ཨ་ཆེན་གངས་རྒྱབ་ཏུ་རྒྱུ་བའི་གཙོད།
དགོ་བ།
གཟན་རྩྭ་སྙེག་པའི་གནའ་བ།
བརྩེ་འདང་ཆེ་བའི་སྤྲེའུ་བཟའ་མི་གང་བོ།
ཁྲུང་ཁྲུང་སྐེ་ནག་ཁྱུ་ཞིག
ཆབ་རོམ་རྒྱུ་བའི་བྱ་གག་པ་སེར་སྐྱ་ཁྱུ་ཞིག
སྐེ་སྲིང་བཞིན་པའི་རྩིང་པ།
འོ་བྱེད་པའི་བྲག་སྲམ།
རློན་སར་ངལ་གསོ་བཞིན་པའི་ངང་བ་མགོ་ཁྲ།
བང་གིས་རྒྱུག་པའི་སྤྱང་ཀི
རྩྭ་གསེང་དུ་ངལ་གསོ་བཞིན་པའི་ལྭ་མོ།
གྱེན་དུ་རྐྱལ་བའི་མཚོ་སྔོན་པོའི་གསེར་ཉ།
ཁུ་ནུ་རི་བོའི་རྒྱུད་ཀྱི་གངས་རིའི་མུ་རྒྱུད་ནི་ཞོགས་པའི་ཉི་འོད་ཁྲོད་རབ་ཏུ་འཚེར་ཞིང་། མཚོ་སྔོན་པོའི་རླབས་ཕྲེང་གིས་བྱ་མཆུ་དམར་གྱིས་ལྡེམ་པའི་གཤོག་པ་དགུང་དུ་བཏེགས། སའི་ཁྱོན་ལ་སྤྱི་གྲུ་བཞི་གྲུ་བཞི་མ་ཁྲི72ཡོད་པའི་ས་གཙང་རི་མཐོའི་གནས་འདི་རུ། ཚེ་སྲོག་རེ་རེ་ནི་དེ་ལྟར་ཆེས་བདེན་པའི་ཉམས་འགྱུར་གྱིས་འཚོ་ཞིང་བཞེས་ཏེ། གནམ་སའི་བར་གྱི་ཆེས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་སྙན་ངག་ཅིག་བྲིས་དང་འབྲི་བཞིན་མཆིས།
ཨ་ཆེན་གངས་རྒྱབ་ཐང་རྒོད་དུ། གཙོད་ཁྱུ་དང་ཁྱུ་བྱས་ཏེ་འཚོ་ཞིང་། ཁོ་ཚོས་ཕྲ་ཞིང་རིང་བའི་སུག་བཞིར་བརྟེན་ནས་ཐང་སྟོང་བརྒྱུད་དེ་འགྲོ་བའི་ཚེ་ན། གསེར་མདོག་གི་སྤུ་ཁ་རླུང་གིས་བསྐྱོད་དེ་སྤོས་ཤེལ་ཞིག་དང་འདྲ་ལ། ཁོ་ཚོས་དེ་ལྟར་མཚོ་འཕགས་སྨི5000ཡས་མས་ཀྱི་མཐོ་སྒང་དུ་འཚོ་གནས་ཀྱི་ངོ་མཚར་བསྐྲུན་བཞིན་ཡོད། འབྲོག་པའི་སྦྲ་གུར་གྱི་འགྲམ་དུ། རྐྱང་རྣམས་རྐང་རྐ་ལག་བར་དུ་ས་རྡུལ་འཕྱུར་ཞོར་བང་གིས་བརྒྱུགས་ཤིང་། སྐེ་རྩར་བྱིངས་པའི་སྤུ་ཁ་ནི་བར་སྣང་དུ་གཡུགས་པའི་དར་ལྕོག་ཅིག་དང་འདྲ་བར་གནམ་སའི་མཚམས་ཀྱི་འཁྱགས་ཀློང་དང་གཞི་གཅིག་ཏུ་འདྲེས་འདུག
མདོ་ལ་རི་བོའི་ཁུགས་སོར་གསའ་ཁྲ་རིས་དང་བྲག་རིས་གཞི་གཅིག་ཏུ་སྣང་ཞིང་། མཐོ་སྒང་གི་གཅེས་གནོར་འདི་ཡིས་གཡང་གཟར་གྱི་བྲག་རིའི་གསེང་དུ་མེ་ཏོག་གི་རྐང་རྗེས་དཔར་ཡོད། ཞོགས་པའི་སྨུག་པ་གསོམ་ཤིང་གི་ནགས་ཚལ་དུ་ཁྱབ་དུས།ཤྭ་བའི་ཁྱུ་ཚོགས་ནི་ཆུ་བོར་བརྒལ་ཏེ་གནའ་བའི་ཁྱུ་ཚོགས་གཉིད་ལས་བསླངས་པདང་།གྲོག་རོང་ཧྲིལ་པོ་གཉིད་ལས་སད་དེ་སྲོག་ཆགས་སྣ་ཚོགས་རི་མོ་བཞིན་མཛེས་པའི་ཞིང་ཁམས་ཤིག་ཏུ་གྱུར།
མཚོ་སྔོན་པོའི་འགྲམ་གྱི་འདམ་ར་ནི་འདབ་ཆགས་ཀྱི་ལྷ་ཡུལ་ཡིན། ཁྲུང་ཁྲུང་སྐེ་ནག་ཆུ་ངོས་སུ་བག་ཡངས་ངང་རྒྱུ་ཞིང་།ངང་བ་མགོ་ཁྲའི་ཁྱུ་ཚོགས་ཀྱང་ཆུ་ངོས་སུ་གར་ལ་རྩེན་ཞིང་། གཤོག་པའི་ལྡེམ་མྱུར་གྱིས་རྦ་རླབས་རེ་རེ་གཡོ་བར་བྱེད། ས་སྲོས་ཀྱི་དུས་སུ། ཡུལ་དེར་འཚོ་བའི་ལྭ་མོ་ཨ་མས་རང་གི་ཕྲུ་གུ་ཁྲིད་དེ་བྱི་བ་དང་རི་བོང་གི་བྲག་ཁུང་མདུན་དུ་སྡོད་ཅིང་། གསེར་མདོག་གི་སྤུ་ཁ་ནི་ས་སྲོས་ཉི་འོད་དང་གཞི་གཅིག་ཏུ་འདྲེས་ལ།གནམ་སའི་མཚམས་སུ་ནམ་ཡང་འཇགས་པ་མེད་པའི་འབོད་སྒྲ་ཞིག་གྲགས་བཞིན་མཆིས།
མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ། ནམ་མཁའ་དང་ཐག་ཉེ་བའི་ཡུལ་གྲུ་འདི་རུ། གངས་རི་དང་རྩྭ་ཐང་གིས་ཚེ་སྲོག་གི་འབྱུང་གནས་གྲུབ་ཅིང་། གཙང་བོ་དང་མཚེའུ་ཡིས་བྱ་དངོས་ཡོད་དོ་ཅོག་ལ་དབུགས་ཀྱི་རྒྱུ་བ་བསྩལ་ཡོད། མཚོ་སྔོན་ཞེས་པའི་ས་གཞི་ཆེན་པོའི་སྙིང་གི་འཕར་ལྡིང་རེ་རེ་ལས་ཚེ་སྲོག་ལ་གུས་སྐྲག་དང་བསྟོད་བསྔགས་འབུལ་བཞིན་ཡོད་ལ། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་གུས་ཆུང་བྱེད་པ་ནས་བཟུང་། མཐོ་སྒང་གི་སྙིང་ཉེ་བའི་རི་དྭགས་གཅན་གཟན་དང་བྱ་དང་བྱིའུ་ཐམས་ཅད་ནི་གཏན་དུ་སྐྱེ་ཁམས་སྣོད་བཅུད་ཀྱི་ལོ་རྒྱུས་སྙན་ངག་ཏུ་འགྱུར་སྲིད། །