མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཕྱོགས་དགུའི་བྱེད་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་སྒྲུབ་རྒྱུ་ཡིན་པར་བསྟན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་གཏོང་ཆེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་གཙོ་གནད་ལས་འགན་དང་འབུར་ཐོན་གནད་དོན་ལ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱེད་ཐབས་ཕྱོགས་དགུ་ཞིབ་ཕྲའི་དོན་འཁྱོལ་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “འབྱུང་ཁུངས་སྔོན་འགོག་ནན་མོ་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་དོ་དམ་ནན་མོ་བྱེད་པ། གནོད་འཚེ་བཏང་བར་སྐྱིན་ཚབ་འཇལ་བ། མཇུག་འབྲས་ལ་ཆད་གཅོད་ནན་མོ་བཅས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་སྒྲོམ་གཞི་མགྱོགས་མྱུར་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་བཅོས་སྒྲིག་གི་དོན་དག་སྣ་ཚོགས་ཀྱི་འགག་སྒོ་དམ་འཛིན་ནན་མོ་བྱེད་པ། ལྟ་ཞིབ་བཅོས་སྒྲིག་དང་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་པ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པའི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གནད་དོན་བཅོས་སྒྲིག་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཁོངས་ཡོངས་བཅོས་སྒྲིག་བྱེད་པར་སྐུལ་ཁྲིད་བྱེད་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་མ་ལག་མགྱོགས་མྱུར་སྒོས་འཛུགས་པ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར(GEP)དཔྱད་ཞིབ་རྐྱེན་སྲོལ་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་ཁྲིམས་འཛིན་བཅོས་སྒྱུར་གྱི་བརྟག་ཞིབ་གཏིང་ཟབ་ཏུ་སྤེལ་བ། “སྐྱེ་ཁམས་ཆེན་མོའི”ཁོར་ཡུག་ལྟ་སྐུལ་དོ་དམ་མ་ལག་འཚོལ་ཞིབ་བྱས་ཏེ་འཛུགས་དགོས། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མིས་བཟོས་སླར་གསོ་ཞོར་དུ་འཛིན་པའི”བྱེད་ཕྱོགས་ལ་མུ་མཐུད་དུ་བརྩི་སྲུང་བྱས་ཏེ། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོའི་བཅོས་སྐྱོང་ལས་གཞིའི་དོ་དམ་བྱ་བ་དང་ལག་རྩལ་ཕྱོགས་སྟོན་མགྱོགས་མྱུར་སྒོས་བཏོན་ནས། རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། གནོད་འཚེའི་སྐྱིན་གསབ་ལམ་ལུགས་དོན་འཁྱོལ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་སྐྱིན་གསབ་བྱ་བ་ཚད་ལྡན་ཅན་དང་གོ་རིམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གནོད་འཚེ་སྐྱིན་གསབ་གྱོད་གཞིའི་རྗེས་འདེད་དང་དོ་དམ་ལམ་སྲོལ་མགྱོགས་མྱུར་སྒོས་བཙུགས་ནས། དུས་ཐོག་ཏུ་གནད་དོན་དང་འགོག་རྐྱེན་རྗེས་འདེད་དང་། དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་སྐྱིན་ཚབ་འཇལ་འོས་པའི་མིས་སྐྱིན་གསབ་གྲོས་མོལ་བྱེད་པའི་ཐད་འཇལ་དགོས་པ་ཚང་མ་དུས་ཐོག་ཏུ་འཇལ་དགོས། གནོད་འཚེ་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་ལ་གང་ལེགས་ཀྱིས་སླར་གསོ་བྱེད་དགོས་པའི་ལྟ་སྐུལ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། ཁོར་ཡུག་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས། ཚད་གཞི་བཅས་ཀྱི་གསལ་འགྲེལ་ལ་མུ་མཐུད་ཤུགས་སྣོན་པ་དང་། ལྗང་མདོག་དངུལ་རྩ་དང་ལག་རྩལ་འདོན་སྤྲོད། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་སོགས་ཕྱོགས་མང་པོའི་ཐད་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས། སྲོལ་རྒྱུན་གྱི་སྦགས་བཙོག་བཅོས་སྐྱོང་བྱེད་སྟངས་དེ་རྣམ་པ་གསར་པའི་ནུས་ཆེའི་བཅོས་སྐྱོང་བྱེད་སྟངས་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ཕྱོགས་སྟོན་གྱི་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་མུ་མཐུད་དུ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་ལ་ཞིབ་འཇུག་བྱས་ཏེ། ལྗང་མདོག་ཐཱན་ཉུང་ཚན་རྩལ་ཞིང་ཆེན་དུ་རང་སྟོབས་རང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཁོར་ཡུག་གདེང་འཇོག་གི་འབྱུང་ཁུངས་སྔོན་འགོག་གི་ཕན་ནུས་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་གྱི་ཁོར་ཡུག་གདེང་འཇོག་གི་ཞིབ་བཤེར་ཆོག་མཆན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པ་མན་གྱི་ལས་གཞིའི་ཁོར་ཡུག་གདེང་འཇོག་ཞིབ་བཤེར་ཆོག་མཆན་དབང་ཚད་ལེགས་སྒྲིག་ཡག་པོ་བྱེད་དགོས། དཔྱད་ཞིབ་བྱ་རྒྱུ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པས་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས།  །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།