《མཚོ་སྔོན་གྱི་འདམ་ར་སྲུང་སྐྱོང་འཆར་འགོད(2024ལོ་ནས་2030ལོ་བར)》པར་འགྲེམས་དང་ལག་བསྟར་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན་གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱས་པར།    ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཉེ་ཆར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་འཆར་འགོད(2024ལོ་ནས་2030ལོ་བར)》པར་འགྲེམས་བྱས་པ་རེད།     《འཆར་འགོད》དེར་ཁྱོན་ལེའུ་ལྔ་དང་ས་བཅད་ཉི་ཤུ་ཡོད་པ་དང་།    མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་ཐོན་ཁུངས་ཁྱབ་ཚུལ་དང་དེ་བཞིན་ཁྱད་ཆོས་ལ་གཞི་ཚུགས་པ་དང་།    མིག་སྔར་གནས་པའི་གནད་དོན་དང་།    གོ་སྐབས།    འགྲན་སློང་བཅས་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ།    ཏང་ཀྲུང་དབྱང་དང་།    རྒྱལ་སྲིད་སྤྱི་ཁྱབ་ཁང་།    ཞིང་ཆེན་ཏང་ཨུ།    ཞིང་ཆེན་སྲིད་གཞུང་བཅས་ཀྱི་འཐབ་ཇུས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་པ།    ས་ཁོངས་གལ་ཆེན་གྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་ཕྱོགས་སྟོན་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད།   

ངོ་སྤྲོད་བྱས་པར་གཞིགས་ན།    རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་བརྟག་དཔྱད་ཐེངས་གསུམ་པ་དང་2023ལོ་འཁོར་གྱི་རྒྱལ་ཁབ་ས་ཆ་འགྱུར་ལྡོག་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན།    མཚོ་སྔོན་ཞིང་ཆེན་གྱི་འདམ་ར་མུའུ་དུང་ཕྱུར་1.07ཟིན་པ་དེས་རྒྱལ་ཡོངས་ཀྱི་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི་12.64%བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དེའི་ནང་སྐམ་སའི་དབུས་ཁུལ་གྱི་གྲམ་ཐང་དང་།    འདམ་ར།    འདམ་ར།    ནགས་ཚལ་ན་འདམ་བཅས་ཚུད་ཡོད་པ་རེད།     དེ་བཞིན་གཙང་པོའི་ཆུ་ངོས་དང་།    མཚེའུའི་ཆུ་ངོས།    ཆུ་མཛོད་ཀྱི་ཆུ་ངོས།    དོང་རྫིང་གི་ཆུ་ངོས(གསོ་སྤེལ་གྱི་ཆུ་ངོས་ཚུད་མེད)ཆུ་ཡུར་བཅས་རིགས་9ཚུད་ཡོད་པ་རེད།     

《འཆར་འགོད》ནང་གཙང་གསུམ་ཆུ་འགོ་དང་།    མདོ་ལ་རིང་མོ།    མཚོ་སྔོན་པོའི་རྒྱུག་ཁུལ།    ཚྭ་འདམ་གཤོངས་ས།    རྨ་ཆུ་དང་ཙོང་རོང་བཅས་བར་མཐོངས་ཀྱི་བཀོད་སྒྲིག་རྨང་གཞིར་བྱས་པ་དང་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་།    གཙང་གསུམ་ཆུ་འགོའི་སྲུང་སྐྱོང་།    “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་དམིགས་ཚད་དུ་བྱས་ནས་སླད་ཕྱིན་དུས་སྐབས་ཤིག་རིང་ཞིང་ཆེན་དེ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་གི་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད་པ་རེད།     2030ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་5ཟིན་པ་དང་།    རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་6ཟིན་པ།    ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་35ཟིན་པ།    ཞིང་ཆེན་དེ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཐུབ་པ།    འདམ་ར་ཉམས་ཞན་ལ་ཚན་རིག་དང་མཐུན་པའི་མ་ལག་སླར་གསོ་ཐུབ་པ།    འདམ་རའི་སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ།    འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་འཚོ་ཁུལ་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་།    ཕན་ནུས་ཆེ་བའི་ཉམས་གསོ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།  

《འཆར་འགོད》ནང་འདམ་ར་དོ་དམ་ནན་པོ་དང་།    འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན།    འདམ་ར་ཉམས་གསོ་ལ་སྐུལ་འདེད།    འདམ་རར་ལྟ་ཞིབ་ཚད་ལེན།    བེད་སྤྱོད་ལུགས་མཐུན།    ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལས་འགན་གཙོ་བོ་ཁག་6བཏོན་ཡོད་པ་རེད།     འདམ་རའི་རྒྱ་ཁྱོན་གྱི་སྤྱི་འབོར་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་།    འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་ཚང་དུ་གཏོང་བ།    ཁུལ་དབྱེ་ཇུས་བསྟར་གྱིས་ས་ཁོངས་ཀྱི་འདམ་རའི་སྣོད་བཅུད་སླར་གསོར་སྐུལ་འདེད་གཏོང་བ།    འདམ་རའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དྲ་བ་འཛུགས་པ།    མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་བཟོ་བཅོས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ཆེན་དེ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་སླར་གསོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་འདམ་རའི་སྐྱེ་ཁམས་ནུས་པ་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།