ལོ་རྒྱུས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསོག་འཇོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཉེ་སྔོན“ནང་སོག་གི་བག་ཆགས། ལྕགས་རི་རིང་པོ་དང་རྨ་ཆུ་དེ་གར་མཇལ”ཞེས་པའི་སྨྱན་སྦྱོར་འོས་སྦྱོར་བྱེད་སྒོ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་དང་།རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་བཅུ་གཅིག་གི་སློབ་སྦྱོང་ལས་སྟེགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ནང་སོག་རྟེན་རྫས་བཤམས་མཛོད་ཁང་དང་དབྱི་ལི་དེང་རབས་རིག་ནུས་བདེ་ཐང་གི་གྲོག་རོང་དུ་བསྐྱོད་དེ་བྱང་རྒྱུད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་མི་རིགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔང་པོ་བྱས་ཡོད།

བྱང་རྒྱུད་ཀྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ།

གནའ་སྔ་མོ་ནས་བཟུང་ནང་སོག་གི་རྒྱ་ཆེ་བའི་ས་གཞི་དེའི་ཐོག་སྣ་མང་སྒོ་དབྱེ་དང་མཉམ་འདྲེས་མཉམ་གནས་ཀྱི་བྱང་རྒྱུད་རིག་གནས་སྐྱེད་སྲིང་བྱས་ཡོད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་རྗེས་ཤུལ་ཟབ་མོ་དང་མི་རིགས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་དང་འགྲེམས་སྟོན་བྱས་ཡོད།

ནང་སོག་རྟེན་རྫས་བཤམས་མཛོད་ཁང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཉར་ཚགས་དང་།སྲུང་སྐྱོང་།ཞིབ་འཇུགའགྲེམས་སྟོན།སློབ་གསོ་དང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་ཤིག་ཡིན་ལ།ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་དང་།རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པ་བཅས་ཀྱང་ཡིན་པ་དང་།ཉེ་བའི་ལོ་ཤས་རིང་།ནང་སོག་རྟེན་རྫས་བཤམས་མཛོད་ཁང་གིས་མེས་རྒྱལ་བྱང་རྒྱུད་ཀྱི་ས་གཞི་ཆེ་མོའི་ཐོག་གནས་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་།རིག་དངོས་ཁྲོད་གནས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་།ཤེས་དཔལ་གྱི་འབྱུང་ཁུངས།དུས་རབས་ཀྱི་རིན་ཐང་བཅས་ལ་ཞིབ་འཇུག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་པའི་འགྲེམས་སྟོན་རབ་དང་རིམ་པ་ཞིག་ཆགས་པ་བྱས་ནས་ནང་སོག་ས་ཁུལ་གྱི་ཚེ་སྲོག་འབྱུང་ཁུངས་ནས་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་པར་བྱས་ཡོད།

ནང་སོག་རྟེན་རྫས་བཤམས་མཛོད་ཁང་དུ་ཚང་མས་སྔ་རྗེས་སུ་མཚོན་བྱེད་རང་བཞིན་ལྡན་པའི་འགྲེམས་ཁང་གསུམ་ལ་ལྟ་སྐོར་བྱས་ནས་ནང་སོག་ས་ཁུལ་གྱི་གནའ་བོའི་བྱང་ཕྱོགས་མི་རིགས་ཁག་གིས་ལྕགས་རི་རིང་པོ་འབྲེལ་ཐག་ཏུ་བྱས་པའི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤེས་རྟོགས་བྱས་པ་རེད།

“རྒྱལ་ཁབ་སྟོབས་ཆེར་སློབ་སྦྱོང་བྱེད་པའི་”ཧྲང་ཧའེ་སློབ་སྦྱོང་ལས་སྟེགས་ཀྱི་རྩོམ་སྒྲིག་པ་ཀྲུའུ་ལིན་གྱིས“ནང་སོག་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱེད་སྐབས་ཡུལ་དུས་ཀྱི་ཕུག་ལམ་བརྒྱུད་པ་དང་འདྲ་བར་ང་ལ་ཡི་གེ་མ་བྱུང་གོང་གི་ཁུང་འབྲུག་གི་བརྗིད་ཉམས་དང་སའི་གོ་ལའི་གནའ་བོའི་སྐྱེ་དངོས་ཀྱི་གསང་བ་ཤེས་རྟོགས་གཏིང་ཟབ་བྱུང་བ་དང་།རྡོ་ཆས་དུས་རབས་ཀྱི་མིའི་རིགས་ཀྱི་བློ་གྲོས་ཐོག་མར་མངོན་པའི་མེ་སྟག་དང་ལི་ཆས་ཀྱི་དུས་རབས་བཟོ་རྩལ་གྱི་རྩེར་སོན་དང་ཤེས་དཔལ་གྱི་མཆོང་སྐྱོད་ལྟ་བུའི་མྱོང་ཚོར་ཟབ་མོ་བྱུང་།བྱང་ཕྱོགས་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་རིག་གནས་ཀྱི་གཅེས་ནོར་དེ་བས་ཟབ་

ཉེ་བའི་ལོ་ཤས་རིང་།ནང་སོག་རྟེན་རྫས་བཤམས་མཛོད་ཁང་གིས“ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་རྩེ་གྲ་བསྐྲུན་རྒྱུ”དམིགས་ཚད་དུ་བྱས་ནས་གཞུང་དྲང་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱས་ཏེ་བྱང་རྒྱུད་ཀྱི་རིག་གནས་དྲིལ་བསྒྲགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོའི་མཐོ་ས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།མིག་སྔར“རྟེན་རྫས་བཤམས་མཛོད་ཁང་གི་ཚ་རླབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ནང་སོག་རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ཚོགས་སློབ་གསོའི་བྱེད་སྒོའི་སྤུས་རྟགས་ཆེ་གྲས་བཅུ་ཧུར་ཐག་བཏོད་དེ་ལོ་རེར་ཆ་སྙོམས་བྱེད་སྒོ་ཐེངས་2000སྤེལ་ནས“རྟེན་རྫས་བཤམས་མཛོད་ཁང་གཅིག་ནི་སློབ་གྲྭ་ཆེན་པོ་ཞིག་རེད”ཅེས་གསོན་ཉམས་དོད་པོས་ལག་ལེན་བྱེད་བཞིན་ཡོད།འདི་ལོའི་ཟླ་8པ་བར་ཡུལ་སྐོར་བ་ཁྲི་168.9ལ་སྣེ་ལེན་ཞུས་པ་དང་དབྱར་གསེང་རིང་ཡུལ་སྐོར་བ་ཉིན་རེར་ཆ་སྙོམས་མི་ཁྲི་2ཙམ་ལ་སྣེ་ལེན་ཞུས་ཡོད།

ནང་སོག་གིས་ཇི་ལྟར་བྱས་ནས་འོ་མ་འདི་ཡག་པོ་སྒྲུབ་དགོས་སམ།

གློག་ལྕོག་འཕྲུལ་ཆས་ཀྱི་ལག་པ་སྟབས་བསྟུན་འཁོར་སྐྱོད་དང་།AGVམི་མེད་རླངས་འཁོར་ཆུང་ཆུང་གཏོང་བའི་རིག་ནུས་འགོག་དངོས་ལ་གཡོལ་བ།གོ་ལ་ཧྲིལ་པོའི་མཛོད་ཉར་མ་ལག་རྩེ་གྲའི་རིག་ནུས་དོ་དམ་སོགས་ས་ཚིགས་གཉིས་པ་རྩོམ་སྒྲིག་པ་དང་གསར་འགོད་པ་དབྱི་ལིའི་དེང་རབས་རིག་ནུས་བདེ་ཐང་གི་ཀོ་གཟུགས་འོ་མའི་གོ་ལ་ཧྲིལ་པོའི་ཚད་ཤིང་རྟེན་གཞིར་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོ་མི་མེད་ཅན་དང་།བརྒྱུད་རིམ་ཁ་གསལ་ཅན།ཐོན་སྐྱེད་ནུས་ཆེའི་ཅན།ཆ་འཕྲིན་ཁུངས་འདེད་ཅན་བཅས་ཀྱི་སྔོན་ཐོན་ལག་རྩལ་གྱི་ཉམས་འགྱུར་ཚོར་ཐུབ་པ་བྱུང་ཡོད།རྟེན་གཞི་དེས་ཉིན་རེར་འོ་མ་སོས་པ་ཏུན་6500གཙང་སེལ་བྱས་པ་དེ་ནི་གོ་ལ་ཧྲིལ་པོའི་ཆུ་ཚོད་རེར་ཐུམ་སྒྲིལ་ཁྲི་4ཡི་ཐོན་སྐྱེད་སྒྲུབ་རིམ་སྤྱད་པའི་བཟོ་གྲྭ་དང་པོ་དེ་ཡིན་པ་དང་ཉིན་ལྟར་ཐོན་སྐྱེད་བྱས་པའི་འོ་མས་མི་འབོར་ཁྲི་སྟོང་རིམ་པའི་གྲོང་ཁྱེར་གྱི་ཉིན་རེའི་འོ་མ་འཐུང་རྒྱུའི་དགོས་མཁོ་འདང་ངེས་ཡོད་པ་རེད།

ནང་སོག་གི“བཅུ་བཞི་ལྔ”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི“འདུ་འགོད་ཨང་དང་པོ”ཡིན་པའི་དབྱི་ལིའི་དེང་རབས་རིག་ནུས་བདེ་ཐང་ཀུའུ་2019ལོ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན།འོ་མའི་ཐོན་ལས་ལྟེ་བར་བྱེད་པའི་ཐོན་ལས་ཁྱུ་ཚོགས་གཏོད་རྒྱུར་དམིགས་ནས་ཐོན་ལས་ཀྱིས་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།གྲངས་གཞིའི་ཐོག་ནས་རིག་ནུས་གྲོང་ཁྱེར་དང་ལྗང་མདོག་སྣེ་ཁྲིད་བྱས་ཏེ་གོ་ལ་ཧྲིལ་པོའི་དཀར་ཆུའི་ལས་རིགས་ཀྱི་སྤུས་དབྱི་ལི་བརྒྱུད་ནང་སོག་གིས་དཀར་ཆུའི་ལས་རིགས་དར་རྒྱས་གཏོང་བའི་གོམ་སྟབས་བརྟན་པོ་གསལ་པོར་མཐོང་ཐུབ།

ནང་སོག་ནི་རྒྱལ་ཡོངས་ཀྱི་དཀར་ཆུའི་ཐོན་ལས་ཐོན་སྐྱེད་ཁུལ་ཆེ་ཤོས་ཡིན་པ་དང་བཞོན་མ་གསོ་ཚགས་ར་བ་དང་འོ་མའི་ཐོན་འབབ་སོགས་དམིགས་ཚད་མང་པོ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་འོ་མ་ཕོར་བ་5འཐུང་ཐེངས་རེར་ནང་སོག་ནས་ཡིན་པ་རེད།རྒྱལ་སྤྱིའི་ཐོག་ཁས་ལེན་པའི་གསེར་གྱི་འོ་མའི་འབྱུང་ཁུངས་སུ་གནས་པའི་ནང་སོག་ནི་རྒྱལ་ཁབ་ཀྱི་མིང་དོན་མཚུངས་པའི་འོ་མའི་སྣོད་ཅིག་རེད།ཟླ་8ཚེས་26ཉིན་ཧོ་ལན་མཉམ་ལས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི“2024ལོའི་གོ་ལ་ཧྲིལ་པོའི་དཀར་ཆུའི་ལས་རིགས་ཀྱི་རྩེ་གྲ་20”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་དབྱི་ལི་སླར་ཡང་གོ་ལ་ཧྲིལ་པོའི་དཀར་ཆུའི་ལས་རིགས་ཀྱི་རྩེ་གྲ་ལྔ་དང་འབྲེལ་བ་བྱས་ནས་ལོ་11བསྟུད་མར་ཨེ་ཤེ་ཡའི་དཀར་ཆུའི་ལས་རིགས་ཀྱི་ཨང་དང་པོར་སླེབས་ནས་གོ་ལ་ཧྲིལ་པོའི་སྟོབས་ཆེན་ལྔའི་ཀྲུང་གོའི་དཀར་ཆུའི་ཁེ་ལས་འབའ་ཞིག་དེར་གྱུར་ནས་ཀྲུང་གོའི་དཀར་ཆུའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད།

རང་རྒྱལ་གྱི་དཀར་ཆུའི་ཐོན་ལས་དར་རྒྱས་ཀྱི“གཡུལ་ས་གཙོ་བོ”དང་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི“གཡུལ་ས་གཙོ་བོ”ཡིན་པའི་ངོས་ནས་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་འོག་ནང་སོག་འདི་ཉིད་རྒྱལ་ཡོངས་ཀྱི་འོ་མ་སོས་པའི་ཐོན་ཚད་ཏུན་ཁྲི་700ལས་བརྒལ་བའི་ཞིང་ཆེན་དང་པོར་གྱུར་ཡོད།མིག་སྔར་ལྗོངས་ཡོངས་སུ་ལོ་རེར་དཀར་ཆུའི་ཐོན་རྫས་ཀྱི་ཁེ་ལས་ཁྲི་500ཡན་ཕྱིར་ཚོང་བྱས་པ་དང་ལས་སྣོན་བྱེད་ནུས་ཏུན་ཁྲི་1230ཟིན་ཡོད།2023ལོར་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་8མང་དུ་ཕྱིན་ནས་38ཟིན་པ་དང་ལས་སྣོན་བྱེད་ནུས་ཏུན་ཁྲི་1140ཟིན་པ་དེས་ལྗོངས་ཡོངས་ཀྱི་ལས་སྣོན་བྱེད་ནུས་བསྡོམས་འབོར་གྱི་91%བཟུང་ཡོད།གཞན་ཡང་ལྗོངས་ཡོངས་སུ་SCཡི་ཁས་ལེན་ཐོབ་པའི་ས་གནས་ཀྱི་ཁྱད་ལྡན་དཀར་ཆུའི་ཐོན་རྫས་ཀྱི་ཁེ་ལས་41ཡོད་པ་དེ་དུས་མཚུངས་ལས་46.42%འཕར་བ་དང་།བཟོ་ཁང་ཆུང་གྲས་ཀྱི་ཐོ་འགོད་ལག་ཁྱེར་ཐོབ་པའི་ས་གནས་ཀྱི་ཁྱད་ལྡན་དཀར་ཆུའི་ཐོན་རྫས་ཀྱི་ལག་ཤེས་བཟོ་གྲྭ་1584ཡོད་པ་དེ་དུས་མཚུངས་ལས་16.29%འཕར་བ་དང་ལས་སྣོན་བྱེད་ནུས་ཏུན་ཁྲི་16ཟིན་ཡོད།

ལྟ་སྐོར་བྱས་རྗེས།“རྒྱལ་ཁབ་སྟོབས་ཆེར་སློབ་སྦྱོང་བྱེད་པའི་”ཤིན་ཅང་སློབ་སྦྱོང་ལས་སྟེགས་ནས་ཡོང་བའི་སུན་ཧུང་ཞ་ཡིས་ནང་སོག་ཏུ“ཡི་གེ་མ་བྱུང་གོང་གི་ཁུང་འབྲུག་གིས་རྒྱལ་པོས་བཙན་དབང་བྱེད་པའི་འཚོ་གནས་བྱ་ཡུལ་དང་།ཀྲུང་ཡོན་རིག་གནས་དང་སྐྱས་སྤོས་རིག་གནས་མཉམ་འདྲེས་བྱེད་ས།རྩྭ་ཐང་གི་དཀར་ཆུའི་ལས་རིགས་འཛམ་གླིང་གི་འབྱུང་ཁུངས་སུ་བསྐྱོད་པ།ལྕགས་རི་རིང་པོ་དང་རྨ་ཆུ་ཐེངས་ལྔ་འཕྲད་སའི་ནང་སོག

ད་ཆའི་ནང་སོག་གིས་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ཐོན་རྫས་གལ་ཆེན་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་དང་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བརྟན་པོ་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།