[དུས་རབས་གསར་པ། ལམ་བུ་གསར་པ། བྱ་བཞག་གསར་པ། ]པད་ཁ་གཅིག་གི་དྲི་ཞིམ་མུའུ་ཁྲི་ལ་འཐུལ། ——“ཞིང་གསུམ་སྟོབས་ཆེར་བཏང་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ”།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དབྱར་དུས་ཀྱི་མཚོ་སྔོན་དུ་གསེར་སེར་གྱིས་ཁེངས།མཚོ་བོད་ས་མཐོའི་གྲང་ངར་ཆེ་བའི་གནམ་གཤིས་དང་།ཉི་འོད་འདང་ངེས།ནད་འབུའི་གནོད་འཚེ་ཉུང་བ་བཅས་ཀྱི་རང་བྱུང་ལེགས་ཆ་ལས་པད་ཁ་རྐང་གཅིག་གསོ་བཞིན་ཡོད།

ལོ་ལེགས་བྱུང་བའི་སྟོན་འགོར་སྣུམ་གྱི་དྲི་ཞིམ་འཐུལ་བ།སྨིན་པའི་པད་ཁ་དེ་ལས་རིམ་མང་པོ་བརྒྱུད་དེ་བཟའ་སྣུམ་གྱི་རྒྱུ་ཆ་རྩ་ཆེན་ཞིག་ཏུ་གྱུར་ཡོད།

མཐོ་ཞིང་གྲང་ངར་ཆེ་བའི་ས་གཞི་དེའི་ཐོག་རང་རྒྱལ་གྱིས་ཕྱི་རྒྱལ་དུ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱས་པའི་རྒྱུད་འདྲེས་པད་ཁའི་སྤུས་རྟགས་དང་པོ་སྐྱེད་སྲིང་བྱས་པ་དང་།ཐོན་སྐྱེད་བྱས་པའི་པད་ཁའི་ས་བོན་གྱིས་ཁེངས་པ་དང་མྱུ་གུ་སྐྱེ་ཚད་95%ཡན་ཟིན་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒྱ་ཆའི་གྲངས་15ཡིས་མཐོ་བ་ཡོད་པས་རྒྱལ་ཡོངས་ཀྱི་དཔྱིད་འདེབས་པད་ཁ་རྒྱུད་འདྲེས་འདེབས་དང་དགུན་ཞན་གྱི་པད་ཁ་རྒྱུད་འདྲེས་འདེབས་ཀྱི་ཆེས་ཕུགས་བསམ་གྱི་རྟེན་གཞི་ཞིག་ཏུ་གྱུར་ནས་མཚོ་སྔོན་གྱི་པད་ཁའི་ཐོན་ལས་རྒྱལ་ཡོངས་ཀྱི་སྔོན་ཐོན་ལེགས་ཆར་འདེགས་སྐྱོར་བྱས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་སྐྱེ་དངོས་འདེབས་ཁྱོན་གྱི་1/2ཟིན་པའི་པད་ཁ་དེ་ལེགས་ལྡན་སྐྱེ་དངོས་ཀྱི་གྲས་སུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་ཡོད།2022ལོར་མཚོ་སྔོན་གྱི་པད་ཁའི་ཐོན་ལས་དེ་རྒྱལ་ཁབ་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་མིང་ཐོའི་ནང་བཅུག་པ་དང་།དེ་ཉིད“རྒྱལ་ཁབ་རུ་ཁག་གི”རྒྱུན་འཛིན་འོག་འཕེལ་རྒྱས་བྱུང་ནས་ཐོན་ལས་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་མངོན་ཡོད་པ་རེད།མིག་སྔར་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་140ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་སྣུམ་འདོན་ཚད་42%ཟིན་ནས་མཐོ་ཤོས་46%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་7གྱིས་མཐོ་བ་ཡོད།

མེ་ཏོག་བཞད་ནས་བལྟས་ཚེ།འབྲས་བུ་སྨིན་ན་སྣུམ་བཙིར་ཐུབ་པ་དང་།མེ་ཏོག་གི་རྡུལ་གྱིས་སྦྲང་རྩི་བཟོ་བ།ས་བོན་གསོ་སྤེལ་ནས་འདེབས་འཛུགས་ལག་རྩལ་སྤྱོད་པའི་བར་དང་།དེ་ནས་ཐོན་ལས་སྦྲེལ་ཐག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་བར།མཚོ་སྔོན་གྱི་པད་ཁས་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་གསོག་བཞིན་ཡོད་པ་དང་ཞིང་ལས་དེང་རབས་ཅན་གྱི་དུང་བརྡ་བཏང་ནས་གྲོང་གསེབ་དར་རྒྱས་ཆེད་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

“སྙིང་”གཙོ་བོར་བྱས་ནས་གསོ་སྤེལ་ལག་རྩལ་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པ།

དམིགས་བསལ་གྱི་གསོ་སྐྱོང་རྨང་གཞིའི་ཀྲུང་ཁྲུན་པད་ཁའི་མྱུ་གུ་ནས་མིས་བཟོས་རླུང་སྒུག་ཁང་གི་སྐྱེ་འཚར་ལ་ལྟ་ཞིབ་བྱེད་པའི་བར་དང་།དེ་ནས་རྒྱུ་ཆ་མི་འདྲ་བའི་DNAལ་ཞིབ་བཤེར་ཞིབ་ཚགས་བྱས་ཏེ་དེའི་སྣ་མང་རང་བཞིན་དང་ཕུལ་བྱུང་གི་སྤུས་ཚད་འགན་ལེན་བྱེད་དགོས།མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་དཔྱིད་པད་ཞིབ་འཇུག་སུའོ་རུ་ཚན་རྩལ་གྱིས་ཞིང་ལས་ལ་ཆེས་གདོད་མའི་སྒུལ་ཤུགས་བསྣན་ཡོད།

མི་རབས་ནས་མི་རབས་བར་གྱི་ཚན་ཞིབ་མི་སྣའི་ཚན་རྩལ་འགག་སྒྲོལ་འོག་དེ་གར་རྒྱུད་འདྲེས་པད་ཁའི་སྣ་ཁ་18སྔ་རྗེས་སུ་འདེབས་གསོ་བྱས་པ་དང་།འདེབས་གསོ་བྱས་པའི་མཚོ་སྔོན་རྒྱུད་འདྲེས་པད་ཁ་ཨང་5པ་དང་།7པ།12པ།15པ་བཅས་ནི་མིག་སྔའི་དཔྱིད་སྣུམ་སྔོ་ཚལ་ཁུལ་གྱི་འདེབས་འཛུགས་སྣ་ཁ་གཙོ་བོ་ཡིན་པ་དང་།འདེབས་གསོ་བྱས་པའི་སྔ་སྨིན་གྱི་མངར་སྔོན་དབྱིབས་ཀྱི་རྒྱུད་འདྲེས་པད་ཁའི་སྣ་ཁ་ཨང4པ་དང་7པ་དེ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2750ནས་སྨི་3100བར་གྱི་ས་ཁུལ་དུ་ཁྱབ་གདལ་བེད་སྤྱོད་གྲུབ་འབྲས་ཐོབ་པའི་ངང་བྱས་པ་དེས་མཚོ་སྔོན་གྱི་སྤུས་ལེགས་པད་ཁ་འདེབས་འཛུགས་ས་ཁོངས་ཀྱི་ས་བབ་མཐོ་ཤོས་སྨི་350མཐོ་རུ་ཕྱིན་པ་དང་ས་ཁོངས་ནང་གི་པད་ཚལ་གྱི་པད་ཁ་ཁག་གཅིག་གསར་བརྗེས་ཐོན་བརྗེ་ཐུབ་ཡོད་པ་རེད།    

ས་བོན་ཆུང་ཆུང་ཞིག་ཞིང་ལས་ཀྱི“ཉིང་ལྷེབ”དང་འདྲ་བར“སྣུམ་བུམ་པ”དེས་མཚོ་སྔོན་གྱི་སྣུམ་མང་ཙམ་བླུགས་པའི“གསང་ཨང”འཁུར་ཡོད།

“ལོ་ཉི་ཤུའི་གོང་མཚོ་སྔོན་གྱིས་བཏབ་པའི་སྔོ་ཚལ་དཀར་པོའི་རིགས་ཀྱི་པད་ཁ་ཆུང་གྲས་ཀྱི་ཐོན་ཚད་དམའ་བ་མ་ཟད།སྤུས་ཚད་དང་སྣུམ་འདུས་ཚད་ཀྱང་དམའ་ཙམ་ཡོད”མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་པད་ཁ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཐང་གོ་ཡུང་གིས་གནད་དོན་དེ་དག་ཐག་གཅོད་བྱ་ཆེད།མཚོ་སྔོན་སློབ་ཆེན་དཔྱིད་པད་རྒྱུད་འཛིན་སོན་གསོའི་ཚོགས་པས་སྔ་སྨིན་གཞི་རྒྱུ་ནས་འགོ་བཙུགས་ཏེ་སྔ་སྨིན་གཞི་རྒྱུར་གནས་གཏན་འཁེལ་དང་།ཁ་ལུང་།ཆ་རྡུལ་མཚོན་རྟགས་གསར་སྤེལ་བཅས་བྱས་ནས་ཕན་འབྲས་ཆེ་བའི་སྔ་སྨིན་གྱི་པད་ཁའི་ཐོན་ཁུངས་གསར་གཏོད་ལག་རྩལ་མ་ལག་བཙུགས་པ་དེ་སྲོལ་རྒྱུན་ལག་རྩལ་གྱིས་སྔ་སྨིན་གྱི་པད་ཁ་གཏོད་པའི་དུས་ཚོད་ལས་ཕྱེད་ཀ་ཐུང་དུ་ཕྱིན་ཡོད། གསར་འཛུགས་ཀྱི་ཐོན་ཁུངས་ནི་སྐབས་དེར་འཛམ་གླིང་གི་ཆེས་སྔ་བའི་ཀན་ལན་རིགས་ཀྱི་པད་ཁ་ཡིན་ལ།    ཆེས་སྔ་བའི་ཀན་ལན་རིགས་ཀྱི་པད་ཁའི་ཐོན་ཁུངས་གསར་འཛུགས་ཀྱི་མྱུར་ཚད་དང་ཕན་འབྲས་ཀྱི་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱུང་ཡོད།    

“2011ལོར་ང་ཚོས་འདེབས་གསོ་བྱས་པའི་མཚོ་སྔོན་རྫ་སྟོད་ཨང་5པ་དེ་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཤང་རི་ཏེ་གྲོང་རྡལ་དུ་མུའུ་རེའི་ཐོན་ཚད་སྤྱི་རྒྱ་450.45ཟིན་པའི་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད།མཚོ་སྔོན་རྫ་སྟོད་ཨང་12པ་2022ལོའི་ནང་སོག་ཧུའུ་ལུན་པེར་ས་རྒོད་གསར་སྦོལ་ཚོགས་པའི་ཐེ་ཉི་གཙང་པོའི་ཞིང་འབྲོག་ར་མུའུ་274(མུའུ་1≈་སྤྱི་ཆིང་0.067)པད་ཁ་ཐོན་འབབ་མཐོ་བའི་འགག་སྒྲོལ་ཞིང་ནང་མུའུ་རེའི་ཐོན་ཚད་སྤྱི་རྒྱ་261.5ཟིན་ནས་རང་རྒྱལ་བྱང་ཕྱོགས་པད་ཁ་གཅིག་སྡུད་འདེབས་འཛུགས་ཀྱི་ཟིན་ཐོ་བཏོད་ཡོད”ཅེས་ཐང་གོ་ཡུང་གིས་བཤད།

སོན་འབྲུ“ཉིང་ལྷེབ”ལག་ཏུ་དམ་པོར་འཛིན་རྒྱུ་ནི་མཚོ་སྔོན་གྱི་པད་ཁའི་ཐོན་ལས“རྒྱལ་ཁབ་རུ་ཁག་གི”འདེམས་ཐུབ་པའི་དངུལ་འཛིན་གལ་ཆེ་ཤོས་ཤིག་རེད།

ད་ཆ་མཚོ་སྔོན་དཔྱིད་འདེབས་པད་ཁ་གཙོ་བོ་དང་།འདེབས་གསོ།སོན་མཁོ་འདོན་བཅས་ཀྱི་རྟེན་གཞི་ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ཀྱི་དཔྱིད་འདེབས་པད་ཁའི་ཚན་ཞིབ་ཆུ་ཚད་མཐོ་ཤོས་དང་།རྒྱུད་བཟང་གསར་བརྗེས་མགྱོགས་ཤོས།འདེབས་འཛུགས་ཕན་འབྲས་ཡག་ཤོས་བཅས་ཀྱི་ས་ཁུལ་ཞིག་ཡིན་པ་དང་།སྔ་རྗེས་སུ་འདེབས་གསོ་བྱས་པའི་མཚོ་སྔོན་རྒྱུད་འདྲེས་པད་ཁའི་སྣ་ཁ་རྒྱལ་ཡོངས་ཀྱི་ཞིང་ཆེན་27དང་གྲོང་ཁྱེར་106ལ་ཕྱིར་ཚོང་བྱས་པ།དཔྱིད་དུས་པད་ཁ་ཁུལ་དུ་ལོ་རེར་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་400ཟིན་པ་བཅས་ཀྱིས་དཔྱིད་འདེབས་པད་ཁ་རྒྱུད་འདྲེས་པད་ཁའི་སྤྱིའི་རྒྱ་ཁྱོན་གྱི་85%ཡན་ཟིན་པ་དང་།    རིམ་རྩིས་བྱས་ན་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་དུང་ཕྱུར་1ལ་ཉེ་བ་ཟིན་ཡོད་པ་མ་ཟད།    ད་དུང་མོང་གོལ་རྒྱལ་ཁབ་དང་།    ཕ་ཁི་སི་ཐན།    ཧ་སག་སི་ཐན།    ཨུ་རུ་སུ་སོགས་རྒྱལ་ཁབ་ཏུ་ནང་འདྲེན་བྱས་ནས་འདེབས་འཛུགས་བྱས་ཡོད་པ་དེ་ནི་རང་རྒྱལ་གྱིས་ཕྱི་རྒྱལ་དུ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་འདེབས་འཛུགས་བྱས་པའི་རྒྱུད་འདྲེས་པད་ཁའི་སྤུས་རྟགས་དང་པོ་དེ་ཡིན་པ་རེད།    

སྐྱེ་འཕེལ་དང་གསོ་སྐྱོང་རྒྱ་ཆེར་བཏང་ནས་ལག་རྩལ་གྱིས་ཐོན་ལས་ལ་ཤུགས་སྣོན་བརྒྱབ་པ།

འདེབས་འཛུགས་ཡག་པོ་བྱེད་པར་འདེབས་འཛུགས་བྱེད་ཐུབ་པ་དང་འདེབས་རྒྱ་ཆེ་རུ་གཏོང་དགོས།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་མཚོ་སྔོན་ཕན་ཧྥུང་ཞིང་ལས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་ཞིབ་འགྲེམས་སྟོན་རྟེན་གཞིའི་ནང་པད་ཁའི་མེ་ཏོག་སྣ་ཚོགས་ཕན་ཚུན་འགྲན་རྩོད་ཀྱིས་བཞད་ཡོད་པ་དང་།མེ་ཏོག་སེར་པོ་ཕུད་ད་དུང་ཚོས་གཞི་མི་འདྲ་བའི་པད་ཁའི་མེ་ཏོག་གཞན་དག་མཐོང་རྒྱུ་ཡོད།

“མིག་སྔར་ང་ཚོའི་ཀུང་སིས་ནང་འདྲེན་བྱས་པའི་ཚོན་ལྡན་པད་ཁའི་སྣ་རིགས(ཚན་ཁག)13ཡོད་པའི་ནང་ཚོས་གཞི་བརྟན་པོ་8ཡོད།2015ལོ་ནས་བཟུང་ང་ཚོས་ཚོན་ལྡན་པད་ཁའི་རིགས་དང་ཐོན་ཁུངས་གཅིག་རྗེས་གཉིས་མཐུད་ངང་ནང་འདྲེན་བྱས་ཏེ་སྣ་ཁ་འདེམས་གསོ་དང་།རྒྱ་སྐྱེད་དང་ཚོད་ལྟའི་དཔེ་སྟོན་སོགས་ཀྱི་ལས་དོན་སྤེལ་ནས་པད་ཁ་ལྟ་སྐོར་དང་སྣུམ་སྤྱོད་མཉམ་སྤྱོད་ཀྱི་ནུས་པ་སྔར་བས་སྔོག་འདོན་བྱས་ཏེ་ཡུལ་སྐོར་གྱི་རིན་ཐང་དང་།དཔལ་འབྱོར་གྱི་རིན་ཐང་།སྤྱི་ཚོགས་ཀྱི་རིན་ཐང་བཅས་མཐོ་རུ་བཏང་ནས་པད་ཁའི་མེ་ཏོག་ཡུལ་སྐོར་གྱི་རིམ་སྤོར་བྱས་པ་རེད”ཏུང་ཧྲི་ཀྲང་ཚའེ་ཡིའུ་ཧྭ་ཡིས་གསར་འགོད་པར་ཀུང་སི་དེ་ཞིང་ཆེན་ཡོངས་ཀྱི་རྒྱུད་འདྲེས་པད་ཁ་འདེབས་མཁན་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས་འབའ་ཞིག་ཡིན་པའི་ངོས་ནས།1999ལོར་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་སོགས་ཚན་པ་དང་མཉམ་ལས་དམ་ཟབ་བྱས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་རྒྱུད་འདྲེས་པད་ཁ་ནང་འདྲེན་དང་དཔེ་སྟོན་ཁྱབ་གདལ་བཏང་ནས་རྒྱལ་ཡོངས་ཀྱི་རྒྱུད་འདྲེས་པད་ཁ་འདེབས་སའི་རྟེན་གཞི་ཆེ་ཤོས་བསྐྲུན་ནས་ལོ་ལྟར་རྒྱལ་ཡོངས་ཀྱི་དཔྱིད་འདེབས་པད་ཁ་མུའུ་ཁྲི་852021ལོ་ནས་བཟུང་རྒྱལ་ཡོངས་ཀྱི་པད་ཁ་འདེབས་ལས་ཀྱི་མདུན་གྲལ་ལྔ་པའི་ནང་ཚུད་ནས་ཀྲུང་གོའི་ཞིང་ལས་སྐྱེ་དངོས་རིགས་ལས་རིགས་ཀྱི་མགོའི་ཁེ་ལས་ལ་བདམས་པ་རེད།

ས་བོན་ཡག་པོ་ཇི་ལྟར་ཐོན་སྐྱེད་བྱེད་པ་དང་འབྲེལ་ས་བོན་ཡག་པོ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་རྒྱུ་ནི་ཕན་ཚུན་ལོ་ལེགས་ཡོང་བའི་ལས་ཀ་གཙོ་བོ་ཞིག་རེད།ཚའེ་ཡིའུ་ཧྭ་ཡིས།“‘ཀུང་སི་དང་།ཚན་ཞིབ།རྟེན་གཞི།ཞིང་དུད’བཅས་ཀྱི་ཐོན་ལས་ཅན་གྱི་རྣམ་པ་བརྒྱུད་ས་བོན་བཟོ་བའི་རྟེན་གཞི་མུའུ་ཁྲི་45ཡན་བཙུགས་པ་དང་།ས་བོན་མཁོ་འདོན་རྒྱ་ཁྱོན་མུའུ་དུང་ཕྱུར་1ཟིན་པ།ཞིང་པའི་ཡོང་འབབ་ཁེ་གཙང་སྒོར་དུང་ཕྱུར་100ཡན་གསར་འཕར་བྱུང་བ་བཅས་ལས་དཔྱིད་པད་ས་ཁུལ་གྱི་པད་ཁ་འདེབས་འཛུགས་ལ་གསར་བརྗེའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་དཔྱིད་པད་ཐོན་ཚད་དང་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།ཉེ་བའི་ལོ་ཤས་རིང་ཀུང་སིས་ཐོན་སྐྱེད་བྱས་པའི་པད་ཁའི་རྒྱུད་འདྲེས་ས་བོན་དེ་ཅང་ཤིས་དང་།    ཧུའུ་ནན།    སི་ཁྲོན།    ཀོང་ཏུང་།    ཀུའེ་ཀྲོའུ།    ཡུན་ནན་སོགས་དགུན་དུས་པད་ཁའི་ཁུལ་དུ་ཁྱབ་གདལ་བཏང་ཞིང་།    མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་27དང་གྲོང་ཁྱེར་106ལ་ཁྱབ་གདལ་བཏང་ཡོད་པ་རེད།     ”

ས་བོན་ཡག་པོ་ཡོད་པ་ནི་ཕྱོགས་གཅིག་ནས་ས་བོན་གྱི་སྤུས་ཚད་མཐོ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་ས་བོན་ལ་ཁྲོམ་རའི་ཐོག་དགའ་པོ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་གཞན་ཞིག་རེད།“མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ཟུར་འཇོག་ཆ་རྐྱེན་དང་གྲང་ངར་ཆེ་བའི་གནམ་གཤིས་ཐོན་ཁུངས་ལྡན་པས།ཧོར་གྲོང་རྫོང་གི་ངོས་ནས་བརྗོད་ན།རྒྱལ་ཡོངས་ཀྱི་རྒྱུད་འདྲེས་དཔྱིད་འདེབས་པད་ཁ་འདེབས་གསོའི་རྟེན་གཞི་ཆེ་ཤོས་དེ་གར་ཡོད་པ་དང་།གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ལེགས་ཆ་དང་སྲིད་གཞུང་གིས་མཐོང་ཆེན་བྱེད་པའི་སྲིད་ཇུས་ཀྱི་ལེགས་ཆ་ཕུད།རི་མཐོ་དང་ལུང་ཤུར་དུ་རང་བྱུང་གི་ཟུར་འཇོག་སྲུང་ཡོལ་ཞིག་ཆགས་ནས་པད་ཁ་འདེབས་རྒྱུར་རང་བྱུང་གི་ཆ་རྐྱེན་བཟང་པོ་མཁོ་འདོན་བྱས་ཡོད་པས་སྤུས་ཚད་མཐོ་བ་དང་ཐོན་ཚད་མཐོ་བའི་འབྲུ་རིགས་དང་།པད་ཁ་ཐོན་སྐྱེད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད”ཚའེ་ཡིའུ་ཧྭ་ཡིས་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱིས་ཐོན་སྐྱེད་བྱས་པའི་པད་ཁའི་ས་བོན་གྱི་གཙང་ཚད་དང་མྱུ་གུ་སྐྱེ་ཚད་95%ཟིན་པ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒྱ་ཆའི་གྲངས་10ཡན་གྱིས་མཐོ་བ་ཡོད་པས་པད་ཁ་འདེབས་ལས་འཕེལ་རྒྱས་གཏོང་བའི“གནམ་གྱིས་གནང་བའི་ཞིང་ཆེན”ཞིག་ཏུ་གྱུར་ཡོད།

ས་བོན་འདེབས་གསོ་བྱེད་པའམ་ཡང་ན་ཐོན་སྐྱེད་ཁྱབ་གདལ་གཏོང་བ་གང་ཡིན་རུང་ལག་རྩལ་སྣོན་རྒྱུ་ཉུང་དུ་གཏོང་མི་ཐུབ།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་ཚན་རྩལ་གྱི“གོ་ཆོད་ཚད”ཟམ་མི་ཆད་པར་ཆེ་རུ་བཏང་ནས་པད་ཁ་ཐོན་མཐོ་སྤུས་ལེགས་ཀྱི་སོན་གསར་འདེམས་གསོ་དང་།དཔེ་སྟོན་ཁྱབ་གདལ།དེ་བཞིན་ལེ་ལག་ཚང་བའི་ལག་རྩལ་འདུས་གྲུབ་གསར་གཏོད་དང་དཔེ་སྟོན་བཅས་བྱས་པ་བརྒྱུད་པད་ཁ་རྒྱུད་བཟང་ཅན་དུ་འགྱུར་ཚད་བརྒྱ་ཆ་98%ཟིན་པ་དང་།པད་ཁ་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལག་རྩལ་གསར་པ་ཁྱབ་གདལ་དང་བེད་སྤྱོད་བྱས་པ་བརྒྱུད་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་།པད་ཁའི་རྟེན་གཞིའི་རྨོ་འདེབས་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།འཕྲུལ་ཆས་ཅན་དང་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལག་རྩལ་ལ་ཚད་བརྒལ་ཆེན་པོ་བྱུང་བ།ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་བརྒྱ་ཆའི་85%ཟིན་པ་བཅས་བྱས་ནས་སྣ་ཁ་དང་།ཞིང་འཕྲུལ།ཞིང་ལས་ལག་རྩལ་བཅས་མཉམ་འདྲེས་ཆེན་པོ་མངོན་འགྱུར་བྱུང་ཡོད།

ཐོན་ལས་གསུམ་མཉམ་འདྲེས་བྱས་ནས་ཐོན་ལས་འཕེལ་རྒྱས་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་བ།

མཚོ་སྔོན་ཏ་སུང་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་པད་ཁའི་འབྲུ་མང་པོ་ཞིག་ཐོག་མར་ཚགས་རྒྱག་པ་དང་།སྲོ་སྐམ་བྱེད་པ།བཙིར་གནོན་བྱེད་པ།ཐུམ་སྒྲིལ་ཞིབ་ཚགས་བྱེད་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་དེ་ཅང་སུའུ་དང་།ནན་ཅིང་།ཁྲེང་ཏུའུ།ཤིས་ཨན་སོགས་ཞིང་ཆེན་ཕྱིའི་ཁྲོམ་རར་ཐུམ་རྒྱག་རྒྱུ་རེད།ད་ཆ་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆར་བརྟེན་ནས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ས་མཐོའི་དྲི་ཞིམ་པད་ཁའི་སྣུམ་ནན་ཅིང་ཧྭ་རུན་སུའུ་ཤིང་ཏོག་སྒོ་རྩིས་ཚོང་ཁང་67དུ་བཙུགས་པས་ནན་ཅིང་གྲོང་མིས་དགའ་པོ་བྱེད་ཀྱི་ཡོད།

འདི་གའི་པད་ཁའི་སྣུམ་བཙིར་ན།དེ་གའི་པད་ཁའི་མེ་ཏོག་ལ་སྦྲང་རྩི་ཐོན་གྱི་ཡོད།མཚོ་སྔོན་གྱི་སྦྲང་རྩི་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཤིག་ཡིན་པའི་མུན་ཡོན་པའེ་ལི་ཧྭ་སྦྲང་ལས་རིགས་ཚད་ཡོད་ཀུང་སིས་མུའུ་ཁྲི་ཡི་པད་ཁའི་མེ་ཏོག་འདེབས་སའི་རང་བྱུང་སྦྲང་གསོ་ར་བ་དེར་བརྟེན་ནས་སྦྲང་རྩིའི་ཐོན་རྫས་40ལྷག་ཙམ་ཞིབ་བཟོ་བྱས་པ་དང་འབྲེལ་ཚོང་ལམ་ཤར་གཏོང་ཐུབ་པ་དང་ཁག་གཅིག་རྒྱལ་ནང་གི་ཁྲོམ་རར་ཕྱིར་ཚོང་བྱས་པ་དང་ཁག་གཅིག་རི་པིན་དང་ཧན་གོར་ཕྱིར་གཏོང་བྱས་པས་2023ལོར་ཡོང་འབབ་སྒོར་ཁྲི་1260ཟིན་ནས་ཁེ་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་མ་ཟད།ཞིང་འབྲེལ་ཞིང་ལས་ལ་སྣེ་ཁྲིད་ཀྱི་ནུས་པ་ཡང་མངོན་གསལ་དོད་པོ་ཡོད་པ་རེད།

ཇི་ལྟར་བྱས་ནས་པད་ཁའི་རིན་ཐང་ཕྱོགས་ཡོངས་ནས་སྔོག་འདོན་བྱ་རྒྱུ་ནི་པད་ཁའི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ཡག་པོ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་དང་།མཚོ་སྔོན་གྱི་པད་ཁའི་ཐོན་ལས་དེ་ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་བཞིན་ཡོད།

མེ་ཏོག་བཞད་ནས་གསེར་ལེན།དབྱར་དུས་སུ་གསེར་མདོག་གི་པད་ཁའི་མེ་ཏོག་མཚོ་སྔོན་གྱི་ས་གཞི་ཆེ་མོའི་རྒྱན་ཆ་ཡག་ཤོས་སུ་གྱུར་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསེར་མདོག་གི་སྒུལ་ཤུགས་སུ་གྱུར་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཡུལ་སྐོར་བ་མང་བའི་དུས་ཚིགས་སུ“མོན་ཡོན་མེ་ཏོག་བཞད་པའི”ཟླ་རེའི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་1ལས་བརྒལ་ནས་ཞིང་ཆེན་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་དུས་ཆེན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།མིག་སྔར་མཚོ་སྔོན་འདི་ཉིད་པད་ཁའི་ཐོན་ལས་དང་སྣོད་བཅུད་ལྟ་སྐོར་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་གནད་ཞིང་ཆེན་དུ་གྱུར་ནས་པད་ཁའི་ཡུལ་སྐོར་ཐོན་ལས་རྟེན་གཞི་གཉིས་དང་ཡུལ་སྐོར་ལམ་ཐིག་10བསྐྲུན་ཡོད་པ་རེད།

མེ་ཏོག་ལ་བརྟེན་ནས་རྒྱུ་བྱུང་བ།པད་ཁའི་ཐོན་ལས་སྦྲེལ་ཐག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་སྣུམ་སྤྱོད་པ་དང་།མེ་ཏོག་སྤྱོད་པ།སྦྲང་རྩི་སྤྱོད་པ།གཟན་རྩྭ་སྤྱོད་པ་བཅས་བྱས་ཏེ་མཚོ་སྔོན་གྱི་པད་ཁ“ས་བོན་འཚོང་བ”དང“ཡུལ་སྐོར་འཚོང་བ”ནས“ཐོན་རྫས་འཚོང་བ”བར་དང་དེ་བཞིན“སྤུས་རྟགས་འཚོང་བའི”ལམ་བུའི་ཐོག་བསྐྱོད་ཡོད།“མེ་ཏོག་”ཡག་པོ་འདེབས་པ་དང་།སྣུམ་ཐིགས་གཅིག་ཡག་པོ་བཟོ་བ།“ཐིགས་”གཅིག་གང་འགབ་ཅི་སྤྱོད་བཅས་བྱས་ཏེ་པད་ཁའི་ཁྱད་ལྡན་ཐོན་ལས་ལེགས་སུ་གཏོང་བ་དང་སྟོབས་ཆེར་གཏོང་གང་ཐུབ་བྱེད་དགོས།

བསྡོམས་རྩིས་བྱས་པར་གཞིགས་ན།མིག་སྔར་ཞིང་ཆེན་ཡོངས་སུ་པད་ཁ་ལས་སྣོན་བྱེད་མཁན་ཁེ་ལས་སྣ་ཚོགས་127ཡོད་པ་དང་།རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་4དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་13ཡོད་པ།ལོར་པད་ཁའི་ཐོན་རྫས་ཏུན་ཁྲི་40.16ལས་སྣོན་བྱས་པ།ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་28.77ཟིན་ཡོད།ཞིང་ཆེན་དེ་ཡོངས་ཀྱི་དཔྱིད་པད་འདེབས་འཛུགས་མཉམ་ལས་ཁང་809ཡོད་པ་དང་ཞིང་པ་མཉམ་ལས་ཁང་དུ་ཞུགས་ཚད་76%ཟིན་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་སྐུལ་ཁྲིད་ཕན་འབྲས་མངོན་གསལ་དོད་པོ་ཡོད་པས་ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཁྱད་ལྡན་པད་ཁ་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱབ་རྟེན་སྟོབས་ཤུགས་གལ་ཆེན་ཞིག་རེད།

གསེར་གྱི་མེ་ཏོག་གང་སར་སེར་པོར་གྱུར་པ་དང་།སྦྲང་མས་ཕྱེ་ལེབ་ཀྱིས་རྩོམ་ཡིག་འབྲི་བཞིན་ཡོད།ཐོན་མཐོ་སྣུམ་ཆེ་བའི་པད་ཁའི་སྣ་ཁ་དེ་མཚོ་སྔོན་གྱི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་གདེང་ཚོད་ཅིག་ཏུ་གྱུར་ཡོད།ཞིང་ཁ་ནས་ཁྲོམ་རའི་བར་དང་།བཟོ་གྲྭ་ནས་གསོལ་ལྕོག་བར་མཚོ་སྔོན་གྱི་པད་ཁའི་ཐོན་ལས་གོམ་པ་རེ་རེ་བཞིན་རྐང་རྗེས་བཞག་ནས་ཁྲོམ་ར་གསར་པ་དེ་བས་ཆེ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།