པ་དེ་ནི་ཚད་གཞི་ཆེན་པོའི་དྲང་རྒྱུད་ཀྱི་དཔེ་མཚོན་ཞིག་དང་རང་རྒྱལ་ནུབ་རྒྱུད་ཀྱི་ཆེས་གལ་ཆེ་བའི་འཁྱགས་རོམ་དང་ཆུ་ཁུངས་གསོ་འཁྱོངས་སྣོད་བཅུད་ནུས་པའི་ཁུལ་ཞིག་རེད།“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནི་འཕྲེད་ཐིག་གཅིག་མཚུངས་ཀྱི་ས་བབ་མཐོ་བའི་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་དང་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང་གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་ཨེ་ཤེ་ཡ་དབུས་མའི་རི་ཁུལ་སྲོག་ཆགས་རིགས་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་རེད”ཅེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་རྟེན་གཞིའི་འགན་འཁུར་བ་མཱ་ཚུན་ཤིན་གྱིས་བཤད།

མཱ་ཚུན་ཤིན་གྱིས་ལོ་མང་རིང་ལས་དོན་དང་ཟུང་འབྲེལ་བྱས་ནས་གསའ་དང་།ཁྲུང་ཁྲུང་སྐེ་ནག་དང་།ཐང་རྒོད་བྱི་ལ་བཅས་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྐོར་གླེང་ཞིང་།དཔེ་དབྱིབས་ལ་ཚོད་རྩིས་བྱས་པ་ལྟར་ན།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་གསའ་རིགས་ཀྱི་གྲངས་འབོར་251ཟིན་པ་དང་ཁྱུ་ཚོགས་ཀྱི་འདུས་ཚད་སྤྱི་ལེ་ངོས་གྲུ་བརྒྱ་རེར་1.67ཟིན་པ་དང་།ཐང་རྒོད་བྱི་ལ་འཚོ་གནས་བྱ་ཡུལ་སྤྱི་ལེ་ངོས་གྲུ་3100ཙམ་ལ་འཚམ་པོ་ཡོད་པ་དང་ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན།གྲངས་འབོར་300ནས་500བར་ཟིན་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་ཁོངས་སུ་ཐང་རྒོད་བྱི་ལ་གཅིག་སྡུད་ཁྱབ་ཁུལ་གཅིག་རྙེད་པ་དང་།རྒྱལ་ཁབ་སྤྱི་གླིང་དང་དེའི་ཉེ་འཁོར་གྱི་འདམ་རར་བརྟག་དཔྱད་བྱས་པ་བརྒྱུད་ཁྲུང་ཁྲུང་སྐེ་ནག་195ཤེས་རྟོགས་བྱུང་བ་དང་།གཙོ་བོ་བོད་ཀྱི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་ཉང་ཆུའི་ས་ཁོངས་དང་།བྲག་གསུམ་མཚོ་དང་ཡིད་འོང་མཚོ་བཅས་སུ་དགུན་སྒྲོལ་བྱེད་པ་དང་།གནས་སྤོའི་བར་ཐག་རིང་ཤོས་སྤྱི་ལེ་1500ཟིན་པ་དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་ཁྲུང་ཁྲུང་སྐེ་ནག་གནས་སྤོའི་ཁྲོད་ཀྱི་བར་ཐག་རིང་ཤོས་དེ་རེད།

“གསའ་ཡི་ཚགས་དམ་ས་དབྱིབས་ཀྱག་ཀྱོག་གི་ཚད་དང་འབྲེལ་བ་ཡོད་པ་དང་།ནུབ་ནས་ཤར་བར་གྱི་སྟུག་ཚད་ཀྱང་ནུབ་རྒྱུད་ཤར་རྒྱུད་ལས་མཐོ་བ་ཡོད”ཅེས་མཱ་ཚུན་ཤིན་གྱིས་བཤད།གསའ་ནི་འདབ་ཆགས་ཀྱི་སྦྲེལ་ཐག་ཁྲོད་ཀྱི་རྔོན་པ་རྩེ་གྲ་ཞིག་ཡིན་པའི་ངོས་ནས་ཕྱོགས་གཞན་ཞིག་ནས་གནའ་ལུག་སོགས་རྩྭ་གཟན་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་འགྲོ་བར་རིགས་པས་ཁུངས་སྐྱེལ་བྱས་ཡོད།མདོ་ལ་རི་བོའི་“བརླན་གླིང་ཕྲན”དེས་བྱེ་ཐང་གི་ཤར་རྒྱུད་ཀྱི་འཁྲིལ་རྐང་བཀག་འགོག་བྱས་ནས་ལྷོ་བྱང་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསོ་སྐྱོང་བྱེད་བཞིན་ཡོད།

ས་ཁམས་མཐོ་ས་ནས་སྣོད་བཅུད་ཀྱི“མཐོ་ས”ཕྱོགས་སུ་བསྐྱོད་ནས“སྣོད་བཅུད་ཀྱི་འོད་ཟེར་མཐོ་བ”དེ་དཔལ་འབར་བཞིན་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཚོ་སྔོན་ཤེས་རྟོགས་དང་མཚོ་སྔོན་དུ་བསྐྱོད་རྒྱུའི་ཡིད་དབང་བཀུགགཙང་གསུམ་ཆུ་འགོ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”མཚོ་སྔོན་དུ་ཀྲུང་གོའི་ནུབ་རྒྱུད་དུ་གནས་པ་དང་།“འཛམ་གླིང་ཡང་རྩེ”ཡོད་པའི་མཚོ་སྔོན་དེ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།