རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ།མི་མངོན་པའི་ནུས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན།ད་ཆའི་མཚོ་སྔོན་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བསམ་ཕྱོགས་སྔར་བས་གསལ་པོ་དང་།བྱེད་ཐབས་སྔར་བས་ཏན་ཏིགཕན་འབྲས་སྔར་བས་མངོན་གསལ་དོད་པོ་བཅས་ཡོང་བ་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་སྤུས་ཚད་མཐོ་བའི་ཐོན་ལས་འཛུགས་སྐྲུན་བྱེད་པའི་ཐོན་ལས་ཀྱི་“ས་ཁུལ་བཞི”ཧུར་ཐག་བཏོད་པ་དང་།སྣོད་བཅུད་དང་།ཐོན་སྐྱེད།འཚོ་བ་བཅས་ཕྱོགས་མང་པོའི་བར་མཐོངས་ལ་ཁྱབ་པ།སྣོད་བཅུད་སྲུང་སྐྱོང་དང་།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཤར་ལ་གྲོང་ཚོའི་ངོས་ནས་བརྗོད་ན།སྣོད་བཅུད་ཀྱི་གྲངས་ཚད་ནང་གསར་དུ་འཕེལ་བའི་ཚད་བརྒལ་ས་ཚིགས་དང་ཤུགས་རྒྱག་ས་འཚོལ་ཞིབ་བྱས་ནས་ནག་རྡོག་གཅིག་འབྱུང་རྩ་ནས་འདེབས་འཛུགས་དང་ཐོན་རྫས་ལས་སྣོན་དང་དེ་ནས་མཐའ་སྣེའི་ཁྲོམ་རའི་ཕྱིར་ཚོང་བར་གྱི་ཐོན་ལས་འབྲེལ་ཐག་ཆ་ཚང་མངོན་འགྱུར་བྱུང་བ་དང་།སྣོད་བཅུད་དང་ལྗང་མདོག་སོགས“འགག་རྩའི་ཐ་སྙད”ལ་དམིགས་ནས་ཐོན་ལས་འབྲེལ་ཐག་ཆད་རྒྱུ་མེད་པ་དང་དུས་མཚུངས་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེ་བ་ཞིག་ཀྱང་རེད།
རྩེ་ཁོག་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རྩེ་ཁོག་ཤིས་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སིར་རྩེ་གཙང་ཤྭ་ལ་ནས་ནག་བག་ལེབ་ཐོན་སྐྱེད་སྒྲུབ་རིམ་ནས་ལས་རིམ་ཁག་བརྒྱུད་རྗེས་གསར་དུ་ཐོན་ཡོད།རྩེ་ཁོག་ཤིས་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་རིན་ཆེན་ལེང་ཀྲིས་གསར་འགོད་པར་ཐོན་འབབ་མང་བའི་གནས་ཚུལ་འོག་ལོ་རེའི་ཐོན་འབབ་ཏུན་40ཟིན་རྒྱུ་ཡིན་པ་དང་འདི་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་དུ་རྩེད་ཐང་ཤྭ་ལ་ནས་ནག་གི་བག་ལེབ་ཕྱིར་གཏོང་ཐེངས་དང་པོ་བྱས་པར་རིན་ཐང་སྒོར་ཁྲི་100ཙམ་ཟིན་གྱི་ཡོད་ཅེས་བཤད་བྱུང་།
རིན་ཆེན་ལྷུན་གྲུབ་ནི་རྩེ་ཁོག་རྫོང་དང་རི་གྲོང་རྡལ་ཤ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པ་དང་།ནས་ནག་པོའི་ཀ་ར་གོ་རེ་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱུ་རྐྱེན་སྐོར་གླེང་སྐབས།ཁོང་གིས་ནས་ནག་པོ་ནི་ཤར་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཤིག་ཡིན་པ་དང་།དེ་སྔ་ས་བོན་འཚོང་བ་དང་རྩམ་པ་ཕྱིར་ཚོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་།རྗེས་སུ་གསོག་ཚད་ཁྲོམ་རའི་མཁོ་སྤྲོད་ལས་མང་བའི་སྣང་ཚུལ་ཐོན་ནས“འགྲན་ལམ་གསར་པ”འཚོལ་དགོས་བྱུང་།
རིན་ཆེན་ལྷུན་གྲུབ་རྩིས་ཤིག་བརྒྱབ་པ་དང་དེ་སྔ་རྩམ་པ་ལས་སྣོན་བྱེད་སྐབས་ནས་ནག་ཁེ་500སྒོར་10བྱས་ནས་བཙོངས་པ་དང་ད་ཆ་ཀ་ར་གོ་རེ་བཟོས་རྗེས་ནས་ནག་ཁེ་500ལ་སྒོར་38རག་གི་ཡོད།མིག་སྔར་རྫོང་གྲོང་གི་ཚོང་ཁང་ཁག་གཅིག་ཏུ་ཚོང་ཟོག་བཏིང་བ་མ་ཟད།ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གི་ཚོང་ཁང་མང་པོར་ཚོང་ཟོག་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།“ནས་ནག་བག་ལེབ་ལས་སྣོན་ཁེ་ལས་ཀྱི་ལོ་ལྟར་ཡོང་འབབ་ཀྱི་བརྒྱ་ཆ་བཅུ་གྲོང་ཚོར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུར་སྤྱོད་ཀྱི་ཡོད་པ་དང་།དེ་བྱིངས་ཁེ་ལས་ཀྱིས་གཞི་ཁྱོན་ཆེ་རུ་བཏང་ནས་ཕན་འབྲས་ཆེ་རུ་བཏང་སྟེ་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་སྤྱོད་ཀྱི་ཡོད”ཅེས་རིན་ཆེན་ལྷུན་གྲུབ་ཀྱིས་བཤད།འབྱུང་འགྱུར་ལ་ཡིད་སྨོན་བྱེད་བཞིན་ཡོད།ཁོང་གིས་ད་དུང་དེ་བས་ཕུན་སུམ་ཚོགས་པའི་སྣ་ཁ་ཞིབ་བཟོ་བྱས་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བཏོད་དེ་རྒྱ་ཆེའི་མང་ཚོགས་ལ་ཐོན་འཕར་ཁྲོད་འབབ་འཕར་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐར་མ་སྣོན་པ་དང་།གཟིགས་རྒྱང་རིང་བའི་རྩེ་རིམ་ཇུས་འགོད་རེ་རེ་ནས་ལྗང་མདོག་ཏུ་འགྱུར་བའི་ཐོན་ལས་འབྲེལ་ཐག་རེ་རེ་བཞིན་མཚོ་སྔོན་དུ་སྣོད་བཅུད་མཛེས་པ་དང་།ཐོན་ལས་སྔོ་ལྗང་།མི་སེར་ཕྱུག་པོ་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་རྣམ་པ་དེ་བས་མཐོ་བ་དང་གསེར་རི་དངུལ་རིའི་རྣམ་པ་སྔར་བས་ཡག་པོ་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྫོང་རིའི་རིག་གནས་གནའ་ཤུལ་མཛེས་ལྗོངས་ཁུལ་གྱིས་སྣོད་བཅུད་ཀྱི“མངོན་མེད་ལྗོངས་ལྗོངས”ཟབ་ཏུ་བཏང་བ་དང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱིས་སྣོད་བཅུད་ཡུལ་སྐོར་ལ་ས་རྒྱུ་གཤིན་པོ་དང་འཚོ་བཅུད་མཁོ་འདོན་བྱས་ཡོད་ལ།གྲོང་གསེབ་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་ལམ་བུ་རྒྱ་ཆེར་བཏང་ཡོད།
འབའ་རྫོང་རིག་གནས་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཕྱོགས་བསྡུས་གཞུང་དོན་ཁང་གི་ཀྲུའུ་རེན་ཡན་ཀྲི་ཡུན་གྱིས་ངོ་སྤྲོད་བྱས་པ་ལས་ཤེས་རྟོགས་བྱུང་བར།རྫོང་རིའི་རིག་གནས་གནའ་ཤུལ་མཛེས་ལྗོངས་ཁུལ་དེ་དགུ་ཆུའི་འཁྱོག་མཚམས་གཉིས་པར་གནས་པ་དང་།ཐུན་མོང་མ་ཡིན་པའི་རྨ་ཆུའི་ཐོན་ཁུངས་ཡོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་རྫོང་རིའི་གནའ་ཤུལ་ཡང་ཡོད་པ་དང་།མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་ནི་སྣོད་བཅུད་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འཕེལ་རྒ
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་འབའ་ལུང་ཤང་བན་མདོ་གྲོང་ཚོའི་ནགས་སའི་ཐོན་ཁུངས་སྤྱི་ཆིང་59.8གང་འགབ་ཅི་སྤྱོད་བྱས་པ་མ་ཟད།དཔལ་མགོན་གྲོང་ཚོའི་མང་ཚོགས་ལ་ལས་ཞུགས་དང་ལས་གཏོད་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ཡོད།ཡན་ཀྲི་ཡུན་གྱིས་གསར་འགོད་པར་དཔལ་མགོན་གྲོང་ཚོའི་ནགས་ས་བརྒྱུད་བཤུག་བྱས་ནས་མཛེས་ལྗོངས་ཁུལ་བསྐྲུན་པར་ལོ་ལྟར་བརྒྱུད་བཤུག་ཡོང་འབབ་སྒོར་ཁྲི་10.5མང་དུ་ཕྱིན་པ་མ་ཟད།མཛེས་ལྗོངས་ཁུལ་འཕེལ་རྒྱས་ཕྱིན་པ་དེས་ཉེ་འཁོར་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད།
ཚེ་པོའི་ཁྱིམ་མཛེས་ལྗོངས་ཁུལ་དང་ཐག་རིང་པོ་མེད་པས་དེ་སྔ་ཞིང་དལ་དུས་ས་ཆ་མང་པོར་གླ་པར་བསྐྱོད་ཀྱི་ཡོད།ད་ཆ་སྒོ་འགྲམ་དུ་མཛེས་ལྗོངས་ཁུལ་ཡོད་པས་ཁོང་ལ་ཡང་ལས་ཀ་བྱེད་ཀྱི་ཡོད།དེའི་ཁྲོད་ནས་ཚོང་ལས་ཀྱི་གོ་སྐབས་མཐོང་བའི་ཚེ་པའོ་ཡིས་རང་ཁྱིམ་གྱི་སྒོ་ར་དེ་བཟའ་བཏུང་དང་ཞག་སྡོད་གཞི་གཅིག་ཏུ་འདུས་པའི་ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་བསྐྲུན་པ་མ་ཟད།ད་དུང་ཚོང་ཁང་ཆུང་ཆུང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་པས་ལོ་གཅིག་རིང་ཡོང་འབབ་མང་པོ་བྱུང་ཡོད།
སྣོད་བཅུད་ཁོར་ཡུག་བཟང་པོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་འགྲན་ལམ་བཏོད་ཡོད་ལ་མང་ཚོགས་ཀྱི“ལྗང་མདོག་གཉེར་སྐྱོང་”ལ་གོ་སྐབས་ཀྱང་སྦྱིན་ཡོད།རྫོང་རི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་སྲང་ལམ་གྱིས་མཛེས་ལྗོངས་ཁུལ་འཕེལ་རྒྱས་ཀྱིས་ཉེ་འཁོར་གྱི་དཔལ་མགོན་གྲོང་ཚོ་དང་།མཐུན་སྒྲིལ་གྲོང་ཚོ།མཁར་ལི་སྒང་གྲོང་ཚོ་བཅས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།མིག་སྔར་གྲོང་ཚོ་གསུམ་ལ་མགྲོན་ཁང་46ཡོད་པ་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གིས་ཀྱང་གྲོང་མིར་འབབ་འཕར་གྱི་ཐབས་ལམ་མང་དུ་ཕྱིན་ཡོད་ཅེས་བཤད།ད་དུང་མཐའ་འཁོར་གྱི་གྲོང་མི་ཁག་གཅིག་གིས་མཛེས་ལྗོངས་ཁུལ་དུ་ལས་ཀ་བརྟན་པོ་ཞིག་དོན་གཉེར་བྱེད་ཀྱི་ཡོད་པ་དང་།ལ་ལས་མཛེས་ལྗོངས་ཁུལ་དང་ལམ་རྒྱུད་དུ་མ་རྩ་ཆུང་ཆུང་ཉོ་ཚོང་བྱེད་ཀྱི་ཡོད་པས་ལོ་གཅིག་གི་ཡོང་འབབ་མི་ཉུང་བ་ཞིག་ཡོད།
སྣོད་བཅུད་མཚོ་སྔོན་དུ་གནས་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་འགན་ལེན་དེ་བས་ཡིན་པ་དང་།སྣོད་བཅུད་ཀྱི་རིན་ཐང་མངོན་པ་དང་།སྣོད་བཅུད་ཀྱི་འགན་འཁྲི་སྒྲུབ་པ།སྣོད་བཅུད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ཏེ་ལས་རིགས་ཁག་གིས་ལྗང་མདོག་ཏུ་འགྱུར་བ་དང་ལྗང་མདོག་གི་ཕྱོགས་སུ་བསྐྱོད་དེ་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་གྲངས་ཀ་ཆེ་ཤོས་འཚོལ་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཤང་ཤིན་ཆོན་གྲོང་ཚོ་ནི་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་གསེར་ཉ་ཕྱིར་རྒྱུ་བའི་ངོ་མཚར་ལ་བརྟེན་ནས་ཆུ་མིག་གསེར་ཉ་ཕྱིར་རྒྱུ་བའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་གྱུར་ནས་གྲོང་མི་དེ་བས་མང་བས་སྒོ་རྩར་ལྗང་མདོག་འབབ་འཕར་ཡོང་བ་བྱས་ཡོད།
སླར་ཡང་ཤིན་ཆོན་གྲོང་ཚོའི་གྲོང་མི་ཀུའོ་ཡུང་ཀྲུང་དང་འཕྲད་སྐབས་ཁོང་ནི་སྔར་བཞིན་ཆོན་སྐྱིད་གསེར་ཉ་ཕྱིར་རྒྱུ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཚོང་པ་ཞིག་ཡིན་པ་དང་།ཉ་ཟས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་འཚོང་བར་བྲེལ་བཞིན་ཡོད་པས་ལོ་ཤས་གོང་དང་བསྡུར་ན་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།གཉེར་སྐྱོང་བྱ་ཡུལ་སྐོར་སྐྱོད་ཀྱི་ཁྲོམ་བཀྱག་ནས་གཏན་འཇགས་ཤིང་ཁང་དུ་སྤོས་པ་དང་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཐོན་རྫས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།འགྱུར་ལྡོག་མངོན་གསལ་དོད་ཤོས་ནི་ཡོང་འབབ་ཡིན་པ་དང་།2019ལོར་ཡོང་འབབ་སྒོར་ཁྲི་4ཟིན་པ་དང་ན་ནིང་སྒོར་ཁྲི་15ཟིན་ཡོད།
ལོ་20ལྷག་ཙམ་གྱི་གོང་དུ་ཀུའོ་ཡུང་ཀྲུང་གིས་ཉ་འཛིན་པའི་ཡོང་འབབ་ཕྲན་བུ་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད།རྗེས་སུ་ཉ་འཛིན་པ་མེད་པར་མཚེའུ་བཀག་ནས་ཉ་གསོ་བའི་སྲིད་ཇུས་ལག་བསྟར་བྱས་པས་གནས་སྐབས་ཤིག་རིང་ཅི་ཞིག་སྒྲུབ་དགོས་པ་མི་ཤེས་པ་དང་།ཡོང་འབབ་མེད་པའི་གནས་ཚུལ་འཕྲད་པས།ཕྱིར་གླ་པར་འགྲོ་དགོས་བྱུང་།རྗེས་སུ་སྲུང་སྐྱོང་ནན་པོ་དང་དཀའ་སྤྱད་འབད་བརྩོན་འོག་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉར་ཚགས་བྱེད་ཚད་མུ་མཐུད་སླར་གསོ་བྱུང་བ་དང“གསེར་ཉ་ཕྱིར་རྒྱུ་ཡུལ་སྐོར་བྱེད་པའི”སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་ཁོང་གིས་ཚོང་ལས་ཀྱི་གོ་སྐབས་ལ་དམིགས་ནས་ཆོན་སྐྱིད་ཆུ་འགྲམ་དུ་ཚོང་ཆུང་ཆུང་ཞིག་བརྒྱབ་པ་རེད།སྔོན་ཆད་དང་ད་ཆའི་སྐོར་གླེང་སྐབས་ཀུའོ་ཡུང་ཀྲུང་གིས“སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱུང་ཚེ་མཚོ་སྐོར་མང་ཚོགས་རྣམས་ཕན་པ་ཐོབ་མཁན་ཆེ་ཤོས་སུ་གྱུར་ཡོད།‘སྣོད་བཅུད་ཀྱི་ཡོང་འབབ་’དེ་བློ་བདེ་པོ་བྱུང་ལ་སྤྲོ་སྣང་ཡང་འཕེལ་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
དུད་ཚང་251གི་མི་757ཡོད་པའི་ཤིན་ཆོན་གྲོང་ཚོའི་མི་མང་པོ་ཞིག་གིས་ཀུའོ་ཡུང་ཀྲུང་དང་འདྲ་བར་སྣོད་བཅུད་སྲུང་སྐྱོང་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་འབྲེལ་ལྗང་མདོག་འབབ་འཕར་བྱུང་ནས་ལོ་རེར་ཡོང་འབབ་ལོ་གཅིག་ལས་བརྒལ་ཡོད་པ་རེད།ཡུལ་སྐོར་ཁོར་ཡུག་དེ་བས་ལེགས་པ་ཞིག་གཏོད་ཆེད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་ཆེད།ཤིན་ཆོན་གྲོང་ཚོས་ཆུ་རྒྱས་གསེར་ཉ་ཕྱིར་རྒྱུ་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཤིང་ཁང་ཆུང་ཆུང་བཅུ་བསྐྲུན་པ་དང་།བོགས་མར་ལེན་པའི་རྣམ་པ་བརྒྱུད་གྲོང་མིར་བོགས་མར་བཏང་ནས་གཉེར་སྐྱོང་བྱེད་དུ་བཅུག་པ་རེད།ཤིན་ཆོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཧྲེང་མེ་ཡིས“གསེར་ཉ་ཕྱིར་རྒྱུ་ཡུལ་སྐོར་བྱེད་པའི་དུས་ཚིགས་སུ་སླེབས་སྐབས་ཡུལ་སྐོར་བ་ལོ་རེ་ལས་ལོ་རེ་མང་དུ་ཕྱིན་ཡོད།འདི་ལོ་ང་ཚོས་ཤིང་ཁང་གཉིས་མང་དུ་བཏང་ཡོད།ས་ཆ་གཞིར་བཟུང་གྲོང་མིར་བོགས་མར་བཏང་བས་གྲོང་མིའི་འདོད་བློ་ཧ་ཅང་ཆེན་པོ་ཡོད་པ་དང་བོགས་དངུལ་ཡང་བགོ་བཤའ་རྒྱག་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མར་སྣོད་བཅུད་ཀྱི་ཁེ་སྤོགས་དངོས་འབྲེལ་ཚོར་ཐུབ་རྒྱུ་རེད”ཅེས་གསར་འགོད་པར་བཤད་བྱུང་།
དེ་སྔ་གཞན་དབང་གི་གདམ་ག་བྱས་པ་ནས་ད་ཆ་རང་འགུལ་ངང་ཞུགས་པའི་བར་ཀུའོ་ཡུང་ཀྲུང་དང་འདྲ་བའི་ལས་ཀ་བྱེད་མཁན་མང་པོ་ཞིག་ཀྱང་སྣོད་བཅུད་སྲུང་སྐྱོང་གི་འོས་འགན་དྲིལ་བསྒྲགས་པར་གྱུར་ཡོད།ཁོང་ཚོས་རང་ཉིད་ཀྱི་གཏམ་གླེང་དང་བྱ་སྤྱོད་ལ་བརྟེན་ནས་མི་དེ་བས་མང་བར་མཚོ་སྔོན་པོའི་ཉ་ལུའོ་ལི་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད།སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རང་ཉིད་ཀྱི་གཏམ་རྒྱུད་ཀྱང་ཚང་མར་བཤད་པ་རེད།
ཕུན་སུམ་ཚོགས་པའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ“འགྲན་ལམ་གསར་པ”དེ་བས་མང་བ་གཏོད་བཞིན་ཡོད་པ་དང་།གྲོང་མི་ཚོས་སྒོ་འགྲམ་དུ་ལྗང་མདོག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཕྱུག་འགྱུར་ཡོང་བ་བྱས་ཏེ་མཚོ་སྔོན་པོའི་གསེར་ཉའི་སྲུང་སྐྱོང་གྲུབ་འབྲས་ཀྱིས་ལས་རིགས་དེ་བས་མང་བར་ཁྱབ་པ་དང་ཚོགས་སྤྱི་དེ་བས་མང་བར་སྐུལ་ཁྲིད་བྱས་ཡོད།ཤིན་ཆོན་གྲོང་ཚོ་དང་ཐ་ན་རྐང་ཚ་རྫོང་དུ“གསེར་ཉའི་དཔལ་འབྱོར”དེ་འཕར་གཞི་གསར་པ་ཞིག་ཏུ་གྱུར་ནས་སྣོད་བཅུད་ཡུལ་སྐོར་ནས་བཟའ་བཏུང་དང་ཞག་སྡོད་སོགས་ཐོན་ལས་གཞི་གཅིག་ཅན་དུ་འཕེལ་རྒྱས་ཕྱིན་ནས་མི་རྣམས་ལ་ཉ་སྤྲད་དེ་ཕྱུག་འགྱུར་ཡོང་བ་བྱེད་པ་དཔེར་ན།ཁོང་ཚོའི་གཏམ་རྒྱུད་ད་དུང་མང་པོ་ཡོད།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཆང་བ་དང་།སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་རྩོད་སྒྲུབ་གཅིག་གྱུར་ཡོང་བ།སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བར་ཆར་པ་ཆུ་གྲོགས་བཅས་བྱ་དགོས།སྔོ་ཞིང་དྭངས་པའི་རི་ཀླུང་ཁྲོད་དུ་གནས་པ་དང་།ལྗང་མདོག་ལ་བརྟེན་ནས་ལེགས་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་པ་དང་།ལྗང་མདོག་གསེར་དུ་འགྱུར་བའི་གཏམ་རྒྱུད་ཀྱང་རྒྱུན་ཆད་མེད་པར་རྒྱུན་མཐུད་བྱེད་བཞིན་ཡོད་པ།སྣོད་བཅུད་སྲུང་སྐྱོང་དང་།ཐོན་ལས་འཕེལ་རྒྱས།མང་ཚོགས་ཀྱི་འབབ་འཕར་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་སྣོད་བཅུད་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་སུ་འགྱུར་བཞིན་ཡོད།