མདོ་དབུས་མཐོ་སྒང་ནས“གངས་རིའི་རྒྱལ་པོ”་སྲུང་སྐྱོང་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

“གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཁོ་ནར་གསའ་ཡོད་པ་མ་ཟད།རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ཕུད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་དུའང་གསའ་ཡི་བྱེད་སྒོ་སྤེལ་ཚུལ་ཐོ་འགོད་བྱས་ཡོད”དུས་ཚོད་དེའི་རིང་མཚོ་སྔོན་དགེ་འོས་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ལིའུ་ཡན་ལིན་གྱིས་2024ལོའི་རྨ་ལྷོ་ཀྲོའུ་ཡི་གསའ་ལ་བརྟག་དཔྱད་བྱས་པའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལེགས་སྒྲིག་བྱེད་པར་བྲེལ་བཞིན་ཡོད།“ང་ཚོས་དམར་ཕྱིའི་པར་ཆས་200བཀོད་སྒྲིག་བྱས་ཡོད་པ་དང་ལོ་ཕྱེད་ནང་གསའ་ལ་རང་ཚུགས་ངང་བརྟག་དཔྱད་ཐེངས་298བྱས་པར་ཟིན་ཐོ་བཀོད་ཡོད་པས་ཧ་ཅང་དགའ་པོ་བྱུང”།

“གངས་རིའི་རྒྱལ་པོ”ཞེས་གྲགས་པའི་གསའ་ནི་མཚོ་བོད་ས་མཐོ་དང་དེ་བཞིན་ཨེ་ཤེ་ཡ་དབུས་མའི་མཐོ་གྲང་རི་ཁུལ་གྱི་སྣོད་བཅུད་མ་ལག་གི་རྔོན་རྒྱག་མཁན་རྩེ་གྲ་ཞིག་རེད།མཚོ་བོད་ས་མཐོའི་ངོས་ནས་བརྗོད་ན།གསའ་ནི་སྣོད་བཅུད་སྲུང་སྐྱོང་གི་སྲོག་ཆགས་གཙོ་བོ་ཞིག་ཡིན་པ་མ་ཟད།གནམ་གཤིས་འགྱུར་ལྡོག་དང་ཆུའི་ཐོན་ཁུངས་བདེ་འཇགས་ཀྱི་མཛུབ་སྟོན་སྲོག་ཆགས་ཤིག་ཀྱང་རེད།གསའ་ཡི་ཁྱུ་ཚོགས་འཚོ་གནས་ཀྱི་གནས་ཚུལ་ལས་སྣོད་བཅུད་མ་ལག་གི་བདེ་ཐང་གནས་ཚུལ་མཚོན་ཐུབ་པ་དང་དེའི་སྲུང་སྐྱོང་གི་ཕན་འབྲས་དེ་མཐོ་གྲང་རི་ཁུལ་གྱི་སྣོད་བཅུད་མ་ལག་གི་བརྟན་ལྷིང་རང་བཞིན་དང་ཆ་ཚང་རང་བཞིན་དང་ཐད་ཀར་འབྲེལ་བ་ཡོད།

མཚོ་བོད་ས་མཐོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་ལ་གཙང་གསུམ་ཆུ་འགོ་དང་།མདོ་ལ་རིང་མོ།ཁུ་ནུ་རི་བོ་སོགས་གསའ་འཚོ་གནས་བྱ་ཡུལ་གལ་ཆེན་ཡོད།དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་བཙུགས་པ་བརྒྱུད་གསའ་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་དང་།ཁེར་རྐྱང་སྲུང་སྐར་རྗེས་འདེད་ཞིབ་འཇུགསྐྱོབ་སྐྱོབ་སྲུང་སྐྱོང་རོགས་སྐྱོབ།འཚོ་གནས་ཁུལ་གྱི་དཔྱད་དཔོག་སོགས་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

ལིའུ་ཡན་ལིན་གྱིས་གསའ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་2011ལོ་ནས་བཟུང་འགོ་ཚུགས་པ་ཞིག་རེད།“གསའ་ཡི་ས་དོང་འཚོལ་བ་དང་།གཅིན་སྐྱག་བསྡུ་བ།དམར་ཕྱིའི་པར་ཆས་སྒྲིག་སྦྱོར་བཅས་ཀྱི་ལས་དོན་དེ་དག་ཚང་མ་ནི་གསའ་ཡི་འཚོ་གནས་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་གསའ་སྲུང་སྐྱོང་ལ་འགག་རྩའི་གྲངས་གཞིའི་འདེགས་སྐྱོར་དང་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱ་ཆེད་ཡིན”ལོ་དེ་དག་རིང་ལིའུ་ཡན་ལིན་གྱི་ལས་དོན་ཚང་མ་གསའ་ལ་དམིགས་ནས་སྐོར་བ་རྒྱག་གི་ཡོད།གཙང་གསུམ་ཆུ་འགོ་དང་།མདོ་ལ་རིང་མོ།ཁུ་ནུ་རི་བོ་སོགས་མཚོ་སྔོན་ཞིང་ཆེན་དུ་གསའ་གཟིག་གིས་ཕྱི་རོལ་དུ་བརྟག་དཔྱད་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

“ལོ་20ལྷག་ཙམ་གྱི་གོང་དུ་གསའ་དངོས་སུ་མཐོང་མཁན་མང་པོ་ཞིག་གིས་གསའ་ལ་ཆེད་མངགས་ཞིབ་འཇུག་བྱེད་མཁན་ཚན་ཞིབ་ལས་དོན་པ་མང་པོ་ཞིག་གིས་ཚེ་གང་དབུལ་སྒྲོལ་ཐུབ་པ་བྱས་ནས‘གངས་རིའི་རྒྱལ་པོ’ཡི་ཉམས་འགྱུར་མཐོང་ཐུབ་ཀྱི་མེད།འོན་ཀྱང་ད་ཆའི་གསའ་ཁྱབ་ཁུལ་དུ་འབྲོག་པ་མང་པོ་ཞིག་གིས་གསའ་མཐོང་མྱོང་ལ་པར་ལེན་ཡང་བྱེད་མྱོང་ཡོད”ལིའུ་ཡན་ལིན་གྱིས་ང་ལ་ཉུང་མཐར་ཡང་གསའ་དང་ཐེངས་ལྔ་འཕྲད་མྱོང་ཡོད།འོན་ཀྱང་བརྗེད་པར་དཀའ་བ་ནི་2012ལོའི་ཟླ་3པར་ཁོང་གིས་གཙང་གསུམ་ཆུ་འགོར་གསའ་ལ་བརྟག་དཔྱད་བྱེད་ཀྱི་ཡོད།“གངས་བབས་མ་ཐག་ང་ཚོ་དང་ཆུ་བོ་གཅིག་གིས་ཆོད་ཀྱང་།དེས་ང་ཚོར་ཁ་ཡ་སྤུ་ཙམ་ཡང་བྱེད་ཀྱི་མེད་པར་ཁ་བ་དཀར་པོའི་རི་ལྡེབས་སུ་འཆམ་འཆམ་དུ་འགྲོ་བཞིན་ཡོད”ཅེས་བཤད།

ལིའུ་ཡན་ལིན་གྱིས་བལྟས་ན།གསའ་དེ་མི་རྣམས་ཀྱི་མིག་ལམ་དུ་ཡང་ཡང་ཐོན་པ་དང་།ཕྱོགས་གཅིག་ནས་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་བ་ལས་བྱུང་བ་དང་།ཕྱོགས་གཞན་ཞིག་ནས་གསའ་ཡི་གྲངས་འབོར་སླར་གསོ་བྱུང་བ་དེ་རེད།2017ལོའི་ཟླ་9པར་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་ཡིག་ཆ་བཏང་ནས་བརྟག་དཔྱད་གྲངས་གཞི་གསར་པར་གཞིགས་ནས་གསའ་ཡི་ཉེན་ཁ་ཕོག་པའི་རིམ་པ་དེ“སྟོངས་ཉེ”ནས“ཉེན་ཁ་ཆེ་བའི”བར་ལེགས་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།

གསའ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྒོ་ཕྱུགས་ཀྱིས་རྩྭ་ར་དང་ཤ་རིགས་ཟ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་སྒོ་ཕྱུགས་ལ་འཇབ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་དེ་མིག་སྔར་གསའ་སྲུང་སྐྱོང་བྱེད་པར་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།ལིའུ་ཡན་ལིན་གྱིས་གསའ་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་དང་དེའི་ནང་ཞུགས་དགོས་པ་དང་འཚོ་གནས་བྱ་ཡུལ་ཕུད་པའི་མང་ཚོགས་ལ་གསའ་སྲུང་སྐྱོང་གི་ཚན་རིག་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཞི་མཐུན་མཉམ་གནས་ཡོང་རྒྱུར་རོགས་རམ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ས་གནས་དེ་གའི་མང་ཚོགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཧུར་སེམས་ཇི་ལྟར་སྐུལ་སློང་བྱེད་དགོས་སམ།མཚོ་སྔོན་གྱིས་སྣོད་བཅུད་བདག་སྐྱོང་བའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་ནས་ས་གནས་དེ་གའི་སྡེ་ཁུལ་དང་འབྲོག་པ་མང་ཚོགས་སྣོད་བཅུད་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་པ་དང་ཆབས་ཅིག་སྲིད་གཞུང་གིས་ཁ་གསབ་དང་འགན་བཅོལ་གྱིས་སྐྱིན་ཚབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲོག་པ་མང་ཚོགས་ལ་ཁ་གསབ་དེ་བས་མང་བ་ཐོབ་གང་ཐུབ་བྱས་ཡོད།

“སྐབས་དེ་དུས་ང་དང་གསའ་དབར་བར་ཐག་སྨི་100ཙམ་ལས་མེད”མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒུག་འདེམས་ཁུལ་ཏ་ལ་ཏུང་དོ་དམ་སྲུང་སྐྱོང་ས་ཚིགས་སུ་སྣོད་བཅུད་བདག་སྐྱོང་བ་མཱ་ཁྲེང་ཅུན་གྱིས་གསར་འགོད་པར་ལག་ཐོགས་ཁ་པར་ནས་བླངས་པའི་གསའ་ཡི་བརྙན་ལམ་བསྟན་པ་དང་།“ཕྱི་དྲོ་ངས་སྐོར་སྲུང་བྱེད་མཇུག་འགྲིལ་ནས་ཕྱིར་ལོག་བྱེད་སྐབས་གསའ་ཞིག་ཆུ་འགྲམ་དུ་ཆུ་འཐུང་བཞིན་ཡོད་པ་མཐོང་བྱུང”

རང་བྱུང་སྲུང་སྐྱོང་ཁུལ་དུ་འཁྲུག་ཆ་དོད་པའི་སྣོད་བཅུད་བདག་སྐྱོང་བའི་ངོས་ནས་བརྗོད་ན།བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་བ་ནི་ལྷོད་གཡེང་གི་བྱ་བ་ཞིག་རེད།ཁོང་ཚོས་རྣམ་པ་མི་འདྲ་བའི་འོག་གི་གསའ་ཡི་གནས་ཚུལ་པར་ལེན་ཐུབ་ནས་གསའ་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

དམར་ཕྱིའི་པར་ཆས་སྒྲིག་སྦྱོར་བྱ་རྒྱུ་དེའང་སྣོད་བཅུད་བདག་སྐྱོང་བའི་ལས་ཀའི་གྲས་ཤིག་ཡིན་པ་དང་ཏ་ལ་བྲག་ཕུག་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཏེ་ཁང་གིས་2017ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གསའ་ལ་ས་གནས་དེ་གའི་བརྟག་དཔྱད་ལས་དོན་ནང་ཞུགས་ཡོད།དམར་ཕྱིའི་པར་ཆས་གང་དུ་སྒྲིག་སྦྱོར་བྱས་ནས་གསའ་པར་ལེན་ཐུབ་ཚད་དེ་བས་མཐོ་བ་ཡོད་དམ།ཁོའི་སེམས་སུ་ས་ཁྲ་གསལ་བོ་ཞིག་ཡོད།“གསའ་ནི་མི་ཧ་ཅང་དཀོན་པའི་རི་མཐོ་གྲོག་རོང་དུ་གནས་པ་དང་པར་ཆས་སྒྲིག་སྦྱོར་བྱེད་པར་ཉམས་མྱོང་དང་བརྡར་ཤ་གཅོད་དགོས་ཀྱི་ཡོད།བདག་སྐྱོང་བ་ཆུང་དུས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད”

སྲིད་གཞུང་དང་།ཚན་ཞིབ་ལས་དོན་པ།སྡེ་ཁུལ།ས་གནས་དེ་གའི་མང་ཚོགས་བཅས་ཀྱི་ཐུན་མོང་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་འོག་མིག་སྔར་ཚོད་དཔག་རགས་ཙམ་བྱས་ན་མཚོ་སྔོན་ཞིང་ཆེན་དུ་གསའ་རིགས་ཀྱི་གྲངས་འབོར་1200ལས་བརྒལ་བའི་ནང་གཙང་གསུམ་ཆུ་འགོའི་ས་ཁོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་36ཙམ་གྱི་ཁྱབ་ཁོངས་ནང་གསའ་རིགས་ཀྱི་གྲངས་འབོར་1002ཙམ་ཟིན་པ་དང་།མདོ་ལ་རིང་མོའི་མཚོ་སྔོན་ཡུག་ཁུལ་གྱི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་15044ཟིན་པ་དང་ཚོད་རྩིས་བྱས་ན་གསའ་ཁྱུའི་གྲངས་འབོར་251ཟིན་རྒྱུ་རེད།

མི་དེ་བས་མང་བས་གསའ་ཡི་འཚོ་གནས་གནས་ཚུལ་ལ་དོ་ཁུར་བྱས་ཏེ་སྲུང་སྐྱོང་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཆེད།མཚོ་སྔོན་གྱིས་གསའ་དེ་ས་མཐོའི་གྲོང་ཁྱེར་གྱི་གཟུགས་བརྙན་དང་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་མངོན་པའི་མིང་བྱང་དུ་བརྩི་རྒྱུ་རེད།2024ལོའི་ཟླ་9པར་མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུ་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གསའ་ཡི་གཟུགས་བརྙན་མཚོན་རྟགས་ཁྱབ་བསྒྲགས་བྱས་ཏེ་ཟི་ལིང་དེ“གསའ་ཡི་གྲོང”དུ་འགྱུར་བ་བྱ་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་དུ་གནས་པའི་ཟི་ལིང་རྩི་ཤིང་གླིང(མཚོ་སྔོན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས)ནི་མང་ཚོགས་ཀྱིས་ཐག་ཉེ་ས་ནས་གསའ་ལ་ཐུག་པའི་སྐར་ཁུང་གལ་ཆེན་ཞིག་རེད།“ང་རྒྱལ”དང“གངས་མོ”“ཁས་མ་བླངས”སོགས་གསའ་གྲགས་ཅན་གྱིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ཡོད།

“2017ལོ་ནས་བཟུང་།སྲོག་སྐྱོབ་དང་གསོ་སྤེལ་ལྟེ་གནས་ཀྱི་སྲོག་སྐྱོབ་དང་གཟིག་གི་མིང་བཏགས་པ་དང་།‘ལིང་ཕི’ལ་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་སྲོག་སྐྱོབ་ས་ཚིགས་སུ་སྐྱེལ་སྐབས་རྒྱ་མ་36ཡོད་པ་དང་རྒྱུན་གཏན་གྱི་ལྗིད་ཚད་ཀྱི་བཅུ་ཆ་དྲུག་ལས་མེད།མིག་གཡས་པ་ལོང་བའི་ལིང་ཞའོ་ལིང་གཤགས་བཅོས་བྱས་པ་བརྒྱུད་སླར་ཡང་འོད་སྣང་མཐོང་ཐུབ”གསའ་སྐྱོབ་པའི་གཏམ་རྒྱུད་སྐོར་གླེང་སྐབས།ཟི་ལིང་སྐྱེ་དངོས་གླིང་ཚན་རིག་ཁྱབ་གདལ་པུའི་འགན་འཁུར་བ་ཆི་ཤིན་ཀྲང་གིས“ང་ཚོས་ཆ་རྐྱེན་འཛོམས་པའི་གསའ་སླར་ཡང་རང་བྱུང་ཁམས་སུ་ལོག་རྒྱུར་རོགས་རམ་ཧུར་ཐག་བྱེད་པ་དང་།ལོ་ན་རྒས་ཤིང་ལུས་སྟོབས་ཞན་པའི་མི་ཁག་གཅིག་སྲོག་ཆགས་གླིང་དུ་གསོ་རྒྱུ་དང་གསོ་ཚགས་འགྲེམས་སྟོན་བྱས་པ་བརྒྱུད་མི་དེ་བས་མང་བས་སྲོག་ཆགས་དེར་དོ་ཁུར་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།