ཁྲུང་སྐྱ་མང་པོ་ལམ་རྒྱགས་འཚོལ་བར་བྲེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་པ་ལུང་ཞང་ཐེ་སི་ཀེ་ས་ཁུལ་དུ་དུས་བྱ་གནས་སྤོར་གྱི་དུས་སུ་སླེབས་པས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཁྲུང་སྐྱ་ཁྲི་ཙམ་གནས་དེར་འཛོམས། ཁྲུང་སྐྱ་མང་པོས་རྒུམ་བུ་བཏུས་ནས་བྱང་ཕྱོགས་སུ་བགྲོད་པའི་ལམ་རྒྱགས་ལ་གྲ་སྒྲིག་བྱེད་བཞིན་ཡོད། པ་ལུང་ཞང་ནི་ཁྲུང་སྐྱ་ལྷོ་ནས་བྱང་དུ་སྤོར་བའི་རྒྱུ་ལམ་གལ་ཆེན་ཞིག་ཡིན་ལ། ལོ་རེའི་ཟླ3པའི་ཟླ་དཀྱིལ་ནས་ཟླ4པའི་ཟླ་དཀྱིལ་བར་དུ། གནས་དེར་བྱ་རིགས་མང་པོ་འཁོར་བ་རེད། པར་འདི་ནི་ཁྲུང་སྐྱ་མང་པོ་ལམ་རྒྱགས་འཚོལ་བར་བྲེལ་བའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།