མཚོ་སྔོན་གྱིས་སྣོད་བཅུད་ཁོར་ཡུག་ཀུན་སྔོ་ལྗང་གིས་ཁེངས་པར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་སྣ་མང་ཕུན་སུམ་ཚོགས་ལ་ཉམས་ཞན་ཡང་ཡིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ནུས་པ་ཆེ་ཤོས་མངོན་འགྱུར་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་འགན་གཙོ་བོ་ཞིག་རེད།མཚོ་བོད་ས་མཐོའི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་འཁུར་ཡོད།

སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱིས“ཆེས་ཆེ་བ་གསུམ”དང་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ་སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་གྱི་ཚད་གཞིའི་ཁྲོད་འགྱུར་ལྡོག་དོན་གཉེར་དང་གོ་སྐབས་དམ་འཛིན་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུར་འཕེལ་རྒྱས་དེ་བས་ཆེ་བ་བྱུང་ཡོད།

ད་ཆ་བརྗིད་ཉམས་ལྡན་པའི་གཙང་གསུམ་གྱི་ས་གཞི་ཆེ་མོའི་ཐོག“རི་གཉིས”ཀྱི་གཞན་སྒྱུར་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ་དང་།སྲུང་སྐྱོང་དང་འཕེལ་རྒྱས་རྩོད་སྒྲུབ་གཅིག་གྱུར་བྱུང་བ།སྣོད་བཅུད་དང་ལྗང་མདོག་གི་ནང་དོན་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པ།སྣོད་བཅུད་ཀྱི་རིན་ཐང་དང་།སྣོད་བཅུད་ཀྱི་འགན་འཁྲི།སྣོད་བཅུད་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་“སྤྱིའི་གྲངས་གཞི”ཆེ་ཤོས་དང་མཐུན་

“ཀྲུང་ཧྭའི་ཆུ་མཛོད”སྲ་བརྟན་དུ་ཕྱིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“གལ་ཆེའི་ནང་གི་འགངས་ཆེ་ནི‘ཀྲུང་ཧྭའི་ཆུ་མཛོད’ཡིན་པའི་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་ཁུངས་གསོ་འཁྱོངས་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད”ཅེས་ནན་བཤད་གནང་ཡོད།

མཚོ་སྔོན་དུ་སྣོད་བཅུད་ནི་ཞིང་ཆེན་འཛུགས་པའི་རྩ་བ་དང་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད།མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཚང་མས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་སྟོབས་ཆེ”ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་མཁན་བློ་བརྟན་འགྱུར་མེད་ངང་བྱེད་པ་དང་།བརྩེ་སེམས་ལ་བརྟེན་ནས་རི་ཆུ་རྩི་ཤིང་དང་སྐྱེ་དངོས་ཡོད་ཚད་ཀྱི་སྲོག་ཆགས་ལ་སྲུང་སྐྱོང་བྱས་ཏེ་སྔོ་ཞིང་དྭངས་པའི་རི་ཆུ་དེ་ལེགས་ཆ་དང་སྤོབས་པ་ཆེ་ཤོས་སུ་འགྱུར་གང་ཐུབ་བྱས་ཡོད།

སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ལག་བསྟར་བྱས་ཏེ་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གྱི་མཐོ་ས་གསར་པ་གཏོད་རྒྱུ་སྤྱི་འདོམས་སུ་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་།ལྗང་མདོག་འཕེལ་རྒྱས།རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན།མི་དང་རང་བྱུང་ཚེ་སྲོག་གཅིག་མཐུན་འདུས་གྲུབ།སྣོད་བཅུད་ཤེས་དཔལ་ལམ་ལུགས་གསར་གཏོད།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་།

སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་།ལྗང་མདོག་བར་སྟོང་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ།སྐྱེ་ཁམས་ཀྱི་ནང་དོན་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད།ད་ཆ་རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་58.122%ཟིན་པ་དང་།འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆུང་དུ་ཕྱིན་པ།རླུང་ཁམས་ཆེན་པོ་དང་།ཆུ།ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།མཚོ་སྔོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་ལོ་མང་རིང་96%ཡན་རྒྱུན་འཁྱོངས་ཐུབ་པ།འབྲི་ཆུ་དང་།རྨ་ཆུའི་གཞུང་ཆུ།རྫ་ཆུ་བཅས་ཞིང་ཆེན་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་དང་དེ་ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

མིག་སྔར་ཙོང་ཉ་ཕྱིར་རྒྱུ་བའི་དུས་ཚིགས་ཡིན་པས“ཆུ་ཕྱེད་དྭངས་གཙང་དང་ཉ་ཕྱེད་གཙང་”གི་སྣོད་བཅུད་ངོ་མཚར་སླར་ཡང་འཁྲབ་སྟོན་བྱས་པ་རེད།སྐྱེ་དངོས་སྣ་མང་རང་བཞིན་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་སྲུང་སྐྱོང་བྱེད་ཐབས་ནན་པོ་རབ་དང་རིམ་པ་ལག་བསྟར་བྱེད་རིང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།གཙོད་ཀྱི་གྲངས་འབོར་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་།མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་12.03བར་སླར་གསོ་བྱུང་བ།ས་མཐོའི་དམག་གྲུའི་སྲོག་ཆགས་རིགས་ཀྱི་གསའ་ཡི་གྲངས་འབོར་1200ལྷག་ཙམ་ལ་ལྟ་ཞིབ་ཚད་ལེན་ཐུབ་པ་མ་ཟད།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་8ཚང་མས་དགོ་དམརའི་གྲངས་འབོར་3400ལྷག་ཙམ་བར་མང་དུ་ཕྱིན་པ་དང་མཚོ་སྔོན་པོའི་བྱ་རིགས་སྣ་ཚོགས་ཁྲི་60ལྷག་ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད།

ནགས་ཚལ་དང་།རྩྭ་ཐང་།འདམ་ར།འཁྱགས་ས།འཁྱགས་རོམ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་མཚོ་སྔོན་འདི་ཉིད་ཐཱན་འདུས་བྱ་ཡུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་དམའ་རུ་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་།མཁོ་སྤྲོད་མཐའ་སྣེ་དང་།འཛད་སྤྱོད་སྣེ།ཐཱན་མཐའ་སྣེ་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ“ཐཱན་གྱི་བྱ་སྤྱོད་ཆེན་པོ་བཅུ”བརྟན་པོའི་ངང་ལག་བསྟར་བྱས་པ་དང་།དངུལ་རྩས་“ཐཱན་རྩིས་ཐོའི”མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ།ལག་རྩལ་སྔོན་ཐོན་དང་ལྗང་མདོག་ཐཱན་ཉུང་ཁེ་ལས་ཁག་གཅིག་ཐཱན་མེད་ཐོན་ལས་གླིང་དུ་བཅའ་སྡོད་བྱས་པ།རིག་ནུས་ཐཱན་གཉིས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་པ།

“ཀྲུང་ཧྭའི་ཆུ་མཛོད”སྔར་བས་བརྟན་ཞིང་རྒྱས་པ་དང་།སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གྱི་རྣམ་པ་སྔར་བས་རྒྱས་པ་མ་ཟད།ད་ཆའི་མཚོ་སྔོན་ལ་བལྟས་ཚེ།རི་རྒྱུད་ཀྱི་ཆུ་བོའི་རྒྱུད་ཀྱི་མིའི་ཉམས་འགྱུར་ཕན་ཚུན་བཀྲག་མདངས་འཚེར་བཞིན་ཡོད།སྐྱེ་དངོས་སྣ་མང་ལ་སྣོད་བཅུད་མཛེས་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་ཡོད།

རྒྱལ་ཁབ་སྤྱི་གླིང་སྣ་མང་ཕུན་སུམ་ཚོགས་པ།

རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་བརྩོན་ལེན་དང་གཞན་གྱི་སྔོན་དུ་བྱེད་ཕོད་པ་དེ་ནི་དུས་རབས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དང་བསྟུན་པའི་འདུ་ཤེས་གསར་བཅོས་དང་གསར་གཏོད་ཀྱི་བྱ་ཐབས་ཤིག་ཡིན་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་སྣོད་བཅུད་སྤུས་རྟགས་གཏོད་པ་དང་སྣོད་བཅུད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་དུས་རབས་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན་པས་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་འཛམ་གླིང་དུ་སྐྱོད་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཞིང་ཆེན་ཁག་དང་པོའི་གྲས་སུ་གྱུར་ཡོད།རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མ་དེ་མིག་སྔའི་རྒྱལ་ཁབ་སྤྱི་གླིང་མང་ཤོས་ཀྱི་ཞིང་ཆེན་དུ་གྱུར་པ་དང་རྒྱལ་ཁབ་སྤྱི་གླིང་ནང་གི་མཚོ་སྔོན་གྱི་རྣམ་པ་སྣ་ཚོགས་ཡོད།

རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་ཐད་སྔོན་དུ་བསྐྱོད་དེ“སྡིག་སྲིན་ཟ་བའི”ཞིང་ཆེན་དང་པོ་ཡིན་པའི་ངོས་ནས།འཆར་འགོད་སྣེ་ཁྲིད་བྱེད་ཕོད་པ་དང་།《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》བཟོས་ནས་ལག་བསྟར་བྱས་ཏེ་ལམ་ལུགས་དང་བྱ་ཐབས་བཏོན་པ་དང་ལག་རྩལ་ཚད་གཞི་ཁྱབ་བསྒྲགས་བྱས་པས།

མེད་པའི་ཁྲོད་དུ་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་།གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ།མཚོ་སྔོན་གྱིས“ཅིའུ་ལུང་ཆུ་བཅོས”དཀའ་གནད་སེལ་གང་ཐུབ་བྱས་ཏེ།བྱེད་པོ་ཁ་གསལ་དང་།འགན་འཁྲི་ཁ་གསལ།ཕན་ཚུན་གཞོགས་འདེགས་བཅས་ཀྱི་མཐུན་སྦྱོར་དོ་དམ་ལམ་སྲོལ་བཙུགས་ཏེ།རྒྱལ་ཁབ་སྤྱི་གླིང་གི“སྒོ་བྱང་གཅིག་གིས་དོ་དམ་མཐའ་འཁྱོལ”གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལེགས་གྲུབ་བྱས་ཏེ།རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི“འདུ་ཤེས་ཆེན་པོ་དགུ”དང“མ་ལག་བཅོ་ལྔ”གྲུབ་པ་རེད།

ལམ་ལུགས་རང་བཞིན་གྱི་གསར་གཏོད་འབུར་ཐོན་ཡོང་བ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་སྔོན་ལ་བཙུགས་པ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་བྱས་པ།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་།དྲིལ་བསྒྲགས་སློབ་གསོ།དམངས་འཚོ་འཕེལ་རྒྱས།མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་སྒྲིལ་བ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་འབྲེལ་དཔྱད་དཔོག་དུས་མཚམས་སུ་སླེབས་ནས་ས་མཐོའི་ཐུན་མོང་མ་ཡིན་པའི་རྩྭ་ཆུ་དང་།ཉ་བྱ།གཅན་གཟན་བཅས་ཀྱི་མཉམ་གནས་སྣོད་བཅུད་མ་ལག་ཅིག་ཆགས་ཡོད་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཁྲོད་མཚོ་སྔོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།རྒྱལ་ཁབ་སྤྱི་གླིང་དུ་འཚོ་བ་སྐྱེལ་བཞིན་པའི་འབྲོག་པ་མང་ཚོགས་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་གྱུར་ནས་སྣོད་བཅུད་ཀྱི་ཕོར་པ་འཁྱེར་བ་དང་སྣོད་བཅུད་ཀྱི་ལྟོ་ཆས་ཟ་རྒྱུ་བྱུང་ཡོད།འབྲོག་པ་མང་ཚོགས་ལས་ཞོར་པར་རྒྱག་མཁས་ཅན་དུ་གྱུར་ནས་མཚོ་སྔོན་གྱི་སྣོད་བཅུད་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་ཟིན་ཐོར་བཀོད་པ་དང་།བརྩམས་ཆོས་ལ་ཐ་ན་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཀྱི་པར་རྒྱག་བྱ་དགའ་ཆེན་པོ་ཐོབ་ནས་འཛམ་གླིང་ཡོངས་ཀྱིས་མཚོ་སྔོན་མཐོང་ཐུབ་པ་བྱས་ཡོད།

ཀུན་ཕན་རང་བཞིན་གྱི་མཉམ་སྤྱོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྣོད་བཅུད་བདག་སྐྱོང་བའི་སྤྱི་ཕན་ལས་གནས་གསར་གཏོད་རང་བཞིན་ལྡན་པའི་ངང་བཙུགས་པས་འབྲོག་པའི་ཐོབ་ཐང་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་ཡོང་འབབ་ཀྱི་གྲུབ་ཆའི་འགྱུར་ལྡོག་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།གཙང་པོ་དང་མཚེའུ་དང་རྩྭ་ཐང་ནགས་ཚལ་ལ་ཆེད་མངགས་དོ་དམ་སྲུང་སྐྱོང་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དེ་བརྟན་དུ་གཏོང་རྒྱུ་དེ་མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་སྤྱོད་རང་རྟོགས་སུ་འགྱུར་བཞིན་ཡོད་པ་རེད།

ཐོན་ལས“ལྗང་མདོག་ནུས་པའི”ཕྱོགས་སུ་ཚ་ཚ་འུར་འུར་དུ་འགྲོ་བ།

སྣོད་བཅུད་མཚོ་སྔོན་དུ་གནས་པ་ནི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན།ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས“ལྗང་མདོག”བརྒྱུད་ནས་སྐྱེས་པ་དང་།“ལྗང་མདོག”ཕྱོགས་སུ་སྐྱོད་པ།སྣོད་བཅུད་ཀྱི“ལྗང་མདོག་འདུས་ཚད”ལ་བརྟེན་ནས་འཕེལ་རྒྱས་ཀྱི་“གོ་ཆོད་ཚད”མཐོ་རུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་འཛུགས་སྐྲུན་བྱེད་པའི་“ས་ཁུལ་བཞི”ནུས་ཤུགས་ཡོད་རྒུས་མདུན་དུ་སྐྱོད་བཞིན་ཡོད།

སྔོ་ཞིང་དྭངས་པའི་རི་ཆུ་ཁྲོད་ཀྱི་སྣོད་བཅུད་ནང་དོན་དང་ལྗང་མདོག་བར་སྟོང་སྔོག་འདོན་གཏིང་ཟབ་བྱས་ནས་སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་རྗེས་ཐོན་གྱི་ལེགས་ཆར་འགྱུར་བཞིན་ཡོད།སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་ནས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་འཆར་འགོད་དང་།ཇུས་གཞི།སྲིད་ཇུས་བྱེད་ཐབས་བཅས་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་།འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་སྒྲོལ་ནས་ཅཱ་དང་།ནཱ།མཱེ།ལི།ཁིལ་བཅས་ཐོན་ལས་ཁྱུ་ཚོགས་ཆེན་པོ་ལྔ་རིམ་བཞིན་ཆགས་ཡོད།

སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་དུ་གྱུར་ནས“འོད་ཤུགས་ལུག་”གིས་སྣོད་བཅུད་སྲུང་སྐྱོང་དང་།ཐོན་ལས་འཕེལ་རྒྱས།དམངས་འཚོ་ལེགས་གཏོང་བཅས་དབར་གྱི་གཉིས་ཁེ་གཉིས་ཕན་མངོན་ཡོད་པ་རེད།བྱེ་ཐང་གི་གྲམ་ཐང་ཐོག་གི་འོད་ཤུགས་པང་ལེབ་ཀྱིས་ཆུ་རླངས་འགྲོ་ཚད་ཉུང་དུ་གཏོང་བ་དང་རླུང་གི་མྱུར་ཚད་དམའ་རུ་བཏང་བ་དེས་ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེར་འགྲོ་བའི་དཔང་པོ་བྱས་ཡོད།

ད་ཆ་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་གཏོང་གི་བགྲོད་ལམ་ཆེན་པོ་ཐོག་མ་དེ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་15ལ་རྒྱུན་ཆད་མེད་པར་ལྗང་མདོག་གློག་གཏོང་ཐུབ་ཡོད་པ་རེད།ཐོན་ལས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་གསལ་དོད་པ་དང་ཐོན་ལས་ཁྱུ་ཚོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཤིས་ཉིང་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི“འོད་ཤུགས”ཁྲོམ་གཞུང་ཞིག་ནི་ཐོན་ལས་ཁྱུ་ཚོགས་ཀྱི་དཔེ་མཚོན་ཞིག་རེད།

མཚོ་བོད་ས་མཐོའི“ཚད་བརྒལ་གཙང་ཁུལ”གྱི་ས་ཁམས་སྣོད་བཅུད་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་།ཚད་གཞི་བརྟན་པོ།ཁ་གསབ་སྦྲེལ་ཐགའདྲེན་རྒྱ་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་རྒྱ་སྟོབས་ཆེ་རུ་བཏང་བས་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་རྫས་དང་།སྐྱེ་ལྡན་འཕང་འབྲས།ཆུ་གྲང་ཉ་བཅས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་རྒྱ་ཁྱབ་ཐོབ་ནས་ལྗང་མདོག་སྐྱེ་ལྡན་ངང“མཚོ་སྔོན་རྟགས་ཅན”གྱི་ཞིང་འབྲོག་ཐོན་ཟོག་གི་མིང་བྱང་དུ་གྱུར་ཡོད་པ་རེད།

ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱིས་སྣོད་བཅུད་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་མཁོ་འདོན་བྱེད་པ་དང་།རི་ཆུའི་མཛེས་ལྗོངས་སམ་ཡང་ན་གྲོང་གསེབ་ཀྱི་མེ་ཏོག་དང་མེ་ཏོག་གང་ཡིན་རུང་སྲུང་སྐྱོང་དང་འཕེལ་རྒྱས་དེ་གྲོང་གསེབ་དར་རྒྱས་དང་དམ་པོར་སྦྲེལ་ཡོད།མཚོ་སྔོན་གྱིས“ལྟེ་བ་གཅིག་དང་རྒྱུད་གཅིག་མང་བའི”སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མཚོ་སྔོན་པོ་དང་།“ནམ་མཁའི་མེ་ལོང”ཚྭ་ཁ།རྣམ་པར་བཀྲ་བའི་ཧྥེ་གཡུ་མཚེའུ།མདོ་ལ་རིང་མོའི་གཤམ་གྱི་འབྲོག་ར་ཡག་པོ།མོན་ཡོན་མེ་ཏོག་གི་རྒྱ་མཚོ་སོགས་སྐད་གྲགས་ཆོད་པས་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་རི་རྫོང་གི་ཆུ་ཁུངས་སྤུས་རྟགས་སྔར་བས་གྲགས་བཞིན་ཡོད།

སྣོད་བཅུད་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཐོན་ལས་ཀྱི་“ལྗང་མདོག”ནས“གསར་པར”ཕྱོགས་སུ་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་གསོན་ཤུགས་བཏོད་ཡོད།མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོས་ནས་འབད་འབུངས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།