མཚོ་སྔོན་གྱི་དྭངས་ཤིང་གཙང་བའི་ཆུ་བོས་རྒྱུན་ཆད་མེད་པར་ཀྲུང་གོའི་ས་གཞི་ཆེན་པོར་བཅུད་ཀྱིས་གསོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྨ་ཆུས་ཀྲུང་ཧྭ་མི་རིགས་གསོ་སྐྱོང་བྱེད་པ་དང་།ཀྲུང་ཧྭའི་ཤེས་རིག་གསོ་སྐྱོང་བྱེད་ཀྱི་ཡོད་པས།ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན།

རྨ་ཆུའི་འབབ་རྒྱུད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ།མི་འབོར་གྱི་བྱེད་སྒོ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པས།རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད།

2019ལོའི་ཟླ་9ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེང་ཁུལ་རུ་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས“རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་གཙང་པོར་འགྱུར་བ་བྱེད་དགོས”ཞེས་པའི་རླབས་ཆེན་འབོད་སྐུལ་གནང་བ་རེད།

མཚོ་སྔོན་ནི“གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་ས་ཁོངས་ཀྱི་རྨ་ཆུའི་གཞུང་རྒྱུན་རིང་ཚད་སྤྱི་ལེ་1694ཟིན་པ་དེས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི་31%བཟུང་བ་དང་ལོ་མང་རིང་ཆ་སྙོམས་རྒྱལ་མཚམས་ནས་སྒྲོལ་བའི་ཆུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་264.3ཟིན་པ་དེས་འབབ་རྒྱུད་ཡོངས་ཀྱི་རྒྱུག་ཚད་ཀྱི་49.4%བཟུང་བ་དང་།ཆུ་འགོ་ཡིན་ལ་སྐམ་ཤས་ཆེ་བའི་ཁུལ་ཡང་ཡིན་པས་རྨ་ཆུ་རྒྱུག་ཁུལ་དུ་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན་ཡོད།

ལོ་ལྔའི་རིང་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“རྒྱལ་ཁབ་ཀྱི་དོན་ཆེན་པ”བློ་ལ་བརྟན་པོར་ངེས་ནས་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མཚོ་སྔོན་སྐྱོང་ལུགས་ཀྱི་འགག་རྩའི་གནད་འགག་ཏུ་བརྩིས་ཏེ་གཙང་པོ་དང་ཆུ་འགོ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྱུང་རྩའི་འགན་འཁྲི་དང་།    སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད།    ཁྱོན་ཡོངས་ཀྱི་མཐོང་རྒྱ་བཅས་ཀྱིས་“འབྱུང་རྩའི་འགན་འཁྲི་”ཕྲག་ཏུ་ཏན་ཏིག་འཁུར་བ་དང་།    “ཆུ་གཞུང་ཨ་མའི་འགན་འཁུར་”མངོན་མཚོན་བྱས་ཏེ།    གཙང་པོ་དང་ཆུ་བོ་ཆེན་པོ་བཅོས་སྐྱོང་བྱེད་པར་མཚོ་སྔོན་གྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས།    རྨ་ཆུའི་བཞུར་རྒྱུན་ཁྲོད་ཀྲུང་གོའི་ས་གཞི་ཆེན་པོར་རྒྱུན་མི་ཆད་པར་བརླན་པར་བྱེད་དགོས།    

རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་བྲག་ཡན་ཁ་ལ་རི་བོའི་བྱང་ངོས་ནས་བྱུང་བ་དང་ལོ་ལྟར་སྨད་རྒྱུད་དུ་ཆུ་འགོ་གཙང་མ་རྒྱུན་ཆད་མེད་པར་སྐྱེལ་གྱི་ཡོད།ཆུ་འགོ་ནི་ཆུའི་ནང་གི་རྡོ་རྗེ་ཕ་ལམ་ཡིན་ཞིང་།ཐུན་མོང་མ་ཡིན་པའི་རིན་ཐང་ལྡན།དེར་བརྟེན་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་བདེ་འཇགས་དེ་མཚོ་སྔོན་རང་ངོས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད།རྒྱལ་ཡོངས་རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་དེ་བས་འབྲེལ་བ་ཡོད་ལ་ཐ་ན་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་དང་ཡང་འབྲེལ་བ་ཡོད།

མཚོ་སྔོན་གྱིས་འབབ་རྒྱུད་ཡོངས་ཀྱི་མཉམ་སྐྲུན་མཉམ་བཅོས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་གཅིག་གྱུར་འཆར་འགོད་ཀྱིས་དབྱེ་འབྱེད་བྱེད་པ་དང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་།བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་གཏོང་བ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་བྱ་སྤྱོད་ལག་བསྟར་ཡག་པོ་བཅས་བྱས་ཏེ་རྒྱུག་ཁུལ་ཡོངས་སུ་སྔོན་ལ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་པ་དང་།རྨ་ཆུའི་འབབ་རྒྱུད་ཀྱི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ནུས་པ་ཇེ་བརྟན་དུ་གཏོང་བ་དང་།    ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་མ་ཡུམ་གཙང་པོའི་བདེ་ཐང་སྲུང་སྐྱོང་བྱས་ཏེ།    ཆུ་བོ་དྭངས་མ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་དགོས།    

སྟོན་ཚུགས་རྗེས་ཀྱི་རྩྭ་ཐང་གི་རྩྭ་མདོག་རིམ་བཞིན་སེར་པོར་གྱུར་པ་དང་།སྟོན་རླུང་ཁྲོད་དུ་གྲང་ངར་ཆེ་བའི་སྣང་བ་ཞིག་ཡོད།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཤང་པད་མ་ནག་གྲོང་ཚོའི་སྣོད་བཅུད་བདག་སྐྱོང་བ་འབྲུག་ཐར་གྱིས་སྦག་སྦག་བཞོན་ནས་གྲང་རླུང་དང་བསྟུན་ནས་རྩྭ་ཐང་དུ་བསྐྱོད།

ཁུལ་ཐའེ་ཡིས་སྐོར་སྲུང་བྱེད་པའི་གཙོ་གནད་ས་ཁོངས་ནི་རི་བོ་དང་མཚེའུ་གཅིག་དང་ཆུ་བོ་གཅིག་ཡིན།རི་བོ་གཅིག་ནི་གངས་ན་མ་ཡིན་པ་དང་།རྒྱ་སྐད་དུ་“རི་བོ་ནག་པོ”ཞེས་པའི་དོན་ཡིན་མོད།འོན་ཀྱང་དེ་ནི་ནག་པོ་ཞིག་མིན་པར་རི་སྟེང་དུ་སྤྱི་ཆིང་3333ཡས་མས་ཀྱི་རང་བྱུང་ནགས་ཚལ་ཞིག་ཡོད།མཚོ་དང་པོ་ནི་གངས་ན་མཚོ་ཡིན་པ་དང་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྗེས་སུ་ལུས་པའི་མཚེའུ་ཆེ་གྲས་གསུམ་པ་དེ་ཡིན་པ་དང་ཁྲུང་ཁྲུང་དཀར་མོ་དང་ཁྲུང་ཁྲུང་སྐྱ་རིས་སོགས“འདབ་ཆགས་གྲགས་ཅན”གྱི་འཚོ་གནས་བྱ་ཡུལ་ཞིག་རེད།གཙང་པོ་གཅིག་ནི་རྨ་ཆུ་ཡིན་པ་དང་རྨ་ཆུའི་གཙོ་རྒྱུན་གྲོང་ཚོར་སྤྱི་ལེ་50ལྷག་ཙམ་བརྒྱུད་ཡོད།

“ང་ནི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ཞིག་ཡིན་ལ་ཏང་ཡོན་ཞིག་ཀྱང་ཡིན།ཏང་ཡོན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཕ་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ངའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད”ཅེས་འབྲུག་ཐར་གྱིས་བཤད།

རྨ་སྟོད་རྫོང་ལ“རྨ་ཆུའི་ཆུ་འགོ་དང་མཚེའུ་སྟོང་གི་རྫོང”ཞེས་བརྗོད་སྲོལ་ཡོད་པ་དང་རྨ་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་ཡོལ་དང་ཆུ་འགོ་གསོ་འཁྱོངས་བྱ་ཡུལ་གལ་ཆེན་ཞིག་རེད།དུས་རབས་20པའི་ལོ་རབས་90པར་ཕྱུགས་འཚོ་དྲགས་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པས་རྨ་སྟོད་རྫོང་གི་རང་བྱུང་སྣོད་བཅུད་ཇེ་སྡུག་ཏུ་སོང་ཡོད།ལོ་དེ་དག་ནང་རྨ་སྟོད་རྫོང་འདི་ཉིད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་པ་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་དུས་ཐེངས་དང་པོ་དང་གཉིས་པའི་བར་དང་།དེ་ནས་ད་ཆའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་གླིང་བཙུགས་པའི་བར།རྨ་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་ནས་རྒྱུག་པའི་རྨ་ཆུ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་གི་འབྱུང་གནས་སུ་གྱུར་ཡོད།

རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“མཛེས་སྡུག་ལྡན་པའི་གཙང་པོ”བཏོད་པ།

སྟོན་དུས་ཀྱི་ས་སྲོད་དུ་ནམ་མཁའི་མཐའ་ལ་མེ་ལྟར་དམར་པོར་གྱུར་ནས་ཙོང་ཆུའི་འོད་ཟེར་འཕྲོ་བཞིན་གསེར་འོད་ཆེམ་ཆེམ་དུ་འཕྲོ་བ་དང་།ཙོང་ཆུའི་འགྲམ་གྱི་སན་ཧོ་འདམ་རའི་སྤྱི་གླིང་གི་ལྗོན་ཤིང་གི་གྲིབ་བསིལ་དུ་གྱུར་ནས་འདབ་ཆགས་ཀྱི་སྐད་སྒྲ་གྲགས་བཞིན་ཡོད།

གཙང་པོ་གསུམ་གྱི་འདམ་རའི་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱི་ཤར་ཟམ་ཆེན་དང་ཆུ་འཐག་ཟམ་ཆེན་དབར་གྱི་ལྷོ་བྱང་ངོགས་ཀྱི་གྲམ་ཐང་དུ་གནས་པ་དང་ཆུ་བོ་གསུམ་འདྲེས་ནས་མིང་དེ་ལྟར་ཐོགས།འདམ་རའི་སྤྱི་གླིང་དེ་ལྷོ་བྱང་མཚེའུ་གཉིས་སུ་དབྱེ་བ་དང་།བྱང་མཚེའུ་ཡི་ཆུ་འདྲེན་ཆུ་འགོ་ནི་རྒྱལ་ཁ་ལེན་པའི་ལུང་ཤུར་དུ་གྱུར་པ།ལྷོ་མཚེའུ་ཡི་ཆུ་འདྲེན་ཆུ་འགོ་ནི་སྒང་ཙི་ལུང་ཤུར་དུ་གྱུར་ཡོད།སྤྱི་གླིང་དེ་ཙོང་ཆུ་དང་།ལི་ཧྲེང་ལུང་ཤུར་ཆུ་བོ།སྒང་རྩེ་ལུང་ཤུར་བཅས་ཀྱི་འབྲེལ་མཚམས་སུ་གནས་པའི་གཙང་པོ་གསུམ་གྱི་ངོགས་དྲུག་གི་དབང་གིས་མིང་ལ་ཆུ་གསུམ་འདམ་རའི་སྤྱི་གླིང་ཞེས་བཏགས་ཡོད།

ཆུ་གསུམ་འདམ་རའི་སྤྱི་གླིང་གི“སྔ་མིང”ནི་ཙོང་ཆུ་འགྲམ་གྱི་གྲམ་ཐང་ཞིག་རེད།ཙོང་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཕྲན་གལ་ཆེན་ཞིག་ཡིན་པ་དང་ཙོང་ཆུ་རྒྱུག་ཁུལ་གྱི་བདེ་འཇགས་དེ་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པར་བརྟེན་གཙང་གསུམ་འདམ་རའི་སྤྱི་གླིང་བསྐྲུན་པ་དེ་ནི་གྲོ་ཚང་ཆུས་ཀྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།གཙང་པོ་གསུམ་གྱི་འདམ་རའི་སྤྱི་གླིང་གིས་ཙོང་ཆུ་གཙང་པོར་སྙིགས་བསགས་བྱས་པ་བརྒྱུད་རང་བྱུང་གཙང་བཟོ་བྱས་རྗེས་དེ་སྔའི་ཐང་རྒོད་དེ་སྣོད་བཅུད་མཛེས་ལྗོངས་ཁུལ་དུ་སྒྱུར་བཀོད་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

ཙོང་ཆུ་ལ་བཞུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལག་ལེན་བསྟར་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།མཚོ་སྔོན་ཞིང་ཆེན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཆོད་སེམས་བརྟན་པོ་དང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མ་ཡུམ་གཙང་པོ་སྲུང་སྐྱོང་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ནན་པོ་རབ་དང་རིམ་པ་བཟོས་པ་དང་།ཆུའི་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ་བཅས་བྱས་ཏེ་རྨ་ཆུའི་ཆུ་ཚརྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཞིང་དོར་ནགས་གསོ་རྩྭ་འདེབས་དང་།བྱེ་ཐང་ཅན་དུ་འགྱུར་བའི་ས་ཞིང་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་བྱེད་པར་བརྟེན་ནས་ས་ཆུ་ཤོར་ཚུལ་བཀག་འགོག་ནུས་ལྡན་བྱ་དགོས།དེ་དང་ཆབས་ཅིག་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་ཁེ་ལས་ལ“མི་འདུག”ཅེས་མཐའ་གཅིག་ཏུ་བཤད་དེ་འབྱུང་རྩ་ནས་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་གཏོང་དགོས།

གཞན་ཡང་མཚོ་སྔོན་གྱིས“གཞུང་ཆུའི་འགན་འཁྲི་འཁུར་སེམས”འདོན་སྤེལ་ཏན་ཏིག་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་འབབ་རྒྱུད་ཀྱི་ཁོར་ཡུག་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།བར་མཐོངས་དང་།བསྡོམས་འབོར།རྣམ་གྲངས་བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ཁོར་ཡུག་འཇུག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འབབ་རྒྱུད་ཀྱི་ཞིང་འབྲོག་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་དང་།བཟོ་ལས་ཀྱི་སྦགས་བཙོགགྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མངོན་གསལ་དོད་པའི་གནད་དོན་བཅས་གཙོ་གནད་དུ་བྱས་ནས་ཆུ་འདྲེན་ཁོར་ཡུག་དང་།རླུང་ཁམས་ཆེ་མོ།ས་རྒྱུ།སྲ་གཟུགས་བེད་མེད་དངོས་རོ་བཅས་མཉམ་འགོག་མཉམ་བཅོས་བྱེད་པ་དང་།    གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།    འབབ་རྒྱུད་ཀྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།    

ད་ཆ་རྨ་ཆུའི་མཚོ་སྔོན་དུམ་བུ“སྙིགས་རོ་མེད་པའི་རྨ་ཆུར”གྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་སྟོབས་ཆེ”ཞིག་རེད།མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས“མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་སར་གཏོད་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི་ས་ཁུལ་བཞིར་བརྟེན་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ད་ཆ་རྨ་ཆུའི་ངོགས་གཉིས་སུ་སྐྱོད་སྐབས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།དེང་རབས་ལྗང་མདོག་ཐོན་ལས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ།རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།ལན་ནུབ་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

“རྨ་ཆུའི་ཚོན་ཁྲའི་ལན་ཆིའུ་སྤོ་ལོའི་”ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཤང་དུ་གནས་པ་དང་།རྨ་ཆུ་དང་ཐག་ཉེ་པོ་ཡོད་པ།ས་བབ་དམའ་བ་བཅས་ཡིན་པ་དང་མཚོ་ཤར་གྲོང་ཁྱེར་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དུ་ཅུང་དྲོ་སྐྱིད་ལྡན་པའི་ས་ཁོངས་སུ་གཏོགས་པས་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད།

ཉེ་བའི་ལོ་ཤས་རིང་དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་བཏང་བ་དེས“རྨ་ཆུའི་ཚོན་ལྡན་ལན་ཆིའུ་སྤོ་ལོའི་”ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཞིང་ཆེན་ཡོངས་ཀྱི་སྒྲིག་བཀོད་ཞིང་ལས་ཀྱི་སྣ་ཁ་གསར་པ་དང་།ལག་རྩལ་གསར་པ།སྒྲིག་ཆས་གསར་པ་ཚོད་ལྟ།དཔེ་སྟོན།ཁྱབ་གདལ་བཅས་ཀྱི་དཔེ་མཚོན་གླིང་དུ་གྱུར་པ་དང་།དེ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས་གྲོང་གསེབ་པུའུ་སོགས་པུའུ་ཨུད་བདུན་གྱིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་ཁག་དང་པོ་དང་དེ་བཞིན་མཚོ་ཤར་གྲོང་ཁྱེར་གྱི་ཐོན་ལས་དང་པོ་དང་།གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་ཡིན།

“ང་ཚོའི་གླིང་ཁུལ་གྱི་ལས་དོན་ཚང་མའི་དམིགས་ཡུལ་ནི་དོ་དམ་དང་ཞབས་ཞུ་ཡག་པོ་བསྒྲུབས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དེ་རེད”ཡ་རྫི་རྫོང་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་རེན་མཱ་ཅན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་གླིང་ཁུལ་གྱིས་འདེབས་འཛུགས་དུད་ཚང་86ལ་ཐད་ཀར་སྣེ་ཁྲིད་བྱས་ནས་མི་270ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།

མཚོ་སྔོན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་དཔལ་འབྱོར་དང་།འཁོར་རྒྱུག་དཔལ་འབྱོར།གྲངས་འཛིན་དཔལ་འབྱོར།ལས་སྟེགས་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་བའི“དཔལ་འབྱོར་རྣམ་པ་རིགས་བཞི”སྣེ་ཁྲིད་དུ་བྱས་ཏེ་ལྗང་མདོག་དེང་རབས་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་།གསར་གཏོད་སྦྲེལ་ཐགརིན་ཐང་སྦྲེལ་ཐག་བཅས་རྒྱ་ཆེར་ཧུར་ཐག་བཏང་སྟེ་རྨ་ཆུའི་མཚོ་སྔོན་རྒྱུག་ཁུལ་གྱི་སྤུས་ལེགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད།

མིག་སྔར་མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པ་དང་།དྭངས་གཙང་ནུས་རྒྱུ་དང་ལྗང་མདོག་རྩིས་རྒྱག་ནུས་པས་ཀྱང་རྫོགས་ལྡན་སྐར་ཁུང་གི་དུས་སྐབས་བསུས་ནས་ལྗང་མདོག་གི་རྩིས་རྒྱག་ནུས་པས་སྣེ་ཁྲིད་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་མཐུན་ལ་མཚོ་སྔོན་གྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་དགོས་མཁོ་དང་ཡང་མཐུན་ཡོད་པ་རེད།

ལོ་འགོར་མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་རྒྱག་ཐོན་ལས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།ཟླ་འདིའི་ཟླ་འགོར་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ལྗང་མདོག་ནུས་པའི་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་རེད།ད་ཆ་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་དེ་མཚོ་སྔོན་གྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགྲན་ལམ་གསར་པར”གྱུར་ཡོད།

སྣོད་བཅུད་ཡུལ་སྐོར་ལ་སྐུལ་འདེད་བཏང་ནས“བདེ་སྡོད་ཀྱི་ཆུ་བོ”གཏོད་རྒྱུ།

དམངས་འཚོར་དོན་དག་ཆུང་ཆུང་མེད།ད་ཆའི་རྨ་ཆུའི་ངོགས་གཉིས་སུ་ནམ་མཁའ་དེ་བས་སྔོ་ཞིང་དྭངས་པ་དང་།རི་བོ་དེ་བས་སྔོ་ལྗང་དུ་གྱུར་པ།ཆུ་བོ་དེ་བས་དྭངས་པ།ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་བྱུང་ཡོད།སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་འདེབས་གསོ་དང་།ལག་ཤེས་བཟོ་ལས།གྲོང་གསེབ་ཡུལ་སྐོར་སོགས་རང་ཡུལ་གྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་ལས་སྣོན་དང་།ཞིང་འབྲོག་ཐོན་རྫས་བསྡུ་འགྲེམས།སྤྲོ་གསེང་ལྟ་སྐོར་ཉམས་ལེན་སོགས་ཆེད་ལས་ཅན་གྱི་གྲོང་ཚོ་ཁག་གཅིག་བསྐྲུན་ཡོད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ངམ་ར་ཤང་བདེ་སྐྱིད་གྲོང་ཚོ་ནི་གཅན་ཚ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པ་དང་རྨ་ཆུའི་འགྲམ་དུ་གནས་པས་རང་བྱུང་ཁོར་ཡུག་ཧ་ཅང་མཛེས་པོ་ཡོད།མཛེས་སྡུག་ལྡན་པའི་རྨ་ཆུ་ནི་བདེ་སྐྱིད་གྲོང་ཚོའི་སྲ་ཞིང་བརྟན་པའི་སྣོད་བཅུད་སྲུང་ཡོལ་ཞིག་ཡིན་པ་མ་ཟད།གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གཡུལ་ས་གཙོ་བོར་གྱུར་ཡོད།

“བདེ་སྐྱིད་”ནི་དེས་གནས་སྤོས་མང་ཚོགས་ཀྱིས་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་དང་རེ་སྒུག་བྱེད་པ་མཚོན་ཡོད།དོན་དངོས་ཐོག་རེ་སྨོན་བྱེད་པའི་བདེ་སྐྱིད་མངོན་འགྱུར་བྱུང་ཡོད།

2017ལོར་གཅན་ཚ་རྫོང་གི་ཤང་དང་གྲོང་རྡལ་7གྱི་གྲོང་ཚོ་30ཡི་དུད་ཚང་251གི་མི་946རང་བྱུང་ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཀླད་གཏིང་རི་ཁུལ་ནས་ཁ་བྲལ་ཏེ་རྨ་ཆུ་ལྟར་བསྐྲུན་པའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཏེ་རྨ་ཆུ་འགྲམ་དུ་གནས་པའི་ངམ་ར་ཤང་བདེ་སྐྱིད་གྲོང་ཚོར་བསྐྱོད་པ་རེད།2018ལོར་བདེ་སྐྱིད་གྲོང་ཚོས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་ཚོ་གཏོད་འགོ་ཚུགས་ཤིང་།ལོ་དེའི་ཟླ་བཅུ་པར་ཞིང་ལས་དང་གྲོང་གསེབ་པུས“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ལ་བདམས་པ་རེད།2020ལོའི་ཟླ་བདུན་པར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོའི་མིང་ཐོའི་ནང་ཞུགས་རྩིས་ཡོད་པ་ནས་བཟུང་བདེ་སྐྱིད་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་གྲོང་ཚོ་ནས“དྲ་ཐོག་མཛེས་ལྗོངས་ཁུལ”བར་འགྱུར་ལྡོག་བྱུང་ཡོད།

བདེ་སྐྱིད་གྲོང་ཚོ་ནི་བསྡུས་རིས་ཙམ་ཞིག་རེད།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཐོན་ལས་སྟོབས་ཆེན་དང་།སྣོད་བཅུད་ཁོར་ཡུག་ལེགས་པ།འཚོ་བ་ཡག་པོ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་བཏོད་དེ“རྨ་ཆུ་དང་ཙོང་ཆུའི་མགྲོན་ཁང་།མཚོ་སྐོར་འབྲོག་སྡོད”“སྣ་མང་ཕུན་སུམ་ཚོགས་པའི་བོད་སྡོད”སོགས་ཁྱད་ལྡན་ཡུལ་མིའི་སྡོད་ཁང་དང་གྲོང་གསེབ་ཀྱི་སྐྲུན་དངོས་བཏོད་དེ་ཡུལ་བབ་དང་བསྟུན་ནས་གཅིག་སྡུད་ཡུག་སྦྲེལ་གྱི་མཛེས་སྡུག་ལྡན་པའི་འཚོ་སྡོད་དཔེ་སྟོན་གྲོང་གསེབ་ཁག་གཅིག་བསྐྲུན་པས་ཞིང་འབྲོག་པའི་ཡོང་འབབ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

རྨ་ཆུའི་རིག་གནས་དར་སྤེལ་བཏང་ནས“ཡིད་དབང་འཕྲོག་པའི་ཆུ་བོ”བཏོད་པ།

རྨ་ཆུའི་ཆུ་རྒྱུན་རྒྱུན་ཆད་མེད་པ་དང་།འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་རིག་གསོ་སྐྱོང་བྱས་ཡོད།རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་དུས་གཏན་དུ་འཕེལ་རྒྱས་ཡོང་བའི་འབྱུང་ཁུངས་དང་འབྲེལ་བ་དང་།ཁྲག་རྒྱུན་གྱི་བརྟེན་ས།རྩ་བའི་བླ་སྲོག་བཅས་ཡིན།

“རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ལྟ་བུ་ཞིག་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨ་ཆུའི་རིག་གནས་ཁྲོད་འདུས་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་།‘རྨ་ཆུའི་གཏམ་རྒྱུད’ཡག་པོ་ཤོད་པ།ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་བྱེད་པ།རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་”ཞེས་ནན་བཤད་གནང་ཡོད།

རྨ་ཆུའི་རིག་གནས་ནི་དཔེ་མཚོན་གྱི་ཞིང་ལས་རིག་གནས་ཤིག་ཡིན་ལ།ཆིན་དང་ཧན་གྱི་རྗེས་སུ་རྨ་ཆུའི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ས་ཁུལ་གཙོ་བོ་རྨ་ཆུའི་དབུས་སྨད་རྒྱུད་དུ་འདུས་ཡོད།མཚོ་སྔོན་གྱིས་ཧན་ནུབ་མ་ནས་བཟུང་ཀྲུང་དབྱང་གི་དོ་དམ་མ་ལག་ནང་རིམ་བཞིན་བཅུག་པས་ཀྲུང་ཡོན་རིག་གནས་དེ་དང་ཆབས་ཅིག་ཧོ་ཧོང་ས་ཁུལ་དུ་སླེབས་ཡོད།དེའི་རྗེས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་མཚོ་སྔོན་གྱི་གནམ་འོག་གི་རྣམ་པར་འགྱུར་ལྡོག་འགྲོ་བའི་ཁྲོད་དུ“ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་།ངའི་ཁྲོད་དུ་ཁྱེད་ཡོད”ཅེས་པའི་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་རྣམ་པ་ཞིག་ཆགས་ནས་རྨ་ཆུ་དང་ཙོང་ཆུའི་རིག་གནས་དེ་རྨ་ཆུའི་རིག་གནས་ལྟེ་བར་བྱེད་པ་དང་།གཅིག་གྱུར་དང་ཁ་བྲལ་ཐབས་མེད་པའི་“སྣ་མང་གཞི་གཅིག་”གི་རིག་གནས་མ་ལག་ཅིག་ཏུ་གྱུར་ཡོད།

རིག་གནས་ཤུལ་བཞག་གིས་ང་ཚོར་རྒྱུན་ཆད་མེད་པའི་བསམ་པའི་འཚོ་བཅུད་མཁོ་འདོན་བྱས་ཡོད་པ་དང་།ཡུལ་སྐོར་ནི་རིག་གནས་ཤུལ་བཞག་གི་སྤྱི་ཚོགས་དང་རིག་གནས་རིན་ཐང་བརྒྱུད་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས།གྲོ་ཚང་དགོན་པ།རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཆེས་ཆ་ཚང་བའི་མིང་རྒྱལ་རབས་ཀྱི་དཔོན་རིགས་ཀྱི་བཟོ་སྐྲུན་ཚོགས་པ་ཞིག་ཡོད།སྤྱི་ཡོངས་ཀྱི་བསམ་བཀོད་ནས་ཨར་ལས་བྱེད་ཐབས་བཟོ་བའི་བར་འཛུགས་སྐྲུན་ཧྲིལ་པོར་མིང་རྒྱལ་རབས་ཀྱི་དཔོན་སྲོལ་དང་ཀན་སུའུ་དང་མཚོ་སྔོན་ས་གནས་ཀྱི་རྒྱ་རིགས་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པ་དང་།“ཕོ་བྲང་རྙིང་ཆུང”ཞེས་པའི་མཚན་སྙན་ཡོད་པ་མ་ཟད།བར་ཁྱམས་ཀྱི་ལྡེབས་རིས་ལ“མདུན་དུ་ཏུན་ཧོང་ཡོད་པ་དང་།རྗེས་སུ་ཆུས་དུམ་བུ”ཞེས་བརྗོད་ཀྱི་ཡོད།

ལོ་རྒྱུས་ཡུན་རིང་ལྡན་པ་དང་གཏིང་ཟབ་པའི་རིག་གནས་ཀྱིས་གནའ་བོའི་འཛུགས་སྐྲུན་ཚོགས་པ་འདིར་ཡིད་དབང་འཕྲོག་ཤུགས་ཀྱིས་ཁེངས་པ་དང་མི་རྣམས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ཁེངས་ཡོད།

“ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་།ལས་ཕྱོད་ཆེ་བའི་བེད་སྤྱོད།སྤུས་ལེགས་འཕེལ་རྒྱས”བཅས་མངོན་འགྱུར་བྱ་ཆེད།2015ལོའི་ཟླ་4པར་གྲོ་ཚང་ཆུས་ཀྱིས《གྲོ་ཚང་དགོན་སྲུང་སྐྱོང་འཆར་འགོད(2015—2030)》བཟོས་ནས་རིག་དངོས་སྲུང་སྐྱོང་དང་།ཁོར་ཡུག་བཅོས་སྒྲིགསྣོད་བཅུད་སྔོ་འགྱུར།གྲོང་རྡལ་གསར་པ་འཛུགས་སྐྲུན།ཚོང་ལས་ལེ་ལག་སོགས་རྣམ་གྲངས་ཆེ་གྲས་དྲུག་ལ་ཁྱོན་37ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

རིག་དངོས་སྲུང་སྐྱོང་སྟེ།གྲོ་ཚང་དགོན་དང་སྨན་རྩྭ་ཐའེ་དགོན་གྱི་ད་ཡོད་མཁར་གྱང་ཉམས་གསོ་དང་བརྟན་དུ་བཏང་ནས་ཆུས་ཨུ་དུམ་དགོན་གྱི་གནའ་བོའི་བཟོ་སྐྲུན་ཚང་མའི་ཐོག་གི་ལྡེབས་རིས་ལ་རིག་དངོས་སྲུང་སྐྱོང་ཉམས་གསོ་བྱས་པ་དང་།

ཁོར་ཡུག་བཅོས་སྒྲིག——ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས་དང་།ཆུས་ཏིའུ་དགོན་གྱི་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས།ཆུས་ཏིའུ་དགོན་གྱི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་རྣམ་གྲངས་བཅས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་།

སྣོད་བཅུད་སྔོ་འགྱུར་གྱི་ལུའོ་ཧན་རི་བོ་དང་རྒྱ་བྱ་རི་བོའི་སྔོ་འགྱུར་ཆུ་བེད་ལེ་ལག་ཚང་བའི་ལས་གྲྭ་སྔ་རྗེས་སུ་ཉིན་རེའི་གྲོས་རིམ་ནང་བཅུག་པ་རེད།

“རིག་གནས་ཤུལ་བཞག་གསོན་ཤུགས་ལྡན་པར་བྱེད”ཅེས་པ་ནི་རིག་གནས་ཤུལ་བཞག་གི་སྤྱི་ཚོགས་རིན་ཐང་དང་རིག་གནས་རིན་ཐང་སྔར་བས་འདོན་སྤེལ་ཡག་པོ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་དེས་དུས་རབས་གསར་པའི་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པར་ལག་བསྟར་བྱེད་འཐུས་ཀྱི་ཐབས་ལམ་མཁོ་འདོན་བྱས་ཡོད།

མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་།རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ།རྨ་ཆུ་དང་ཙོང་ཆུའི་རིག་གནས་མཚོན་བྱེད་དུ་བྱས་པའི་རྨ་ཆུའི་རིག་གནས་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ།ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ།ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

2024ལོའི་ཟླ་9ཚེས་12ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་ཁུལ་རུ་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་པོ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་།སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།སྤྱི་འདོམས་འཆར་འགོད་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འབབ་རྒྱུད་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།    ལྗང་མདོག་ཕྱོགས་སྒྱུར་ལ་འཕེལ་རྒྱས་གསར་པ་བྱུང་བ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པ།    མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་བཅས་ལ་སྐུལ་འདེད་བཏང་སྟེ་རྨ་ཆུ་རྒྱུག་ཁུལ་གྱི་མཚོ་སྔོན་དུམ་བུའི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས་པ་རེད།   

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།