འཁྱགས་དར་ནས་བསྐྱར་གསོན་དུས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་རྒྱུ་འགྲུལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན། མཚོ་སྔོན་པོ་རུ་རྐང་ཐང་དུ་སྐོར་གཡེང་བྱེད་མཁན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་དབྱི་ཁེ་ཝུའུ་ལན་ཞང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་མི་ཚེ་རིང་དོན་འགྲུབ་ཙོག་པུར་བསྡད་དེ་མིག་མདུན་གྱི་འཁྱགས་ངོས་ལ་མཛུབ་སྟོན་བྱས་ནས་རུ་མི་གཞན་དག་ལ་རྐང་འོག་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།     

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཡིན་པའི་ངོས་ནས་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆུ་གཟུགས་གལ་ཆེན་ཞིག་ཡིན།     མཚོ་སྔོན་པོ་སྲུང་སྐྱོང་བྱེད་པར་མཐོང་ཆེན་དེ་འདྲ་བྱེད་པའི་རྒྱུ་མཚན་ནི་དེའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་མ་ལག་ལ་དོན་སྙིང་གལ་ཆེན་ལྡན་པས་རེད།     དེ་གར་དཀོན་པའི་འདབ་ཆགས་ལ་འཚོ་སྡོད་དང་།    འཕེལ་རྒྱས།    གནས་སྤོ་བཅས་བྱེད་ས་མཁོ་འདོན་བྱས་པ་མ་ཟད།    མཚོ་སྔོན་པོ་ཡི་ཉ་ཅེར་སོགས་དམིགས་བསལ་གྱི་སྐྱེ་དངོས་རིགས་ཀྱི་ཁྱིམ་གཞིས་འབའ་ཞིག་ཀྱང་ཡིན་པ་རེད།     

སྣོད་བཅུད་ས་ཁུལ་གཙོ་བོ་དེ་སྲུང་སྐྱོང་དེ་བས་ལེགས་པར་བྱ་ཆེད།    རྐང་ཚ་རྫོང་གིས་དོ་དམ་ལམ་སྲོལ་ཐད་གསར་གཏོད་བྱས་པ་སྟེ།    ཁྲིམས་འཛིན་དཔུང་ཁག་6བསྡུ་སྒྲིལ་བྱས་ནས་རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་བཙུགས་པ་མ་ཟད།    ཞང་དང་གྲོང་རྡལ་ལྔ་རུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཞུང་ལས་ཁང་སོ་སོར་བཙུགས་ཏེ།    “དྲ་བའི་མི་སྣས་ཉིན་རྒྱུན་ཤེས་རྟོགས་དང་།    ཞང་དང་གྲོང་རྡལ་གྱིས་ཤུར་སྒྲ་གཏོང་བ།    ཁྲིམས་འཛིན་རུ་ཁག་ཐོ་འགོད་བཅས་བྱེད་པའི་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་ཆགས་པ་རེད།     

“དགུན་དང་དཔྱིད་དུས་ནི་མཚོ་སྔོན་པོ་བཀག་ནས་ཉ་གསོ་སྐྱོང་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན།    རྐུན་མ་ཚོས་འཁྱགས་བརྐོས་ཉ་འཛིན་པར་སྔོན་འགོག་བྱ་ཆེད།    ང་ཚོའི་རུ་འབྲིང་འགའ་ཞིག་གིས་སྐོར་གཡེང་གི་ཟློས་ཕྱོད་དང་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད།    ཉིན་རེའི་སྐོར་གཡེང་གི་དུས་ཡུན་ཇེ་མང་དུ་བཏང་བ་མ་ཟད།    ད་དུང་མཚོ་སྔོན་པོ་རྐང་ཚ་རྒྱུད་ཀྱི་མཐའ་འཁོར་གྱི་གསང་བའི་གྲུ་ཟུར་དུ་སྐོར་གཡེང་གི་ཚངས་ཕྱེད་རྒྱ་སྐྱེད་བཏང་ཡོད།    ”མཚེའུ་ངོས་ལ་རླུང་གྲང་ངར་ཆེ་བས།    དགུན་ཁར་སླེབས་རྗེས།    ཏུང་ཀྲི་པུའུ་དང་རུ་མི་ཉིན་ལྟར་མཚོ་སྔོན་པོ་རུ་སྐོར་གཡེང་བྱེད་དུ་འཇུག་བཞིན་ཡོད།     

སྐོར་གཡེང་རུ་ཁག་ཆུང་ཆུང་དབྱི་ཁེ་ཝུའུ་ལན་ཤང་ཡ་ཞིའུ་གྲོང་ཚོའི་ཉེ་འགྲམ་ནས་ཐོན་ཏེ་མཚོ་སྔོན་པོ་མཚེའུ་ཁུལ་བརྒྱུད་ནས་སྤྱི་ལེ་ལྔ་དྲུག་བསྐྱོད་པས་མི་འགའི་སྣ་རྩེ་གྲང་ནས་དམར་པོར་གྱུར་ཡོད།     འཁྱགས་ངོས་སུ་སྐོར་གཡེང་བྱེད་པ་ནི་སྐམ་ས་ལས་ཧ་ཅང་དཀའ་བ་ཞིག་ཡིན་པས།    རྐང་པ་གཉིས་ཀྱིས་འཁྱགས་ངོས་དམ་པོར་བཟུང་དགོས་པ་མ་ཟད།    མིག་གིས་ད་དུང་དུས་དང་རྣམ་པ་ཀུན་ཏུ་འཁྱགས་ངོས་ལ་བལྟས་ནས་“འཁྱགས་མིག་”ཡོད་མེད་ལ་བལྟ་དགོས།    དེ་ནི་དཀའ་ངལ་ཆེ་ལ་དུས་ཚོད་ཀྱང་འགོར་དགོས།     

ཉེ་ཆར་སྐོར་སྲུང་ཐེངས་འགའི་ནང་དབྱི་ཁེ་ཝུའུ་ལན་ཞང་དང་ཆོན་ཅི་ཞང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་མཉམ་འབྲེལ་བྱ་སྤྱོད་སྤེལ་ཡོད།     ཆོན་ཅི་ཞང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་དཔོན་ཀོའུ་ཀྲི་པིན་གྱིས་ངོ་སྤྲོད་ཞོར་དུ་བེད་མེད་དུ་བཏང་བའི་བཏུང་ཆུའི་ཤེལ་དམ་བླངས་ཡོད།     སྐོར་སྲུང་བྱེད་སྐབས་གང་བྱུང་དུ་གད་སྙིགས་གཙོད་སེལ་བྱེད་པ་དེ་སྐོར་སྲུང་རུ་ཁག་ཆུང་གྲས་ཀྱི་གོམས་གཤིས་སུ་གྱུར་ཡོད།     

“ཕུ་བོ་ལགས།    གསེར་ཉ་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པ་ཡིན།    གལ་ཏེ་དོགས་པ་ཡོད་པའི་མི་ཡོད་པ་ཤེས་ཚེ་མྱུར་དུ་ང་ཚོར་འབྲེལ་གཏུག་གནང་རོགས།    ” ལམ་ཐོག་གྲོང་མི་དང་འཕྲད་སྐབས་སྐོར་ཞིབ་རུ་ཁག་ཆུང་ཆུང་གིས་དུས་ཐོག་ཏུ་གོམ་པ་མཚམས་བཞག་ནས་ངང་རྒྱུད་རིང་པོས་“གལ་ཏེ་གསེར་ཉའི་གྲངས་འབོར་མུ་མཐུད་ཉུང་དུ་ཕྱིན་ཚེ་མཚེའུ་ཆུའི་སྣོད་བཅུད་འཁོར་སྐྱོད་ལ་གཏོར་བརླག་ཐེབས་སྲིད་པ་དང་།    མཚེའུ་ཆུའི་སྤུས་ཚད་ཀྱང་ཇེ་ཞན་དུ་འགྲོ་སྲིད།    མཚོ་སྔོན་པོ་ཡིས་ང་ཚོ་གསོ་སྐྱོང་བྱས་ཡོད་པས་ད་ལྟ་ང་ཚོས་དེ་སྲུང་སྐྱོབ་བྱེད་པའི་དུས་ཡིན”ཞེས་འགྲེལ་བཤད་བྱས།    

གྲོང་མིར་འབྲེལ་གཏུག་ཁ་པར་བཤད་རྗེས།    སྐོར་ཞིབ་རུ་ཁག་ཆུང་ཆུང་མུ་མཐུད་མཚེའུ་འགྲམ་བརྒྱུད་ནས་མདུན་སྐྱོད་བྱས་པ་དང་མི་4གྲང་རླུང་ཁྲོད་མཚེའུ་འགྲམ་རྒྱུད་རིང་པོ་བརྒྱུད་ཕྱི་དྲོ་ཆོན་ཅི་ཞང་ཧྲེང་ཆོན་མཚོ་ཁུག་སྣོད་བཅུད་ཉམས་ལེན་ཁུལ་དུ་སླེབས་ཡོད།     དགུན་ཁར་སླེབས་རྗེས།    མཚོ་སྔོན་པོའི“མཐིང་མདོག་གི་འཁྱགས་དར”དྲ་བའི་ཚ་ཚད་མུ་མཐུད་དུ་ཇེ་མཐོར་སོང་སྟེ།    ཡུལ་སྐོར་བ་མི་ཉུང་བ་ཞིག་མཚོ་སྔོན་པོ་རུ་བྱང་བུ་བརྒྱབ་པར་ཡོང་བ་རེད།     “བདེ་ལེགས།    ནང་དུ་ཇི་ལྟར་སོང་ན་འཁྱགས་པ་དེ་ཙམ་གྱིས་སྲ་པོ་མི་འདུགཚང་མས་བདེ་འཇགས་ལ་དོ་སྣང་བྱེད་དགོས།    ”ཡུལ་སྐོར་བ་རྣམས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་“འཁྱགས་སྔོན་”རྙེད་ཆེད་དེ་ཙམ་གྱིས་ཐག་རིང་དུ་འགྲོ་བ་མཐོང་རྗེས།    ཀོའུ་ཀྲི་པིན་གྱིས་དུས་ཐོག་ཏུ་མདུན་དུ་ཁ་ཏ་བྱས།     

འཁྱགས་ངོས་ལ་བལྟས་ན་སྲ་མོ་ཡིན་མོད།    དོན་དངོས་སུ་ཉེན་ཁ་སྦས་ཡོད།     ཟླ་བ་གོང་མར་རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་དང་མཚོ་བྱང་ཁུལ་ཡི་འབྲེལ་ཡོད་སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་སྐོར་ཞིབ་བྱས་ནས་ད་གཟོད་ཏུང་ཀྲི་པུའུ་དང་རུ་མི་རྣམས་སྐམ་ཆུ་གཉིས་སྤྱོད་རླངས་འཁོར་ལ་བསྡད་ནས་སྐོར་སྲུང་བྱེད་དུ་བཅུག་སྐབས།    འཁྱགས་ངོས་གློ་བུར་དུ་གས་ནས་མཚེའུ་ནང་དུ་ལྷུང་ལ་ཉེ་བ་རེད།     

“སྐབས་དེར་རླངས་འཁོར་སྐྱོད་པ་མགྱོགས་པོ་མ་བྱུང་བས།    ནང་དུ་ལྷུང་རྩིས་ཡོད་དུས་ང་ཚོ་དུས་ཐོག་ཏུ་རླངས་འཁོར་ནང་ནས་མཆོང་ནས་མཚེའུ་ནང་དུ་མི་ལྷུང་ཐུབ་པ་རེད།    ཆེད་དོན་སྐོར་སྲུང་མི་སྣ་མང་བས་ཚང་མས་མྱུར་དུ་སྐོར་བ་དང་ཐག་པ་བཙལ་ནས་འབོད་ཚིག་བསྒྲགས་པ་དང་།    མཉམ་དུ་རླངས་འཁོར་འཁྱགས་དོང་ནང་ནས་འཐེན་སོང་།    ”ཅེས་ཤོང་ཀྲི་པུས་བཤད།     

ནུབ་ཉམས་དར་ངོས་སྤོས་ཤེལ་གྱི་མདོག་ཏུ་བསྒྱུར་སྐབས།    སྐོར་སྲུང་རུ་ཆུང་གཞི་ནས་ཕྱིར་ལོག “སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ད་ཆ་ཁྲིམས་འགལ་གྱིས་ཉ་འཛིན་མཁན་དེ་སྔོན་གྱི་ལོ་ཤས་ལས་ཉུང་དུ་ཕྱིན་པ་རེད།    ”ཀོའུ་ཀྲི་པིན་ནི་རང་ཡུལ་གྱི་རྐང་ཚ་ཡི་མི་ཞིག་ཡིན་པ་དང་།    ཆུང་དུས་ནས་མཚོ་སྔོན་པོ་འགྲམ་དུ་འཚར་ལོངས་བྱུང་།    ཁོང་གིས་ད་དུང་ཆུང་དུས་སུ་ས་གནས་དེ་གའི་མི་མི་ཉུང་བ་ཞིག་གིས་ཉ་འཛིན་ཟ་བ་དྲན་གྱི་ཡོད།    མཚེའུ་བཀག་ནས་ཉ་གསོ་པ་དང་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་ད་ཆ་རྐང་ཚ་རྫོང་ཚང་མས་མཚོ་སྔོན་པོ་ཡི་ཉ་གཅེར་བུ་སྲུང་སྐྱོབ་བྱེད་པ་ཤེས་ཀྱི་ཡོད།     

ཀོའུ་ཀྲི་པིན་གྱིས་གསུངས་པ་ལྟར།    ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོགམཚོ་སྔོན་པོ་ཡི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རང་ཉིད་ལ་དབང་བའི་སྣོད་བཅུད་ཀྱི་ངོ་མཚར་ཞིག་འབྲི་བཞིན་ཡོད།     ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན།    མཚོ་སྔོན་པོ་ཡི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་4650.08ཡིན་པ་དང་།    ཆུའི་རྒྱ་ཁྱོན་2005ལོ་ནས་བཟུང་བསྟུད་མར་ལོ་20ཆེ་རུ་ཕྱིན་པ་དང་ཆུ་གནས་ཆ་སྙོམས་ལོ་ལྟར་ལི་སྨི་20ཙམ་འཕར་ཡོད་པ་རེད།     མིག་སྔར་མཚེའུ་ཆུའི་རྒྱ་ཁྱོན་ལོ་70གོང་གི་ཆུ་ཚད་དུ་སླར་གསོ་བྱས་ཡོད།     

ཆུའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེས་སྐྱེ་དངོས་མང་པོ་ཞིག་ལ་དེ་བས་རྒྱ་ཆེ་བའི་འཚོ་གནས་ཀྱི་བར་སྟོང་མཁོ་འདོན་བྱས་ཡོད།     མཚོ་སྔོན་པོའི་གསེར་ཉའི་ཁྱུ་ཚོགས་རིམ་བཞིན་ཇེ་མཐོར་སོང་བ་དང་།    སྐོར་བྱ་ཁྱུ་ཚོགས་མང་པོ་ཞིག་ཀྱང་འབར་འབར་བྱས་པས།    འདམ་རའི་སྐྱེ་ཁམས་མ་ལག་སྔར་བས་བརྟན་པོ་ཡོད།     དཔྱིད་དུས་ཀྱི་མཚོ་སྔོན་པོ་ཡི་ངོས་སྔར་བཞིན་འཁྱགས་དར་བང་རིམ་གྱིས་ཁེབས་ཡོད་པ་དང་།    དཔྱིད་རླུང་རྦད་དེ་གཡུག་པས།    འཁྱགས་འོག་ཏུ་དཔྱིད་ཀྱི་ཚོར་བ་ཚད་མེད་འཕྱུར་བཞིན་ཡོད།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།