ལྕགས་རི་རིང་པོ་དང་རྨ་ཆུ་པའོ་ཐོའུ་དུ་མཇལ་ནས་ལོ་ངོ་སྟོང་གི་ལམ་བུར་ཕྱིར་མིག་བལྟས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ལྕགས་རི་རིང་པོ་བསྐོར་ནས་རྨ་ཆུ་རབ་ཏུ་རྒྱས།པའོ་ཐོའུ་ཡི་ས་གཞི་ཆེ་མོར་ལངས་ནས་ལོ་ངོ་ཉིས་སྟོང་རིང་ཕྱིར་ལྟ་བྱེད་སྐབས།ཅིན་ཀོ་ཐེ་མ་དེ་ས་རྡོའི་རྦ་རླབས་ཀྱི་ཁྲོད་དུ་མི་རིགས་ཁག་གིས་ཕན་ཚུན་ལྟ་རེས་བྱེད་པའི་མཛད་རྗེས་རྡོ་རིང་ཞིག་ཏུ་གྱུར་ཡོད་པ་དང་།སྤྱི་ལེ་ངོས་གྲུ་ཁྲི་2.78ཀྱི་ས་ཞིང་གིས་ད་ཆའི་ཟིང་ཆ་མི་ལངས་པ་དང་བདེ་འཇགས་དར་རྒྱས་ཀྱི་རྒྱ་མཚོའི་ཞིང་ཁ་བདེན་དཔང་བྱས་ཡོད།

ཉེ་སྔོན“ནང་སོག་གི་བག་ཆགས་ནི།ལྕགས་རི་རིང་པོ་དང་རྨ་ཆུ་དེ་གར་མཇལ”ཞེས་པའི་སྨྱན་སྦྱོར་འོས་སྦྱོར་བྱེད་སྒོའི་ཞིང་ཆེན་རིམ་པའི་ལས་སྟེགས་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་པའོ་ཐོའུ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རྟེན་རྫས་བཤམས་མཛོད་ཁང་དང་།པའོ་ཀང་ཚོགས་པ།པའོ་ཐོའུ་ཞི་ཐུའུ་རྟེན་རྫས་བཤམས་མཛོད་ཁང་།རྒྱལ་ཁབ་ཞི་ཐུའུ་ནུས་པའི་རྒྱུ་ཆ་གསར་གཏོད་ལྟེ་གནས་སུ་བསྐྱོད།

ལོ་ངོ་སྟོང་གི་རིང་ལ་ཕྱིར་ལྟ་བྱེད་སྐབས།ལོ་ཟླའི་བྱེ་རླུང་ཁྲོད་དུ་པའོ་ཐོའུ་ཡི་རྣམ་པ་མངོན་པ།

རྨ་ཆུར་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཞེས་འབོད་པ་དང་།དུས་ཡུན་རིང་པོའི་ལོ་ཟླའི་ནང་ཀྲུང་ཧྭའི་བུ་ཕྲུག་གྲངས་མེད་གསོ་སྐྱོང་བྱས་ཡོད་ལ།ཧྭ་ཞ་ཤེས་དཔལ་གྱི་བསམ་པའི་ཁྱད་ཆོས་ཀྱང་གསོ་སྐྱོང་བྱས་ཡོད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད་ལ།ཧྭ་ཞ་ཤེས་དཔལ་གྱི་མཉམ་སྡེབ་དྲན་ཤེས་ཀྱང་འཁུར་ཡོད།

ཧའོ་ཧའོ་རྨ་ཆུ་ཧོ་ལན་རི་བོའི་འདབས་སུ་བྱང་ཕྱོགས་སུ་བསྐྱོད་པ་དང་།ནང་སོག་ཏུ་སླེབས་རྗེས་བརྗིད་ཉམས་ལྡན་པའི་“ཡིག་འབྲུ་འགའ་”བྲིས་ཡོད་པ་དང་།པའོ་ཐོའུ་གྲོང་ཁྱེར་ནི་“ཡིག་འབྲུ་འགའ་”ཡི་རྩེ་མོར་གནས་ཡོད་པ་དང་།“ཆུ་སྐམ་གྲུ་ཁ་དང་།འགག་སྒོའི་ཕྱི་རོལ་དུ་ཆུས་ཤར་གཏོང་ཐུབ་”ཅེས་པའི་མཚན་སྙན་ཡོད།

པའོ་ཐོའུ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དུ་སླེབས་སྐབས།རྒྱལ་སྒོའི་མདུན་དུ《ཆུ་ཐན་གྲུ་ཁ》ཞེས་པའི་དངོས་ལྗོངས་བརྐོས་མ་ཞིག་གིས་ཚང་མའི་ཡིད་དབང་བཀུག་པ་སྟེ།“གྲུ་ཆེན་གྲུ་ཁ་ནས་སླེབས་ཤིང་།མེ་འཁོར་གྱིས་པའོ་ཐོའུ་རུ་བསྐྱོད་པ་དང་།ཤར་ལྷོ་ནུབ་བྱང་གི་ཆུ་སྐམ་ལམ་དུ་བསྐྱོད་དེ།ཞིན་ལུང་གི་ཚོང་བ་ཡོད་ཚད་ཉོ་འཚོང་བྱེད་ཀྱི་ཡོད”བརྐོས་གཟུགས་ཀྱིས་ཧན་རྒྱལ་རབས་ནས་མི་སེར་རྒྱལ་ཁབ་བར་གྱི་ལོ་ཉིས་སྟོང་ལྷག་ཙམ་རིང་གི་པའོ་ཐོའུ་རྨ་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱི་ལོ་རྒྱུས་མངོན་པ་དང་།ཐུན་མོང་མ་ཡིན་པའི་རྨ་ཆུའི་རིག་གནས་དེ་འཇིམ་བརྐོས་ཀྱི་རྣམ་པའི་ཐོག་ནས་མིག་ལམ་དུ་འཆར།

པའོ་ཐོའུ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྟེན་རྫས་བཤམས་མཛོད་ཁང་དུ་ཡི་གེ་མ་བྱུང་གོང་གི་རྨ་ཆུའི་ཚོམས་ཆེན་དང་།སྟོང་ངོས་རྨ་ཆུའི་ཚོམས་ཆེན།རྨ་ཆུ་བཅོས་སྐྱོང་ཐིང་སོགས་འགྲེམས་ཁང་བདུན་བཙུགས་ཡོད་པ་དང་།རྨ་ཆུའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་།རིག་གནས་གསོག་འཇོགབཅོས་སྐྱོང་གསར་སྤེལ་སོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

“པའོ་ཐོའུ་ཤིན་ནི་རྨ་ཆུ་ནས་བྱུང་བ་དང་པའོ་ཐོའུ་ཡི་འབྱུང་འགྱུར་རྨ་ཆུ་དང་དེ་བས་ཁ་བྲལ་ཐབས་མེད”འགྲེམས་ཁང་གི་གྱང་ངོས་ཀྱི་སྐད་ཆ་དེ་ནི་རྨ་ཆུ་པའོ་ཐོའུ་ནས་དོན་སྙིང་གལ་ཆེན་ལྡན་པའི་ཕྱོགས་སྡོམ་ཞིག་རེད།

ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཚོན་རྟགས་ཡིན་པ་དང་།དམིགས་བསལ་གྱི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་ཡོད།པའོ་ཐོའུ་གྲོང་ཁྱེར་ཁོངས་སུ་གནས་པའི་ཀུའུ་དབྱང་ཆིན་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ནི་རང་རྒྱལ་གྱི་ཆིན་ཧྲི་ཧོང་དུས་སྐབས་ཀྱི་ལྕགས་རི་རིང་པོ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཐོག་མ་དེ་ཡིན་པ་རེད།ཀུའུ་དབྱང་རྫོང་ཁོངས་ཀྱི་ཆིན་ལྕགས་རི་རིང་པོ་དེ་སྤྱི་ལོའི་སྔོན་གྱི་214ལོར་བསྐྲུན་པ་དང་ཤར་ནུབ་ཀྱི་ཕྱོགས་སུ་བསྐྱོད་པ་དེ་ནི་ཆ་ཚང་བའི་གནའ་བོའི་ལྕགས་རི་རིང་པོའི་དམག་དོན་འགོག་སྲུང་མ་ལག་ཅིག་ཡིན་པ་དང་།ལེ་དབར་ཁྲི་ཕྲག་གི་ལྕགས་རི་རིང་པོའི་སྙིང་བཅུད་ལྡན་པའི་ས་ཁོངས་ཤིག་ཡིན་ཞིང་།དེའི་ནང་ཆིན་ལྕགས་རི་རིང་པོའི་འཛུགས་སྐྲུན་རིགས་ཚང་མ་ཚུད་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་ཤེས་དཔལ་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་ལྡན་ཡོད།

སྲུང་སྐྱོང་ཁྲོད་རྒྱུན་འཛིན་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་དགོས།ཉེ་བའི་ལོ་ཤས་རིང་པའོ་ཐོའུ་གྲོང་ཁྱེར་གྱིས“ཆིན་ལྕགས་རི་རིང་པོར་བསྐྱོད་པ”རྐང་ཐང་རྟོག་ཞིབ་དང་།ཆིན་ལྕགས་རི་རིང་པོའི་རྒྱལ་ཡོངས་པར་རྒྱག་འགྲན་བསྡུར་ཆེ་མོ།ཆིན་ལྕགས་རི་རིང་པོའི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བགྲོ་གླེང་ཚོགས་འདུ།ཆིན་ལྕགས་རི་རིང་པོའི་དྲོད་རླངས་སྤོ་ལོའི་དུས་ཆེན་སོགས་ལྕགས་རི་རིང་པོའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ལྕགས་རི་རིང་པོའི་རིག་གནས་དང་དེང་རབས་ཀྱི་མཚོན་ཚུལ་དམ་པོར་འབྲེལ་ཡོད།ཆིན་ལྕགས་རི་རིང་པོའི་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས་2024ལོའི་ཟླ་5ཚེས་1ཉིན་ཀུའུ་དབྱང་ཆིན་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དངོས་སུ་ཡུལ་སྐོར་བར་སྒོ་ཕྱེ་བ་དང་གླིང་ཁུལ་གྱིས་སྣོད་བཅུད་ཡུལ་སྐོར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྣོད་བཅུད་རིག་གནས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་མཉམ་འདྲེས་བྱས་ཡོད།འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་གླིང་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་20.1ལ་སྣེ་ལེན་ཞུས་ཡོད།

“ཧྲན་ཤིས་དང་ནང་སོག་གི་རི་ཆུ་འབྲེལ་བ་དང་ལྕགས་རི་རིང་པོ་ས་ཁུལ་གཉིས་སུ་འབྲེལ་བ་ཡོད།ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་ལས་སྟེགས་དེ་བས་མང་བ་དང་དེ་བས་མང་བར་བརྟེན་ནས་རྨ་ཆུའི་རིག་གནས་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དྲིལ་བསྒྲགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཧྲན་ཤིས་ཞིང་ཆེན་ཧྲའོ་ཁུལ་གྲོང་ཁྱེར་གསར་འགྱུར་དྲིལ་བསྒྲགས་ལྟེ་གནས་ཀྱི་ཀྲུའུ་རེན་ཅི་ཆོན་གྱིས་བཤད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་པའོ་ཐོའུ་ཡིས་ཚན་རྩལ་གྱི་གོ་སྐབས་དམ་འཛིན་བྱས་ནས་རླུང་བརྟེན་རླབས་གཤག་བྱེད་པ།

1953ལོར།ཀྲུང་གོ་གསར་བའི་ཁག་དང་པོར་འཛུགས་སྐྲུན་བྱས་པའི་ངར་ལྕགས་ཁེ་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པའི་པའོ་ཀང་གྲ་སྒྲིག་བྱེད་འགོ་བརྩམས།1959ལོའི་ཟླ་9པར།ནང་སོག་གི་ཐབ་ཆུ་དང་པོ་དེ་པའོ་ཀང་གི་མཐོ་ཐབ་དང་པོ་ནས་ཐོན་པ་དང་།ལོ་གཉིས་པར་ཐབ་ཀྱི་ངར་ལྕགས་དང་ངར་ལྕགས་ཀྱི་ཆུ་དང་པོ་ཡང་བདེ་བླག་ངང་ཐོན་ཞིང་།“པའོ་ཀང་”ཞེས་པའི་ཐ་སྙད་དེ་དེ་ནས་བཟུང་ཀྲུང་གོ་གསར་པའི་ངར་ལྕགས་བཟོ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་འོད་མདངས་རབ་ཏུ་འཕྲོ་བ་དང་།“སེམས་ཤུགས་གཅིག་སྒྲིལ་གྱིས་པའོ་ཀང་འཛུགས་པའི”ལོ་རྒྱུས་ཀྱི་གཏམ་བཟང་ཡང་རྨ་ཆུའི་འགྲམ་ནས་ད་བར་དུ་དར་ཁྱབ་བྱུང་།

ད་ཆ་པའོ་ཀང་གི་ངར་ལྕགས་ཐོན་རྫས་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱ་ཁྱབ་ངང་ཞབས་འདེགས་ཞུ་བཞིན་ཡོད་པ་དང་།པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་།ལན་ཤིན་མྱུར་བགྲོད་ལྕགས་ལམ།མཚོ་བོད་ལྕགས་ལམ།པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་།ཞུང་ཨན་ཁུལ་གསར།“གནམ་མིག”གློག་གཏོང་རྒྱང་ཤེལ།ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་།རྒྱལ་ཁབ་ལུས་རྩལ་ཐང་།འགག་གསུམ་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་དང་དེ་བཞིན་ཀྲུང་གོ་རྡོ་སྣུམ་དང་།ཀྲུང་གོ་རྡོ་སྣུམ་རྫས་འགྱུར

འཛམ་གླིང་ཐོག་གི་ཞི་ཐུའུ་བཟོ་ལས་རྟེན་གཞི་ཆེ་ཤོས་དང་རང་རྒྱལ་གྱི་ངར་ལྕགས་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་པའོ་ཀང་གིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱིས་ཁྲིད་སྟོན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་གྲངས་འཛིན་ཅན་གྱི་ལག་རྩལ་དང་བཟོ་ལས་བཟོ་སྐྲུན་བརྒྱུད་རིམ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྔ་རྗེས་སུ་རིག་

“ཆུང་དུས་པའོ་ཀང་དུ་ཡོང་མྱོང་ཡོད།ལོ་མང་རིང་བརྗིད་ཉམས་ལྡན་པའི་འབྲུག་ཆེན་པོ་སླར་ཡང་མཐོང་བྱུང་།འདི་གར་ནང་སོག་གིས་ད་ཆ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་ཀྱང་མཐོང་ཐུབ”ཅེས་ཀོང་ཏུང་གི་སློབ་སྦྱོང་ལས་སྟེགས་ཀྱི་ཅང་ཡུས་ལུང་གིས་བཤད།

པའོ་ཐོའུ་འཕེལ་རྒྱས་གཏོང་བའི་གནད་འགག་གི་ཚིག་ནི།གཅིག་ནི་ངར་ལྕགས་དང་།གཉིས་ནི་ཞི་ཐུའུ་ཡིན།

ཞི་ཐུའུ་ནི་སི་དང་།ཡང་བའི་བཟོ་ལས།རིག་ནུས་གློག་རྡུལ་ཐོན་རྫས།ནུས་ཁུངས་གསར་པ་སོགས་ལག་རྩལ་མཐོ་གསར་ཐོན་ལས་སུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པས།“དེང་རབས་བཟོ་ལས་འཚོ་རྒྱུ་”ཞེས་འབོད་པ་དང་།གོ་ལ་ཧྲིལ་པོའི་གསར་གཏོད་གསར་པ་དྲུག་གི་ཁྲོད་དུ་རྣམ་གྲངས་གཅིག་དང་ཞི་ཐུའུ་དང་འབྲེལ་བ་ཡོད་པ་རེད།

བཟོ་ལས་གྲོང་ཁྱེར་ཞིག་ཡིན་པའི་པའོ་ཐོའུ་ལ“འཛམ་གླིང་གི་ཞི་ཐུའུ་གྲོང་ཁྱེར”ཞེས་འབོད་པ་དང་གོ་ལ་ཧྲིལ་པོའི་གསོག་ཚད་ཆེ་ཤོས་ཀྱི་པའེ་ཡུན་ཨའོ་པོ་ཞི་ཐུའུ་གཏེར་ཁ་ཡོད།1959ལོར་པའོ་ཐོའུ་ངར་ལྕགས་ཚོགས་པས་ཞི་ཐུའུ་ཀུའེ་ལྕགས་བསྲེས་མ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་།ཀྲུང་གོའི་ཞི་ཐུའུ་བཟོ་ལས་འགོ་ཚུགས་པ་རེད།

པའོ་ཐོའུ་ཞི་ཐུའུ་རྟེན་རྫས་བཤམས་མཛོད་ཁང་དེ་མིག་སྔར་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཞི་ཐུའུ་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པའི་བརྗོད་དོན་གཙོ་བོའི་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་ཡིན་པའི་ངོས་ནས།“ཞི་ཐུའུ་དང་འཛམ་གླིང་གི”“ཞི་ཐུའུ་དང་ཀྲུང་གོའི”“ཞི་ཐུའུ་དང་པའོ་ཐུའུ”“ཞི་ཐུའུ་དང་བཀོལ་སྤྱོད”“ཞི་ཐུའུ་དང་ཐཱན་དབུས་ཞི་”བཅས་འགྲེམས་ཁུལ་ཆེན་པོ་དྲུག་བཙུགས་ཡོད།འདི་གར་ཞི་ཐུའུ་གཞི་རྒྱུ་ཤེས་རྟོགས་ཐུབ་པ་ནས་རླབས་ཆེ་བའི་ལས་གཏོད་ལོ་རྒྱུས་དང་།འཕེལ་རྒྱས་ལོ་རྒྱུས།འབད་འཐབ་ལོ་རྒྱུས་བཅས་ཤེས་རྟོགས་ཐུབ་པ་མ་ཟད།ཚན་རྩལ་མཐོ་བའི་ཁྱབ་ཁོངས་དང་འཚོ་བའི་ཁྲོད་ཀྱི་ཞི་ཐུའུ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་པའི་བར་དེ་བས་ཀྱང་ཤེས་རྟོགས་ཐུབ་རྒྱུ་རེད།

གླེང་གཞིའི་ཚོམས་ཆེན་དུ་འཛུལ་སྐབས་སྒོར་དབྱིབས་ཀྱི་ཡོལ་བ་ཆེན་པོ་དང་ཆུང་ཀླད་ཀྱི་ཡོལ་བ་ཆེན་པོ་ཟུང་འབྲེལ་བྱས་པའི་བརྙན་ཤེལ་ཆེན་པོའི་ཐོག་དྲིལ་བསྒྲགས་པར་གཞི《མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པ》དང《འབྱུང་འགྱུར་སླེབས་ཟིན་པ》ཞེས་པ་བསྟན་ནས་མི་རྣམས་ལ་མཐོང་ཚོར་ཆེན་པོ་བྱེད་ཀྱི་ཡོད།འགྲེམས་ཁུལ་ནང་གི་གྱང་ངོས་སུ་སྐར་མ་རབ་རིབ་ཏུ་གྱུར་ནས་སྐར་ཚོགས་བཀྲ་བའི་ཚན་རིག་གི་སྐར་ཚོགས་བཀྲ་བ་དང་འདྲ།“སེམས་ཤུགས་གཅིག་སྒྲིལ་གྱིས་ངར་ལྕགས་བཟོ་བའི”བརྗོད་དོན་གཙོ་བོའི་འབུར་བརྐོས་གྱང་མདུན་དུ་ཚང་མས་མྱོང་ཚོར་བྱེད་བཞིན་ཡོད།པའོ་ཐོའུ་ཞི་ཐུའུ་རྟེན་རྫས་བཤམས་མཛོད་ཁང་གིས་གྲངས་འཛིན་ཅན་གྱི་མཐོང་ཚོར་ཚན་རྩལ་བྱེད་ཐབས་དེ་དངོས་པོ་མང་པོ་དོན་བརྗོད་བྱེད་པའི་ཁྲོད་དུ་འདྲེས་ནས་ལོ་རྒྱུས་དངོས་མང་བཤམས་མཛོད་ཁང་དབར་ཞི་ཐུའུ་བཟོ་ལས་འཐབ་ཕྱོགས་ཀྱི་བརྗིད་ཆེའི་སྙན་ངག་ཅིག་བརྩམས་ཡོད།

ཉེ་བའི་ལོ་ཤས་རིང་།པའོ་ཐོའུ་གྲོང་ཁྱེར་གྱིས་མྱུར་ཚད་ཧྲིལ་པོའི་རྒྱུག་རྣམ་པའི་ཐོག་ནས་རྒྱལ་ཡོངས་ཀྱི་ཞི་ཐུའུ་རྒྱུ་ཆ་གསར་པའི་རྟེན་གཞི་ཆེ་ཤོས་དང་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ཞི་ཐུའུ་བཀོལ་སྤྱོད་རྟེན་གཞི་བསྐྲུན་ནས་ཞི་ཐུའུ་ཐོན་ཁུངས་དང་ཐོན་ལས་ཀྱི་རྨང་གཞིའི་ལེགས་ཆར་བརྟེན་ནས་ཞི་ཐུའུ་ཐོན་ལས་ཁྱུ་ཚོགས་རྒྱ་ཆེར་བཏང་སྟེ་འབྲེལ་ཡོད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།ད་ཆ་པའོ་ཐོའུ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ཐོན་ནུས་གཞི་ཁྱོན་ཆེ་ཤོས་ཀྱི་ཞི་ཐུའུ་རྒྱུ་ཆ་གསར་པའི་རྟེན་གཞི་ཞིག་ཏུ་གྱུར་ཡོད།གྲོང་ཁྱེར་དེ་ཡོངས་སུ་ད་ཆ་ཞི་ཐུའུ་བཟོ་ལས་ཁེ་ལས་209དང་།གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་85རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་70བཅས་ཡོད།2023ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཞི་ཐུའུ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་829ཟིན་པ་དེ་དུས་མཚུངས་ལས་22.4%འཕར་བ་དང་།འདི་ལོའི་ལོ་སྟོད་དུ་ཞི་ཐུའུ་ཐོན་ལས་ཀྱི་འཕར་ཐང་འཕར་ཚད་32.6%ཟིན་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

ལྕགས་རི་རིང་པོར་བསྐྱོད་དེ་ལོ་ངོ་སྟོང་གི་རྒྱ་མཚོ་ཆེན་པོར་ལྟ་བ།རྨ་ཆུར་རྒྱང་ལྟ་བྱེད་སྐབས་སྔོན་ཆད་ཀྱི་ལོ་ཟླའི་ནང་གླུ་དབྱངས་བཞིན་ཡོད།

པོ་ཀུའུ་ཀོན་གྱིས་ད་ལྟའི་ལོ་རྒྱུས་ཀྱིས་པའོ་ཐོའུ་ཡི་ས་གཞི་འདིའི་སྟེང་དུ་མདུན་སྐྱོད་ཀྱི་རྐང་རྗེས་བཞག་ཡོད།ད་ཆའི་པའོ་ཐོའུ་ཡི་ཚན་རྩལ་གསར་གཏོད་དང་པའོ་ཐོའུ་བཟོ་སྐྲུན་གྱིས་འབྱུང་འགྱུར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།རྣམ་གྲངས་གསར་པ་བཏོད་དེ་ལྗང་མདོག་དར་རྒྱས་ཡོང་བར་འབད་བརྩོན་བྱེད་དགོས།སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱེད་པ་དང་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་པའོ་ཐོའུ་དང་རླུང་ཕུང་གིས་མདུན་སྐྱོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།