མཚོ་སྔོན་གྱིས་ངར་སེམས་ཆེར་སྐྱེད་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་མདུན་ལམ་དུས་ཡུན་རིང་ཞིང་འོད་ཟེར་རབ་ཏུ་འཕྲོ་བ་ཞིག་ཡོད།     

ཞིང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཕྱོགས་སྒྱུར་རིམ་སྤོར་ཟམ་མི་ཆད་པར་མགྱོགས་སུ་བཏང་ནས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།     དེང་རབས་ཅན་གྱི་ཐོན་ལས་མ་ལག་ཕྱོགས་ཡོངས་ནས་སྐྲུན་མགྱོགས་སུ་བཏང་བས་བཟོ་ལས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།     ལས་རྣམ་གསར་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་ཁྲིད་སྟོན་བྱས་ཏེ་ཞབས་ཞུའི་ལས་རིགས་ཀྱིས་སྒུལ་ཤུགས་གཙོ་བོ་འདོན་པ།     གྲངས་གཞིའི་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྤུས་ལེགས་འཕེལ་རྒྱས་ལ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་བསྣན་པ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྐུལ་སློང་བྱས་ནས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།    གྲུབ་འབྲས་རེ་རེ་དང་གྲུབ་འབྲས་རེ་རེ་བཞིན་ལས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་གསོན་ཉམས་དོད་པོས་མངོན་བཞིན་ཡོད་པ་རེད།     

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ནང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་ནས་མཚོ་སྔོན་ལ་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཞིག་གཏོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།     

མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི”བླང་བྱ་གལ་ཆེན་ལ་བརྩི་སྲུང་ཞུས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་།    ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བསྐྲུན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།     

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དམིགས་ཡུལ་རེ་རེ་བཞིན་སྔར་བས་གསལ།     ད་ཆ་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ་དང་གོ་སྐབས་དམ་འཛིན་དང་།    སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱས་རྗེས་འཇོག་པ།    ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡིད་ཆེས་བརྟན་དུ་གཏོང་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད།     

--སྤུས་ལེགས་འཕེལ་རྒྱས་ལ་བརྟེན་ནས་མཚོ་སྔོན་གསར་པའི་ལེའུ་ཕྱོགས་ཡོངས་ནས་རྩོམ་དགོས།     

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་།    འཕེལ་རྒྱས་ཀྱི་ལེགས་ཆ།    ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གནད་ལ་འཁེལ་པོས་དམ་འཛིན་གནང་སྟེ་མཚོ་སྔོན་ལ“འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་།    རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་གྱི་དམིགས་ས།    ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་གཏོད་རྒྱུའི”འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་རེད།     

ཐོན་ལས་ཀྱི“ས་ཁུལ་བཞི”བསྐྲུན་རྒྱུར་དམིགས་ནས་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་ལས་སྒྲོལ་བའི་གྲུབ་འབྲས་བཟང་པོ་ཐོབ་པ་བྱས་ཡོད།     

ཚྭ་མཚེའུ་ཆེ་ཆུང་སྣ་ཚོགས་མྱ་ངམ་གྱི་ཀློང་དུ་འབབ་པ་ལས།    མཚོ་སྔོན་གྱི་ཚྭ་འདམ་གཤོངས་ས་དེ་རང་རྒྱལ་གྱི་ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད།     ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱས་པ་དེས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།     

འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད།    མཚོ་སྔོན་གྱིས་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་འཆར་འགོད་དང་།    ཇུས་གཞི།    སྲིད་ཇུས་བྱ་ཐབས་བཅས་རབ་དང་རིམ་པ་བཟོས་པ་དང་།    འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་བ།    ཚྭ་མཚོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་10ལྷག་ཙམ་བཟོས་ནས་རིམ་བཞིན་ཅཱ་དང་།    ནཱ།    མཱེ།    ལིས།    ཁིལ་བཅས་ཐོན་ལས་ཆེན་པོ་ལྔ་གྲུབ་པ་རེད།     《མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་

མིག་སྔར།    རང་རྒྱལ་གྱི་དཔལ་འབྱོར་ཉིད་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དུས་རིམ་དུ་སླེབས་ཡོད་པ་དང་།    གོང་འཕེལ་གཏོང་སྟངས་དེ་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་རྒྱུ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན།     ཐོན་ཁུངས་རང་སྤུས་ཀྱི་ཆ་ནས་བལྟས་ན།    “ཆུ་དྭངས་ཤིང་།    འོད་འཕྲོ།    སྤྱོད་བཟང་།    ས་རྒྱ་ཆེ་བ”བཅས་ཀྱི་ཁྱད་ཆོས་ལྡན་པས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་གཞན་ལ་མེད་པའི་ས་བབ་དང་།    ཐོན་ཁུངས།    ཁོར་ཡུག་བཅས་ཀྱི་ལེགས་ཆ་ལྡན་ཡོད།     

རྒྱལ་ཡོངས་ཀྱི་ལྗང་མདོག་གློག་གི་ལམ་ཆེན་དང་པོ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།    རང་སྐྱོང་ལྗོངས།    གྲོང་ཁྱེར་བཅས་15ལ་ལྗང་མདོག་གློག་རྒྱུན་མི་ཆད་པར་གཏོང་རྒྱུ།     ཐེན་ཧོ་འོད་ནུས་དང་ཨ་ཐེ་སི་སོགས་རྒྱལ་ནང་གི་འོད་ཤུགས་ལས་རིགས་ཀྱི་མགོ་ཁུངས་ཁེ་ལས་ཁག་གཅིག་ཐོན་སྐྱེད་བྱེད་འགོ་བཙུགས་ནས་ཅུང་ཆ་ཚང་བའི་འོད་ཤུགས་ཐོན་ལས་འབྲེལ་ཐག་བསྐྲུན་པ།     འབའ་རྫོང་དང་།    བ་རང་།    ནན་ཧྲན་ཁོའུ་བཅས་ཁྱོན་ཆན་ཝ་ཁྲི་760ཟིན་པའི་ཆུ་འཐེན་གསོག་འཇོག་རྣམ་གྲངས་3ལ་ཞིབ་མཆན་བཀོད་ནས་ལས་འགོ་ཚུགས་པ།     མར་ཏིང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་འགོ་ཚུགས་པ་དང་རྨ་ཆུའི་ཡར་འབྲོག་གཡུ་མཚོའི་ཆུ་ཤུགས་གློག་ཁང་གི་ཆུ་སྒོ་ཕྱེ་ནས་ཆུ་གསོག་ཐུབ་པ་བྱུང་ཡོད།    རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་དམིགས་ནས་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུག་ཤར་གློད་བཞིན་ཡོད་པ་རེད།     

འདི་ལོའི་ཟླ་6པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5329.09ཟིན་ནས་བསྡུར་གྲངས་ཀྱི་93.2%བཟུང་བ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3919.45ཟིན་ནས་བསྡུར་གྲངས་ཀྱི་68.5%བཟུང་ཡོད།     ནུས་རྒྱུ་གཙང་མ་དེ་མཚོ་སྔོན་གྱི་མདུན་ལམ་ཆེ་ཤོས་དང་།    མི་མངོན་པའི་སྟོབས་ཤུགས་ཆེ་ཤོས།    སྐུལ་ཁྲིད་ནུས་པ་ཆེ་ཤོས་བཅས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།     

མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་ལ་ཐུན་མོང་མ་ཡིན་པའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལྡན་ཡོད།     ཉེ་བའི་ལོ་ཤས་རིང་།    མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས་པ་དང་།    ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ལྗང་མདོག་སྐྱེ་ལྡན་དེ“མཚོ་སྔོན་རྟགས་ཅན”གྱི་ཞིང་འབྲོག་ཐོན་རྫས་ཀྱི་མིང་བྱང་རྩེ་གྲ་ཞིག་ཏུ་གྱུར་ཡོད།     

སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་མུའུ་དུང་ཕྱུར་3ཟིན་པ་དེ་དུས་མཚུངས་ལས་ལྡབ་1.5འཕར་ནས་ཞིང་ཆེན་དེ་ཡོངས་ཀྱི་རྩྭ་ཐང་ལ་ཁྱབ་པའི་རྒྱ་ཁྱོན་གྱི་60%ཟིན་པ།     ལྗང་མདོག་དང་།    སྐྱེ་ལྡན།    ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་1200ཟིན་པ་དེ་དུས་མཚུངས་ལས་15%ཙམ་འཕར་བ།     ནོར་ནག་དང་།    བོད་ལུགནས།    ཆུ་གྲང་མོ།    གྲང་བསིལ་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་9མཉམ་དུ་འཕེལ་རྒྱས་བཏང་བ།     རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཁྱད་ལྡན་ཐོན་ལས་ཚོགས་པ་11བསྐྲུན་པ་སོགས་ལས་ན་ནིང་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཏུན་ཁྲི་100ཙམ་ཕྱིར་གཏོང་བྱས་པར་རིན་ཐང་སྒོར་དུང་ཕྱུར་170ཟིན་པ་དང་།    ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་36ཏུ་ཕྱིར་ཚོང་བྱས་པ།    གྲང་བསིལ་སྔོ་ཚལ་སོགས་ཕྱིར་གཏོང་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད་པ་རེད།     

སྣོད་བཅུད་མཚོ་སྔོན་དུ་གནས་པ་ནི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་འགན་ལེན་ཞིག་དེ་བས་ཡིན།     རླབས་སྔོན་མཚོ་སྔོན་པོ་དང“མཁའ་དབྱིངས་ཀྱི་མེ་ལོང”ཚྭ་ཁ་མཚེའུ།    ཚོན་མདངས་རྣམ་པར་བཀྲ་བའི་མཚེའུ།    མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོ་སོགས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཤིག་ཡོད་པས།    ང་ཚོས་མཚེའུ་ནས་གཙང་པོ་བར་གྱི་མཚོ་སྔོན་གྱི་སྣོད་བཅུད་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མཐོང་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།     

མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཡུལ་སྐོར་ཐོན་ལས་དེ་སྲོལ་རྒྱུན་གྱི་ལྟ་སྐོར་རྣམ་པ་ནས་སྣོད་བཅུད་ཉམས་ལེན་རྣམ་པར་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་།    ས་མཐོའི་གླིང་སྣེའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ།    མཚོ་བོད་དང་།    མཚོ་སྔོན།    མཚོ་སྔོན།    ཤིན་ཅང་།    མཚོ་སྔོན།    ཀན་སུའུ་བཅས་ཀྱི་ས་ཁོངས་སྣོད་བཅུད་ཡུལ་སྐོར་གྱི་སྐོར་ལམ་ཆེན་པོ་གཏོད་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་གྱི་དམིགས་ས་གཏོད་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།     

མཐོ་སར་སྙེག་པ།     

སྒྱུར་བཅོས་སྒུལ་ཤུགས་སུ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།     

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་ལོའི་ཟླ་6པར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་།    སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས།    མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཐོག་ཕྱུག་པོ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཞིག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།     

དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་སྔར་བཞིན་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པའི་གཙོ་གནད་ཡིན།     མཚོ་སྔོན་ཞིང་ཆེན་གྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགག་རྩའི་ཐབས་ཤེས”ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་ལས་དོན་ཐད་ཀྱི་ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་གནད་སྨིན་ཤུགས་འདོན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད།     

སྒྱུར་བཅོས་ལ་བརྟེན་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ།     ཁེ་ལས་འབྲིང་ཆུང་དང་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་མཚོ་སྔོན་དུ་མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་ཁག་གཅིག་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་གྲུབ་བཞིན་ཡོད་པ།    དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་ཀྱི་ཁེ་སྤོགས་ཁག་གཅིག་མགྱོགས་མྱུར་ཐོན་པ་བཅས་རེད།     

དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།    དམངས་གཉེར་དཔལ་འབྱོར་གྱི་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ནི་བསྒྱུར་བཅོས་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན།     

ཉེ་བའི་ལོ་ཤས་རིང་དམངས་གཉེར་དཔལ་འབྱོར་དེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།     བསྡོམས་རྩིས་བྱས་པར་གཞིགས་ན།    མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་གཙོ་གཟུགས་དུད་ཚང་ཁྲི་54ཙམ་ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་གཉེར་སྐྱོང་གཙོ་གཟུགས་ཀྱི་94.2%བཟུང་ཡོད་པ་རེད།     2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གོ་ཆོད་དུས་ཚོད་ནང་ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་132ཡོད་པའི་ནང་དམངས་གཉེར་ཁེ་ལས་108ཡོད་པ་དེས་གཏན་འཁེལ་བྱས་པའི་ཁེ་ལས་བསྡོམས་འབོར་གྱི་81.82%བཟུང་ཡོད་པ་རེད།     

མཚོ་སྔོན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ལེགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཏུ་བརྩིས་ནས་རྒྱབ་སྐྱོར་ཤུགས་ཆེན་དང་།    ཁོར་ཡུག་ལེགས་གཏོང་།    གསར་གཏོད་ལ་སྐུལ་འདེད།    འགུལ་ནུས་ཆེར་གཏོང་བཅས་ཀྱི“མཉམ་ཤུགས་ཐབས་འཕེལ”བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་རྣམ་པ་མུ་མཐུད་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།     འདི་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་ཀའི་དོན་དངོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས《དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》པར་འགྲེམས་བྱས་ནས་ལག་ལེན་བསྟར་ཏེ་ཕྱོགས་7དང་ཞིབ་ཕྲའི་བྱེད་ཐབས་ཁག་33ཁ་གསལ་བཟོས་ནས་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཡོད།    

དམངས་གཉེར་དཔལ་འབྱོར་དོན་ཚན་33གཉེར་སྐྱོང་གཙོ་གཟུགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་བསློགས་ནས་དངུལ་རྩ་དང་།    ནོར་ཁྲལ།    མ་འཇོགཐོན་ལས།    ཁྲོམ་རར་ཞུགས་འཐུས།    བདག་དབང་སྲུང་སྐྱོང་སོགས་སྲིད་ཇུས་མཉམ་སྡེབ་ཕན་འབྲས་ཆེ་རུ་བཏང་ཡོད།     སྡེ་ཚན་གྱི་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་།    གོམ་སྟབས་གཅིག་གྱུར་དང་སྟོབས་ཤུགས་མཉམ་འདོན་ལ་སྣང་ཆེན་བྱེད་པ།    སྲིད་ཇུས་དོན་འཁྱོལ་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བ།    གཉེར་སྐྱོང་གཙོ་གཟུགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་དམངས་གཉེར་ཁེ་ལས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།     

སྒོ་འབྱེད་དང་བསྒྱུར་བཅོས་ནི་ཐོག་མ་ཉིད་ནས་མཉམ་དུ་འགྲོགས་ནས་བྱུང་བ་དང་།    ཕན་ཚུན་སྐུལ་འདེད་བྱེད་པ་རེད།     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།    མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་793.6ཟིན་པ་དང་རྒྱལ་ཁབ་དང་ས་ཁུལ་204དང་ཉོ་ཚོང་གི་འབྲེལ་བ་ཡོད་པ་རེད།     

ཚགས་ཤ་དང་།    འདྲེ་ཚེར་མ།    སྦྲང་རྩི།    ནས་ཀྱི་གྲོ་ཞིབ།    བྱེ་ཚེར་སོགས་ཞིང་ཕྱུགས་ཐོན་རྫས་མཚོ་སྔོན་ནས་མགྱོགས་མྱུར་ཐོན་ཏེ་ཕྱོགས་བཞིར་ཁྱབ་ནས་ཁྲོམ་རའི་དགའ་བསུ་ཐོབ་སྐབས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་སྟེ།    འོད་ཤུགས་ཐོན་རྫས་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་མཚོ་སྔོན་དུ་ཕྱིར་གཏོང་བྱེད་སྐབས“བཀྲག་མདངས་འཚེར་ས”མངོན་ནས་ཕྱི་ཕྱོགས་ཚོང་དོན་འཕར་བའི་སྒུལ་ཤུགས་གསར་པར་གྱུར་ཡོད་པ་རེད།     

ཁེ་ལས“ཕྱིར་སྐྱོད”བྱ་རྒྱུར་འདེགས་སྐྱོར་བྱེད་པ་དང་།    འགག་སྒོ་སྒྲོལ་རྒྱུར“མྱུར་ཚད་མགྱོགས་པོ”གཏོང་བ།    འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་སོགས་བྱས་ནས་ད་བར་ཟི་ལིང་འགག་སྒོས་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་།    ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་པ།    ཕན་པ་ལོངས་སྤྱོད་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།    ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཁེ་ཕན་གང་ལེགས་འདོན་པ་བཅས་བྱས་ཏེ་ཐོན་རྫས་དང་།    ལས་རྣམ།    ཁྲོམ་ར་སོགས་ཕྱོགས་མང་པོའི་ཐད་ནས་ཕྱིར་གཏོང་གི་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསགས་ཡོད་པ་རེད།     

“གསར་པ་”ཡི་ཕྱོགས་སུ་སྐྱོད་པ།     

--སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་དེ་བས་ལེགས་ཤིང་ནུས་པ་ལྡན་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བ།     

འདི་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“ཚན་རྩལ་ཞིབ་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ལ་ཕྱོགས་གཉིས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལག་རྩལ་གསར་པ་རྒྱ་ཁྱབ་ངང་སྤྱད་དེ་ཡུལ་བབ་དང་བསྟུན་ཏེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་བཏང་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་དགོས”ཞེས་གསུངས་པ་རེད།     

ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་།    ཐོན་ལས་ཀྱི“ས་ཁུལ་བཞི”མགྱོགས་མྱུར་བསྐྲུན་རྒྱུར་ཇུས་གཞི་གསར་པ་བཏོན་པ།    མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བཅས་བྱས་ཡོད་ཅེས་བཤད་པ་རེད།    

རྩིས་ཤུགས་ནི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་།    ལྗང་མདོག་གི་རྩིས་ཤུགས་ནི་རྩིས་ཤུགས་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཤིག་ཡིན།     མཚོ་སྔོན་ལ་ལྗང་མདོག་འཕེལ་རྒྱས་ཀྱི་རྩིས་རྒྱག་ནུས་པ་ལྡན་པར་དམིགས་བསལ་གྱི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་ལྡན་ཡོད།    ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་སྤྲོད་ཁར་རྒྱལ་ཡོངས་ཀྱི་ཆུ་ཚད་ཅུང་དམའ་བའི་གློག་རིན་མཁོ་སྤྲོད་བསྣན་པས་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་དང་ལྗང་མདོག་གི་རྩིས་རྒྱག་ནུས་པ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།     གྲང་ངར་ཆེ་བའི་གནམ་གཤིས་དང་།    དྭངས་གཙང་གི་མཁའ་རླུང་།    སྐམ་ཤས་ཆེ་བའི་ཁོར་ཡུག་བཅས་ནི་མིས་བཟོས་རིག་ནུས་དང་དེ་བཞིན་ལྗང་མདོག་གི་རྩིས་རྒྱག་ནུས་པ་འཕེལ་རྒྱས་གཏོང་བའི“རང་བྱུང་གི་གྲུ་ཁ”ཞིག་རེད།     

ཉེ་ཆར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས《མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་འཕེལ་རྒྱས་ཆུ་ཚད་ཀྱི་ལོ་འཁོར་གྱི་དབྱེ་ཞིབ་སྙན་ཞུ(2024)》ཁྱབ་བསྒྲགས་བྱས་པ་དེ་རྒྱལ་ཁབ་གློག་དྲ་ཀུང་སིའི《ལྗང་མདོག་གློག་ཤུགས་གདེང་འཇོག་ཚད་གཞིའི》ཁེ་ལས་ཀྱི་ཚད་གཞི་གཞི་འཛིན་སར་བྱས་ནས་2023ལོའི་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་སྟོན་གྲངས་ལ་དཔྱད་དཔོག་བྱས་པ་དེ་དུས་མཚུངས་ལས་2.5%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་3.7%གྱིས་མཐོ་བ་ཡོད་པ་རེད།     

2023ལོར་མཚོ་སྔོན་གྱི་ནུས་རྒྱུ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ནུས་རྒྱུ་གསར་པའི་དྲ་སྦྲེལ་ཆན་ཝ་ཁྲི་1000ཙམ་ཟིན་ནས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དང་གློག་གཏོང་ཚད་དེ“གཙོ་གཟུགས་གཉིས”སྔོན་ལ་བཟུང་བ་དང་།     གློག་དྲ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་ཆན་ཕུའུ་750ཡི་ཤར་རྒྱུད་དུ“ཉིན་གཉིས”དང་ནུབ་རྒྱུད་དུ“8”དབྱིབས་ཀྱི་རྐང་འཛིན་དྲ་སྒྲོམ་བརྟན་པོ་ཞིག་ཆགས་པ་བྱས་ནས་ནུས་རྒྱུ་གསར་པ་བཀོད་སྒྲིག་བྱེད་པའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ།     གློག་ཤུགས་མཁོ་འདོན་འགན་ལེན་བརྟན་ལ་གོ་རིམ་ལྡན་པ་དང་གློག་སྤྱོད་ཐེག་ཚད་བསྟུད་མར་ཟིན་ཐོ་གསར་པ་17གཏོད་པའི་འགྲན་སློང་ལ་གྲུབ་འབྲས་ཐོབ་པའི་ངང་ཁ་གཏད་བཅག་པ།     ནུས་གསོག་སྒྲིག་ཆས་གང་མགྱོགས་དོན་འཁྱོལ་བྱས་ཏེ་ཆུ་འཐེན་ནུས་གསོག་དང་།    འོད་དྲོད།    གློག་རྫས་འགྱུར་རིག་པ།    གནོན་འཁུམ་མཁའ་རླུང་།    ཆིང་ནུས་སོགས་སྣ་མང་ནུས་གསོག་ལག་རྩལ་གྱི་དཔེ་སྟོན་མ་ལག་རགས་ཙམ་ཆགས་པ།     ལྗང་མདོག་གློག་གི་ལག་ཁྱེར་ལྗང་མདོག་ཁྲོམ་ར་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་ནས་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་15ལ་ལྗང་མདོག་གློག་བཏང་བ།     ལག་རྩལ་གསར་གཏོད་སླར་ཡང་སྐས་རིམ་གསར་པར་སླེབས་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་བསྐྲུན་པ་སོགས་རེད།     

འོད་ཤུགས་རླངས་འཁོར་འཇོག་ས་དང་།    5Gའཁོར་གཏོང་མེད་པའི་ཐཱན་མེད་པའི་ཆུང་བ།    ARལད་མོའི་བྱེ་སྡེར།    སྐོར་ཞིབ་འཕྲུལ་མི་སོགས་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སུ་གནས་པའི་ཀྲུང་གོའི་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་ལྗང་མདོག་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་གནས་ཡོད།    དེ་གའི་གློག་ཏུའུ་རེ་རེ་ཚང་མ་ཁུངས་གཏུགས་ཆོག་པ་མ་ཟད།    ཚང་མ“ལྗང་གློག”ཡིན་པ་དང་དེ་ནི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་ཁུངས་གཏུགས་ཚད་100%ཡི་ཐཱན་མེད་གྲངས་གཞི་ཆེན་པོའི་ལྟེ་གནས་དང་པོ་དེ་ཡིན་པ་རེད།    

བར་ཐག་སྤྱི་ལེ་གཉིས་ཀྱང་མ་ཆོད་པར་ཀྲུང་གོ་སྒུལ་བདེའི་མཚོ་སྔོན་ས་མཐོའི་གྲངས་གཞི་ཆེན་པོའི་ལྟེ་གནས་དེ“ཐཱན་མེད་པ་དང་།    མྱུར་ཤུགས།    ནུས་ཆེ།    རིག་ནུས།    བདེ་འཇགས”བཅས་གཞི་གཅིག་ཏུ་འདུས་པའི་ལྗང་མདོག་གྲངས་གཞིའི་ལྟེ་གནས་རབས་གསར་པར་འཕེལ་རྒྱས་ཕྱིན་ཡོད་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའི《རྒྱལ་ཁབ་ཀྱི་གྲངས་གཞི་གསར་པའི་ལྟེ་གནས་ཀྱི་དཔེ་མཚོན་གྱོད་དཔེ་མིང་ཐོའི》ནང་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་ལྟེ་གནས་འབའ་ཞིག་དེའང་ཡིན་པ་རེད།     

འདི་ལོའི་ཟླ་6པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་དྲུག་གིས་2023ལོ་འཁོར་གྱི་རྒྱལ་ཁབ་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།    ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་གཞིའི་མཚོ་སྔོན་ལྗང་མདོག་གྲངས་གཞི་ཆེ་མོའི་ལྟེ་གནས་དང་།    ཀྲུང་གོ་ལན་ཐུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་རྟེན་གཞི།    ཀྲུང་གོ་སྒུལ་བདེའི(མཚོ་སྔོན་མཚོ་ཤར)གྲངས་གཞིའི་ལྟེ་གནས་བཅས་གྲུབ་འབྲས་ཐོབ་པའི་ངང་བདམས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྟོབས་ཆེར་ཕྱིན་ཡོད་པ་རེད།     

གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི“རྨང་གཞི”ཡིན་པའི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ནི་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་དང“ཤར་གྲངས་ནུབ་རྩིས”འདུ་འགོད་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་སྒྲིག་བཀོད་དང་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་རེད།     《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཞིབ་རྩིས་རྟེན་གཞི་འཛུགས་སྐྲུན་གྱི་ཇུས་གཞི》གཞིར་བཟུང་།    2025ལོར་སླེབས་སྐབས་ནུས་རྒྱུ་གཙང་མའི་ཀུན་རྩིས་དང་།    རིག་རྩིས།    རིམ་འདས་རྩིས་རྒྱག་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བའི་སྣ་མང་ལྗང་མདོག་ཞིབ་རྩིས་ཀྱི་མཁོ་སྤྲོད་མ་ལག་ཁྱོན་ཡོངས་ནས་ཆགས་པ་བྱས་ཏེ་གྲངས་གཞིའི་ལྟེ་གནས་ཞིབ་ལས་ཅན་དང་།    གཞི་ཁྱོན་ཅན།    ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་དང་ནུབ་རྒྱུད་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཞིབ་རྩིས་རྟེན་གཞི་རགས་ཙམ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།     

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཚོ་སྔོན་གྱིས་ངེས་ཤུགས་རྒྱུན་འཁྱོངས་དང་ཁ་ཕྱོགས་ཡང་དག་ཡོང་བ་བྱས་ཏེ་གཏན་འཁེལ་བྱས་པའི་དམིགས་ཚད་ཕྱོགས་སུ་གོམ་པ་རིམ་བགྲོད་ཀྱིས་མདུན་སྐྱོད་བྱེད་པ་དང་།    ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་དང་ཕན་འབྲས་མཐོ་བའི་མཐུན་སྦྱོར་བྱས་ཏེ་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེ་རྒྱུར་སྐུལ་འདེད་གཏོང་ཆེད་གོམ་སྟབས་གསར་རྐྱང་ཞིག་བསྣན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་རྦ་རླབས་དྲག་པོ་འཕྱུར་རྒྱུ་རེད།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།