གཙང་པོ་ཆེན་པོ་གྲོང་ཁྱེར་བརྒལ་ནས་ལོ་ངོ་སྟོང་ལ་ཕྱིར་མིག་བལྟས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དཔྱིད་འགོའི་རྨ་ཆུའི་ཝུའུ་ཧའེ་དུམ་བུ་ནི་འོད་ཆེམ་ཆེམ་དུ་འཕྲོ་བ་ཞིག་རེད།རྨ་ཆུའི་འགྲམ་གྱི་ལྕགས་རི་རིང་པོའི་དམག་འཁྲུག་སྟེགས་བུས་སྒྲ་མེད་མིག་མདུན་གྱི་གནམ་གཤིས་སྣ་ཚོགས་ལ་ལྟ་བཞིན་ཡོད་པ་དང་།ས་སྲ་བརྟན་དུ་བཏང་བ་དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་གནའ་བོའི་གཏམ་རྒྱུད་ཅིག་རེད།

ཝུའུ་ཧའེ་ནི་རྨ་ཆུ་ནང་སོག་གི་ས་ཚིགས་དང་པོ་ཡིན།ཆུ་བོ་ཆེན་པོ་གྲོང་ཁྱེར་བརྒྱུད་ནས་སྤྱི་ལེ་105ལ་བརྒྱུད་ཡོད།དེར་བརྟེན་ཝུའུ་ཧའེ་ལ་ཡང་ཆུའི་ནང་དུ་འདེབས་འཛུགས་བྱེད་པའི་གྲོང་ཁྱེར་ཞེས་བརྗོད་ཀྱི་ཡོད།ཝུའུ་ཧའེ་ས་ཁུལ་ནི་ལོ་རྒྱུས་ཐོག་ལྷོ་བྱང་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་།རྨ་ཆུའི་“ཡིག་འབྲུ་འགའ་”ས་ཁུལ་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ལྡན་ཡོད།གནའ་བོའི་ཝང་ཁྲའོ་ཏུའོ་ཡིས་དེ་གར་ལྕགས་རི་རིང་པོ་བསྐྲུན་ཡོད།

ཆུ་བོ་ཆེན་པོ་རབ་ཏུ་རྒྱས་ཤིང་།ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ།རྨ་ཆུས་བརྩེ་སེམས་ཟབ་མོས་ལྕགས་རི་རིང་པོ་སྐྱོར་བཞིན་ཡོད་པ་དང་།ལྕགས་རི་རིང་པོས་རྨ་ཆུར་བལྟས་ནས་ལོ་ན་གཞོན་པའི་ཝུའུ་ཧའེ་རྨ་ཆུ་དང་ལྕགས་རི་རིང་པོའི་དཔུང་པའི་ནང་དུ་བསྙེས་ནས་རིག་གནས་མཉམ་འདྲེས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།

གྲོང་ཁྱེར་དང་ཆུ་བོའི་དབར་གྱི་འབྲེལ་འདྲིས་ཟབ་མོ་བྱུང་བ།

ཟླ་3པའི་ཟླ་སྟོད་ཀྱི་ཕྱི་དྲོ་ཞིག་ལ་གསར་འགོད་པ་དང་བཅས་པ་ཧའེ་པོ་ཁུག་ཁུལ་ནས་ཐོན་ཏེ་རླངས་འཁོར་བསྡད་དེ་སྤྱི་ལེ་40ལྷག་ཙམ་བསྡད་དེ་མཚོ་ལྷོ་ཁུལ་གྱི་པ་དབྱིན་ཐའོ་ཧེ་གྲོང་རྡལ་གྲུ་ཁ་གྲོང་ཚོའི་ཤར་རྒྱུད་ཀྱི་ཟམ་ཆེན་ཧྥེང་མེ་སྟེགས་གནའ་ཤུལ་དུ་བསྐྱོད།མཐོ་ཚད་ལ་སྨི་10ལྷག་ཙམ་ཡོད་པའི་སྟེགས་བུའི་ཐོག་འཛེགས་ནས་ལོ་500ལྷག་ཙམ་གོང་གི་མཐོ་གནོན་བཙན་སའི་ཐོག་ལངས་ནས་ཕྱོགས་བཞིར་བལྟས་པ་དང་།རྨ་ཆུའི་ཆུ་རྒྱུན་དུ་རྒྱུག་པ་དང་།ཧོ་ལན་རི་བོ་མུ་འབྲེལ་དུ་སྦྲེལ་ནས་ཝུའུ་ཧའེ་དང་ཉིང་ཞའི་ཧྲི་ཙུའེ་རི་བོ་དང་འབྲེལ་བའི་རྨ་ཆུའི་ཟམ་ཆེན་ཐོག་རླངས་འཁོར་དང་རྟ་འབྲུག་རྒྱུག་བཞིན་ཡོད།

མཚོ་ལྷོ་ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་ལས་དོན་མི་སྣའི་སྣེ་ཁྲིད་འོག་གསར་འགོད་པ་ཏུའུ་ཁོའུ་གྲོང་ཚོའི་འགྲམ་དུ་གནས་པའི་མིང་ལྕགས་རི་རིང་པོའི་གནའ་ཤུལ་དུམ་བུ་ཞིག་ཏུ་བསྐྱོད།ལྕགས་རི་རིང་པོ་དེའི་གྱང་ངོས་སྲ་བརྟན་དུ་བཏང་བ་མངོན་གསལ་དོད་པོ་ཡོད་པ་དང་།དུམ་བུ་དབྱེ་ནས་ལྕགས་རིགས་ཀྱི་སྒྲོམ་གཞི་བཀག་སྡོམ་སྲུང་སྐྱོང་བྱས་ཡོད།

འབྲེལ་ཡོད་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་ལྟ་ཀློག་བྱེད་སྐབས་ལྕགས་རི་རིང་པོ་དང་རྨ་ཆུ་ཝུའུ་ཧའེ་ས་ཁུལ་དུ་ཐེངས་གསུམ་འཕྲད་པའི་རིམ་པ་ཧ་ཅང་གསལ་པོ་ཡོད།

སྤྱི་ལོའི་སྔོན་གྱི་214ལོར་ཆིན་ཧྲི་ཧོང་ཕྱོགས་ཁག་གི་དམག་དཔོན་ཆེན་པོ་མེང་ཐན་གྱིས་བྱང་ཕྱོགས་ས་ཁུལ་དུ་ལྕགས་རི་རིང་པོ་བསྐྲུན་པ་དང་།མཁར་གྱང་ཧོ་ལན་ཧྲན་ཏུང་གི་རི་འདབས་ནས་རྨ་ཆུ་བརྒལ་ཏེ་ད་ལྟའི་ཝུའུ་ཧའེ་གྲོང་ཁྱེར་གྱི་ཅོག་ཙེའི་རི་ཁུལ་དུ་བསྲིངས་ནས་ཅོག་ཙེའི་རི་བོ་ཧྲིལ་བོ་བསྐོར་བ་རེད།ཅོག་ཙེའི་རི་བོའི་ལྕགས་རི་རིང་པོ་བསྐྲུན་པ་དེས་ལྕགས་རི་རིང་པོ་དང་རྨ་ཆུ་ནང་སོག་ས་ཁུལ་དུ་ཐེངས་དང་པོར་འབྲེལ་འདྲིས་དམ་ཟབ་བྱས།དེ་གར་སྐད་གྲགས་ཆེ་ཤོས་ཀྱི་རིག་གནས་མཚོན་རྟགས་ནི་རྨ་ཆུའི་རིག་གནས་ཀྱིས་སྐྱེས་པའི་ཅོག་ཙེའི་རི་བོའི་བྲག་བརྐོས་རི་མོ་ཞིག་རེད།

མིང་ཁྲེང་ཧྭ་ལོ་བཅོ་ལྔར་(1479ལོར་)དམག་དོན་གནོན་ཤུགས་ཀྱི་དབང་གིས་སྐོར་གཡེང་ཧྥུ་ཅ་ཅུན་གྱིས་གཙོ་སྐྱོང་བྱས་ཏེ“ཆུ་འགྲམ་གྱི་གྱང་”བསྐྲུན་པ་རེད།འགྲམ་གྱི་གྱང་དེ་ཉིང་ཞའི་ཧེང་ཁྲེང་གི་བྱང་ངོས་ཀྱི་རྨ་ཆུའི་ཤར་ངོགས་སུ་གནས་པ་དང་།ལྷོ་ངོས་སུ“གཙང་པོའི་ཤར་གྱང”དང་འབྲེལ་ཡོད་ལ།ནུབ་ཕྱོགས་སུ་ཆུ་བོ་བརྒལ་བ་དང“བྱང་གི་ལྕགས་རི་རིང་པོ”དང་འབྲེལ་ཡོད་པས།ཉིང་ཞའི་བྱང་རྒྱུད་དུ་ཁ་ཟུམ་པའི་ལྕགས་རི་རིང་པོའི་འགོག་སྲུང་འཛིང་རགས་ཤིག་གྲུབ་ཡོད།འགྲམ་གྱི་གྱང་འདི་བྱང་དུ་བཞུར་བའི་རྨ་ཆུའི་ཤར་ངོགས་ཀྱི་ལྷོ་བྱང་དུ་ཁྱབ་ཡོད་པ་དང་།ཁག་གཅིག་ད་ལྟའི་ཝུའུ་ཧའེ་མངའ་ཁོངས་སུ་ཡོད།

མིང་རྒྱལ་རབས་ཀྱི་ཅ་ཅིན་ལོ་བཅོ་ལྔ་པར(1536ལོར་)ཧྲའན་ཞིའི་ཕྱོགས་གསུམ་གྱི་སྤྱིའི་ལམ་ལུགས་ལིའུ་ཐེན་ཧོ་ཡིས་རྨ་ཆུའི་ནུབ་ངོས་དང་།ཧོ་ལན་རི་བོའི་ཤར་རྒྱུད།ཕིན་ལུའུ་མཁར་གྱི་བྱང་ངོས་ནས་ཀྲེན་ཡོན་ཀོན་བར་གྱི་ལེ་དབར་70ཡི་མངའ་ཁོངས་སླར་གསོ་བྱེད་འདོད་པ་དང་།རྨ་ཆུའི་ཤར་ངོགས་སུ་ཆུ་རགས་བཟོས་པ་དང་མཉམ་དུ་ཧྲུན་ཧོ་ཆུ་བོ་ཐད་ཀར་ཧེང་ཁྲེང་གི་མཐའ་གཆུ་རགས་རིང་པོ་དེ་གཙོ་བོ་ཉིང་ཞའི་ཡོན་ཐའོ་ལེ་རྫོང་ཁོངས་སུ་ཁྱབ་ཡོད་པ་དང་།རྗེས་རབས་པས“ཐའོ་ལེ་ཁྲང་ཆུ་རགས་”ཞེས་བརྗོད་ཀྱི་ཡོད།ལིའུ་ཐེན་དང་ཆུ་རགས་བཟོ་བའི་ཐོག་མའི་བསམ་འདུན་ལ་ས་གནས་ས་ཐོག་གི་རྩད་ཞིབ་དང་ཟུང་འབྲེལ་བྱས་ནས་བལྟས་ན།“ཐའོ་ལེ་ཆུ་རགས་རིང་པོ”ནི་“ཆུ་འགྲམ་གྱི་གྱང་”གི་རྨང་གཞིའི་ཐོག་བསྐྲུན་པ་ཞིག་རེད།ལྕགས་རི་རིང་པོ་དེའི་ནང་གི་ཁག་གཅིག་ཉིང་ཞ་ནས་ཏུའུ་སི་རི་བོང་གཙང་པོ་བརྒྱུད་དེ་ཝུའུ་ཧའེ་རུ་སླེབས་ནས་ད་ལྟའི་ཝུའུ་ཧའེ་མིང་གི་ལྕགས་རི་རིང་པོའི་གྲུབ་ཆ་གཙོ་བོ་གྲུབ་ཡོད།

ཝུའུ་ཧའེ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་རིག་དངོས་ཁོའོ་ཞེ་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ཝུའུ་ཧའེ་ཆིན་ལྕགས་རི་རིང་པོ་དང་མིང་ལྕགས་རི་རིང་པོ་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་།ཁྱད་ཆོས་མངོན་གསལ་དོད་ཤོས་ནི་རྨ་ཆུ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་ཕན་ཚུན་སྲུང་སྐྱོང་བྱེད་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།

ཝུའུ་ཧའེ་མངའ་ཁོངས་ཀྱི་ཆིན་ལྕགས་རི་རིང་པོ་དེ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཧུའེ་ཞིང་ཁུལ་ནས་ཤར་ཕྱོགས་སུ་རྨ་ཆུ་བརྒལ་ནས་ཧའེ་ནན་ས་ཁུལ་གྱི་པ་དབྱིན་ཐའོ་ཧའེ་གྲོང་རྡལ་གྱི་ཤར་རླུང་ཞིང་རའི་རུ་ཁག་བཅུ་པར་བསྐྱོད་པ་དང་།ལྷོ་ནུབ་ནས་བྱང་ཤར་དུ་སྣུར་སྲིང་བྱས་ཏེ་ཧའེ་པོ་མཚོ་ཁུག་ཁུལ་བརྒྱུད་ཨེར་ཏོ་སི་གྲོང་ཁྱེར་གྱི་ཨོ་ཐུའོ་ཁེ་ཆི་བར་ཡིན་པ་རེད།ཝུའུ་ཧའེ་མངའ་ཁོངས་ཀྱི་བྱང་སྣེ་ནི་ཧའེ་པོ་ཁུག་ཁུལ་གྱི་ཆན་ལི་ཧྲན་གྲོང་རྡལ་གྱི་ཆན་ཀང་སྡེ་ཁུལ་གྱི་བྱང་ཤར་དུ་གནས་ཡོད།ཆིན་ལྕགས་རི་རིང་པོའི་གྱང་ངོས་སུ་དམག་འཁྲུག་གི་མེ་སྟེགས་བརྒྱད་ཡོད་པ་དང་སྡོད་གནས་བདུན་ཡོད།

ཝུའུ་ཧའེ་མིང་གི་ལྕགས་རི་རིང་པོ་དེ་ཧའེ་ལྷོ་ཁུལ་གྱི་པ་དབྱིན་ཐའོ་ཧེ་གྲོང་རྡལ་གྱི་བྱང་ངོས་རྨ་ཆུའི་ཤར་ངོགས་སུ་ཁྱབ་ཡོད་པ་དང་།ལྷོ་ཕྱོགས་སུ་ཉིང་ཞའི་ཐའོ་ལེ་དུམ་བུ་དང་འབྲེལ་བ་ཡོད་པ་དང་།ཁོད་སྙོམས་པའི་རོང་ས་བརྒྱུད་དེ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་བསྐྱོད་དེ།ཞིང་རའི་རུ་ཁག་དང་པོ་དང་།རུ་ཁག་གཉིས་པ།རུ་ཁག་གསུམ་པ།སྡོང་བོ་གཅིག་བཅས་བརྒྱུད་ཡོད་པ་དང་།པ་དབྱིན་ཐའོ་ཧེ་གྲོང་

ཁྱིམ་ཚང་གཅིག་གི་མི་རབས་བཞི་ཡི“གནས་སྤོའི་ལོ་རྒྱུས”།

2020ལོར་ཝུའུ་ཧའེ་གྲོང་ཁྱེར་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་།ལོ་རྒྱུས་རིག་པའི་འབུམ་རམས་པ་དང་བྱང་ཕྱོགས་མི་རིགས་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་པའོ་ཝུན་ཧྲེང་གིས་ངོ་མཚར་ཆེ་བའི་སྐད་ཆ་ཞིག་བརྗོད་མྱོང་ཡོད།རིག་གནས་མི་འདྲ་བ་སྤེལ་རེས་བྱེད་པའི་རྨ་ཆུའི་གྲུ་ཁ་ཡིན་པར་ངོས་འཛིན་བྱས་ཆོག

ད་ཆའི་ཏུའུ་ཁོའུ་གྲོང་ཚོ་ནི“རིག་གནས་མི་འདྲ་བའི་སྤེལ་རེས་ཀྱི་རྨ་ཆུའི་གྲུ་ཁ་”ཡི་བསྡུས་རིས་ཤིག་རེད།

འདི་ལོ་ལོ་63ལ་སླེབས་པའི་གྲུ་ཁ་གྲོང་ཚོའི་སྨན་པ་ཀྲང་ཙེང་དབྱིའི་ཁྱིམ་མི་མི་རབས་བཞིའི་འཚོ་བར་འཕོ་འགྱུར་བྱུང་བ་དེས་ཝུའུ་ཧའེ་ས་ཁུལ་གྱི་སྤེལ་རེས་དང་མཉམ་འདྲེས་ལ་ཞིབ་ཕྲའི་ར་སྤྲོད་བྱས་ཡོད།ཀྲང་ཙིན་དབྱི་ཡིས་ཨར་ཏོ་སིའི་ཡུལ་སྐད་ཅིག་བཀོལ་ནས་ཀོན་ཀྲུང་གི་རྒྱ་རིགས་དང་འདྲ།ཁོང་གིས་ཕྱིར་དྲན་བྱས་པ་ལྟར་ན།ཁོང་ལོ་4ལ་སླེབས་སྐབས་ཁོང་གི་སྤོ་བོ་དང་ཨ་ཕས་འཚོ་བའི་ཆེད་དུ་ཧྲའན་ཤིས་ཧྲིན་མུའུ་ནས་ཨེར་ཏོ་སི་ཨེ་ཐུའོ་ཁེ་ཆི་ཕན་ཅིན་དུ་སྤོས་ནས་རྨོ་འདེབས་དང་ཕྱུགས་འཚོ་ཞོར་དུ་འཚོ་བ་སྐྱེལ་གྱི་ཡོད།ད་རེས་དུད་ཚང་50ལྷག་ཙམ་གྱི་མི་200ལྷག་ཙམ་མིག་མངས་སུ་སྤོས་པ་རེད།ཀྲང་ཙིན་དབྱི་ཡིས་ཐེངས་དེའི་ཐུན་མོང་གནས་སྤོ་བྱེད་པར་དེང་རབས་ཀྱི་ནུབ་སྒོ་ཞེས་འབོད།

1979ལོར་ཀྲང་ཙེང་དབྱི་སླར་ཡང་ཨོ་ཐུའོ་ཁེ་ཆི་ཕན་ཅིན་ནས་ཝུའུ་ཧའེ་གྲོང་ཁྱེར་མཚོ་ལྷོ་ཁུལ་གྱི་པ་དབྱིན་ཐའོ་ཧའེ་གྲོང་རྡལ་ཏུའུ་ཁོའུ་གྲོང་ཚོར་སྤོས་ནས་སྨན་བཅོས་སློབ་སྦྱོང་བྱེད་ཞོར་དུ་རྨོ་འདེབས་བྱེད་ཀྱི་ཡོད།

ཏུའུ་ཁོའུ་གྲོང་ཚོ་ནི་རྨ་ཆུ་ནང་སོག་ཏུ་སླེབས་པའི་རྨ་ཆུའི་རྒྱུད་ཀྱི་གྲོང་ཚོ་དང་པོ་དེ་ཡིན་པ་དང་།ས་རྒྱུ་གཤིན་པོ་དང་འགྲིམ་འགྲུལ་སྟབས་བདེ་བ་ཞིག་ཡིན་ཞིང་།1966ལོའི་དུས་འགོར་སྐྲུན་སྐབས་མི་བརྒྱ་ཕྲག་ཁ་ཤས་ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་ད་ཆ་མི་འབོར་4900ཡོད་པའི་རྨ་ཆུའི་རྒྱུད་ཀྱི་གྲོང་གསེབ་ཆེ་གྲས་སུ་འཕེལ་རྒྱས་བྱུང་ཡོད།

ཏུའུ་ཁོའུ་གྲོང་ཚོ་དང་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཧུའེ་ཞིང་ཁུལ་གྱི་གཙང་པོ་གཅིག་གིས་བཅད་ནས་དཔྱིད་ཀ་དང་དགུན་དུས་ཀྱི་རྨ་ཆུའི་འཁྱགས་པ་རྒྱག་པའི་དུས་སུ་སླེབས་སྐབས་ས་གནས་གཉིས་ཀྱི་མི་རྣམས་འཁྱགས་རོམ་བརྒྱུད་ནས་འགྲོ་འོང་བྱེད་ཀྱི་ཡོད།དབྱར་ཁ་དང་སྟོན་ཁའི་མཚམས་སུ་གྲུ་ཆུང་རྣམས་ས་ཆ་གཉིས་སུ་རྒྱུག་བཞིན་ཡོད།“ཕན་ལྡན་ཞིང་ཁུལ་དང་པཱ་དབྱིན་ཐའོ་ཧེ་གྲོང་རྡལ་འབྲེལ་མཐུད་བྱེད་པའི་རྨ་ཆུའི་ཟམ་ཆེན་གྱི་སྤྱིར་བཏང་རླངས་འཁོར་གྱི་གྲོན་བསྡུ་མེད་པ་བཟོས་རྗེས་ས་གནས་གཉིས་པོའི་དབར་སྤེལ་རེས་དང་འགྲོ་འོང་སྔར་བས་མང་དུ་ཕྱིན་ཡོད”གྲུ་ཁ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཝང་སུའོ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཏུའུ་ཁོའུ་གྲོང་ཚོའི་གྲོང་མིའི་འཚོ་བའི་མཁོ་ཆས་དང་སྨན་བཅོས་མང་ཆེ་བ་ཕར་ཕྱོགས་ཀྱི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ལ་བརྟེན་དགོས་པ་དང་།ཞིང་ལས་བྲེལ་བ་དང་ལས་མི་བཀོལ་སྤྱོད་བྱེད་པའི་དུས་ཚིགས་སུ་ཧྲི་ཙུའེ་རི་ཁུལ་གྱིས་ཀྱང་ས་གནས་དེ་གར་མི་ཤུགས་འབོར་ཆེན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཀྲང་ཙེང་དབྱིའི་བུ་དང་མནའ་མས་ཧུའེ་ཞིང་ཁུལ་དུ་ཁང་པ་ཉོས་པ་དང་ཁོང་ཚོ་ཉིན་མོ་པ་དབྱིན་ཐའོ་ཧེ་རུ་ལས་ཀ་བྱེད་པ་དང་དགོང་མོ་ཧུའེ་ཞིང་ཁུལ་དུ་ལོག་ནས་སྡོད་པ་དང་ལོ་8ལ་སླེབས་པའི་ཚ་བོ་ཧུའེ་ཞིང་ཁུལ་དུ་སློབ་གྲྭར་འགྲོ་གི་ཡོད།

ཝུའུ་ཧའེ་ནི་དཔེ་མཚོན་གྱི་གནས་སྤོས་ཡུལ་མིའི་གྲོང་ཁྱེར་གསར་པ་ཞིག་ཡིན་པ་དང་ཁོང་གི་འཚར་ལོངས་ལོ་རྒྱུས་ནི་རྨ་ཆུའི་རིག་གནས་དང་།ཞིང་ལས་རིག་གནས།ལྕགས་རི་རིང་པོའི་རིག་གནས།རྩྭ་ཐང་རིག་གནས་བཅས་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་ཤིག་ཀྱང་རེད།

ཝུའུ་ཧའེ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝུའུ་ཧྥུང་རུང་གིས་ཝུའུ་ཧའེ་མིའི་ད་ཆའི་འཚོ་བ་སྐྱེལ་སྟངས་དང་།གོམས་གཤིས།སྲོལ་རྒྱུན་བཅས་ཚང་མར་རྨ་ཆུའི་རིག་གནས་དང་ལྕགས་རི་རིང་པོའི་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ནས་མི་ཁྲི་རི་སྟེང་དུ་རྡོ་སོལ་འཕྲོག་པའི་དམག་འཐབ་ཆེན་པོ་དང་།རྨ་ཆུའི་ཆུ་བེད་རྒྱང་རིང་དམག་གིས་ཝུའུ་ཧའེ་ཞིང་ལས་འཛུགས་སྐྲུན།

ད་ཆའི་ཝུའུ་ཧའེ་ནི་ཧྭ་བྱང་དང་ནུབ་བྱང་སྦྲེལ་མཐུད་བྱེད་པའི་འགག་རྩ་གལ་ཆེན་ཞིག་དང་།ཉིང་མོང་ཀན་དཔལ་འབྱོར་ཁུལ་གྱི་སྦྲེལ་མཐུད་དང་རྨ་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་དང་།ནང་སོག་ནུབ་ཕྱོགས་དང་ནན་ཁའེ་ལ་གཏོང་བའི་སྐར་ཁུང་ཞིག་ཡིན་ལ།“རྒྱུད་གཅིག་ལམ་གཅིག”གི་ལྷུ་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

རྨ་ཆུ་སོག་པོའི་ས་ཚིགས་དང་པོའི་རིག་གནས་IP།

ལིའུ་ཀྲན་ལིན་ནི་མཚོ་ལྷོ་ཁུལ་དུ་སྐད་གྲགས་ཅུང་ཆེན་པོ་ཡོད།རྒྱུ་མཚན་ནི་ཁོང་དང་ངོ་མཚར་ཆེ་བའི་མིང་ཞིག་དང་འབྲེལ་བ་ཡོད་པ་སྟེ།ནུབ་སྐྱོད་མགྲོན་ཁང་ཡིན།

ནུབ་ཕྱོགས་ཀྱི་འགྲུལ་སྐྱེལ་དོས་ཁང་ནི་མཚོ་ལྷོ་ཁུལ་གྱི་ལྷ་གྲྭ་ལྷ་ཁང་གྲོང་རྡལ་སའེ་ཧན་ཝུའུ་སུའུ་གྲོང་ཚོའི་ཞིང་འབྲོག་ཁུལ་དང་ཐོའུ་ཏའོ་ཁན་རང་བྱུང་གྲོང་ཚོ་གཉིས་ལས་གྲུབ་པ་དང་།དེ་ནི་མཚོ་ལྷོ་ཁུལ་གྱིས་ཞིབ་ཚགས་ངང་བཏོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པ་དང་།ལྟ་སྐོར་དང་།དམངས་སྲོལ་ཉམས་ལེན།ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཅས་གཞི་གཅིག་ཏུ་བསྡུས་ཡོད་པ་རེད།

ལིའུ་ཀྲན་ལིན་ནི་སའེ་ཧན་ཝུའུ་སུའུ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡིན་པ་དང་།ནུབ་བསྐྱོད་མགྲོན་ཁང་གི་འགྱུར་ལྡོག་ནང་ཞུགས་པ་དང་དཔང་པོ་བྱས་ཡོད།

ནུབ་ཕྱོགས་མགྲོན་ཁང་གི་རྐང་ཐང་ལམ་དུ་སྐྱོད་སྐབས་ལིའུ་ཀྲན་ལིན་གྱིས་རྒྱང་རིང་གི་ཧོ་ལན་རི་བོར་མཛུབ་སྟོན་བྱས་ཏེ་ཉེ་འགྲམ་གྱི་རྨ་ཆུར་བལྟས་ཚེ།བསམ་གཞིགས་ཀྱིས་ཐང་རྒྱལ་རབས་ཀྱི་སྙན་ངག་དང་སུང་རྒྱལ་རབས་ཀྱི་སྙན་ཚིག་དང་ཉེ་རབས་ཀྱི་སྙན་ཚིག་ནང་གང་འདོད་དུ་བརྗེ་ཐུབ།

ཧོ་ལན་རི་བོར་རྒྱང་ལྟ་བྱེད་སྐབས།ཁོང་གིས་སྐད་གསང་མཐོན་པོས་“རླངས་འཁོར་རིང་པོ་བཏང་ནས་ཧོ་ལན་རི་བོའི་ཞན་ཆ་སེལ་”ཞེས་བཤད།ཉི་མའི་ཉི་མའི་འོག་གི་རྨ་ཆུར་བལྟས་ཚེ།“བྱེ་ཐང་ཆེན་པོ་དང་དུ་བ་ཁེར་རྐྱང་དུ་གནས་པ་དང་།ཆུ་བོ་རིང་པོ་ཉི་མ་རིལ་པོར་འབབ་”ཅེས་བཤད།གཞི་ཁྱོན་རགས་ཙམ་ལྡན་པའི་ནུབ་བསྐྱོད་མགྲོན་ཁང་ལ་བལྟས་ཚེ།ཁོང་གིས་སྤོབས་སེམས་མེད་པའི་སྒོ་ནས“བཙན་འགག་ནི་ལྕགས་དང་འདྲ་བ་ཞིག་རེད།ད་ཆ་གོམ་པ་སྤོས་ནས་འགོ་ནས་བརྒལ་གྱི་ཡོད”ཅེས་བཤད།ཁོང་གི་སེམས་ནང་གི“ཞུང་འགག་སྒོ”གང་དུ་ཡོད་ཅེས་འདྲི་སྐབས་ཁོང་གིས་འཕྲལ་མར་ཚང་མའི་སྣེ་ཁྲིད་དེ་མིང་གི་ཨར་ཏའོ་ཡི་དམག་འཁྲུག་སྟེགས་བུའི་གནའ་ཤུལ་དུ་བསྐྱོད།

ལིའུ་ཀྲན་ལིན་དང་གྲོང་མི་ཚོས་ས་བབ་རིག་གནས་ཀྱིས་ཡུལ་སྐོར་སྤུས་ལེགས་རྣམ་གྲངས་གཏོད་རྒྱུར་ནུས་པ་གལ་ཆེན་ཐོན་པ་གསལ་པོ་ཤེས་ཀྱི་ཡོད།ཁོང་གི་གཏམ་བཤད་དེ་ཧ་ཅང་གཟུགས་བརྙན་ལྡན་པ་ཞིག་སྟེ།“ནུབ་ཕྱོགས་མགྲོན་ཁང་གིས་གཡས་གཡོན་དུ་རྨ་ཆུ་སྐོར་བ་དང་།གཡས་སུ་ལྕགས་རི་རིང་པོ་འཁྱེར་བ།རིག་གནས་གྲུ་ཁར་བསྐྱོད་པ་བཅས་ཀྱི་ཐོག་ནས་གཞོན་ནུ་ཤེས་ཡོན་ཅན་དང་དམག་མིའི་རིག་གནས་ཀྱི་བག་ཆགས་ཟབ་མོ་མྱོང་ཚོར་ཐུབ་པས་མདུན་ལམ་ལ་ཚད་བཀག་མེད་པ་ཞིག་ཡོད”ཅེས་བཤད།

ནུབ་སྐྱོད་མགྲོན་ཁང་ནི་མཚོ་ལྷོ་ཁུལ་དང་ཐ་ན་ཝུའུ་ཧའེ་གྲོང་ཁྱེར་གྱིས་བཏོད་པའི་རྨ་ཆུའི་མོང་གོལ་དུ་སྐྱོད་པའི་ས་ཚིགས་དང་པོའི་རིག་གནས་IPཡིན་པ་དང་།རྨ་ཆུ་མོང་གོལ་དུ་ལྟ་སྐོར་དང་།རྨ་ཆུའི་མཛེས་ལྗོངས་ཉམས་ལེན།རྨ་ཆུའི་ཞིམ་ཟས་མེ་ལོང་།རྨ་ཆུའི་གནའ་རྫས་རྟོག་ཞིབ་འཚོལ་ཞིབ།གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་བཅས་ཀྱི་དཔེ་མཚོན་ལས་གྲྭ་ཞིག་རེད།

ཉེ་བའི་ལོ་ཤས་རིང་།ཝུའུ་ཧའེ་གྲོང་ཁྱེར་གྱིས་“ཤུལ་བཞག+”འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་འཚོལ་ཞིབ་མང་པོ་བྱས་ཡོད་པ་སྟེ།

——རིག་དངོས་སྲུང་སྐྱོང་ལ་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་རྨ་ཆུའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ཀྲའོ་སྲེག་ལུང་ཤུར་གྱི་བྲག་བརྐོས་རི་མོའི་རྟེན་རྫས་བཤམས་མཛོད་ཁང་གསར་སྐྲུན་བྱས་པ་དང་།མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་འགག་སྲུང་འཕྲུལ་ཆས་གཉིས་པའི་མྱུར་སྐྱོབ་རང་བཞིན་གྱི་བརྟན་གཏོང་ལས་གྲྭ་དང་གྲངས་འཛིན་ཅན་གྱི་སྲུང་སྐྱོང་རྣམ་གྲངས།མཚོ་ལྷོ་ཁུལ་གྱི་མིང་ལྕགས་རི་རིང་པོའི་སྐོར་སྲུང་

——རྨ་ཆུའི་རྒྱུག་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་ཡོངས་བཤེར་ཐེངས་གཉིས་བྱས་ནས་ཝུའུ་ཧའེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་དང་།གྲངས་འབོར།ཁྱབ་ཚུལ།རྒྱུན་འཛིན་བྱེད་རིམ།སྤྱི་ཚོགས་ཀྱི་ནུས་པ།རྒྱུན་མཐུད་གནས་ཚུལ་བཅས་ལ་ཚན་རིག་དང་མཐུན་པ་དང་།ཡང་དག་པ།ཕྱོགས་ཡོངས་བཅས་ཀྱི་ཡོངས་བཤེར་བྱས་པ་དང་།ཆི་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་12དང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་16གསར་སྣོན་བྱས་ཡོད།

——“ཝུའུ་ཧའེ་གྲོང་ཁྱེར་གྱི་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བགྲོ་གླེང་ཚོགས་འདུ”འཚོགས་ནས་རྒྱལ་ནང་གི་རིག་གཞུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་མཉམ་སྡེབ་བརྟག་ཞིབ་བྱས་པ་དང་།ཝུའུ་ཧའེ་རིག་གནས་ཤུལ་བཞག་གི་ལོ་རྒྱུས་ངེས་གནས་དང་།རིག་དངོས་སྲུང་སྐྱོང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་།《ཝུའུ་ཧའེ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་རྩོམ་བསྡུས་》རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ནས་ཝུའུ་ཧའེ་གྲོང་ཁྱེར་གྱི་རྨ་ཆུའི་ལོ་རྒྱུས་རིག་གནས་རྒྱ་ཆེ་ཞིང་རྒྱ་ཆེ་ལ་གཏིང་ཟབ་པ

——ཝུའུ་ཧའེ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དང་ཝུའུ་ཧའེ་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས་ཀྱིས་མཉམ་ལས་བྱས་ནས《རྟེན་རྫས་བཤམས་མཛོད་ཁང་ནང་གི་ནོར་བུ》ཞེས་པའི་ཆེད་སྒྲིག་ལེ་ཚན་རབ་དང་རིམ་པ་བཏོན་ནས་རིག་དངོས་བརྙན་ཐུང་《སྐུ་ཁམས་བཟང་།རིག་དངོས》མཉམ་འབྲེལ་ཐོག་བཟོས་པ་རེད།

ད་ཆ་ཝུའུ་ཧའེ་ལ་རྨ་ཆུའི་མུ་ཏིག་དང་།ཐོན་ལས་ཀྱི་གྲོང་ཁྱེར།སྒོ་དབྱེའི་གྲོང་ཁྱེར།ཡིད་དབང་འཕྲོག་པའི་གྲོང་ཁྱེར།རིག་གནས་ཀྱི་གྲོང་ཁྱེར།བདེ་སྐྱིད་ལྡན་པའི་གྲོང་ཁྱེར་བཅས་སུ་འབོད་ཀྱི་ཡོད།

ཝུའུ་ཧྥུང་རུང་གིས“ཝུའུ་ཧའེ་ལ་གྲུབ་འབྲས་དེ་འདྲ་ཐོབ་པ་དེ་ནི་རྨ་ཆུའི་ཁོང་ཡངས་དང་ལྕགས་རི་རིང་པོའི་རླུང་རུས་དང་འབྲལ་ཐབས་མེད་པ་ཞིག་རེད།སྣ་མང་རིག་གནས་ཝུའུ་ཧའེ་རུ་མཉམ་འདྲེས་བྱས་ནས་ཝུའུ་ཧའེ་མི་དམངས་ཀྱི་ཁོང་ཡངས་དང་བློ་བརྟན་འགྱུར་མེད་ཀྱི་ཚོགས་སྤྱིའི་སྙིང་སྟོབས་གསར་གཏོད་བྱས་པ་དང་།ཧའེ་ན་ཆུ་བོ་བརྒྱ་འབབ་དང་འབད་བརྩོན་ལྷོད་མེད་ཀྱི་གཞི་རྒྱུའི་གསང་གྲངས་བྲིས་ཡོད”ཅེས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།