མཚོ་སྔོན་གྱིས་སྣོད་བཅུད་གསར་གཏོད་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངར་ཤུགས་འཕེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དབྱར་དུས་ཀྱི་མཚོ་སྔོན་པོའི་ནམ་མཁའ་སྔོ་ཞིང་དྭངས་པ་དང་ཕྱོགས་བཞི་རི་བོས་བསྐོར་ནས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་།ལོ་རྒྱུས་ཀྱི་ཉམས་འགྱུར།སྣོད་བཅུད་ཀྱི་རིན་ཐང་བཅས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་གི་ཡོད།

ཡུན་རིང་མ་སོང་གོང་།མཚོ་སྔོན་པོར་སྐྱོད་པའི་ཡུལ་སྐོར་འཁྲབ་སྟོན་གྱི་འཁྲབ་ཚན་ཆེ་གྲས《རྨི་ལམ་ནང་མཚོ་སྔོན་པོར་ལོག་པ》ཞེས་པ་དེ་མཚོ་སྔོན་པོའི་ཨར་ལང་ཅན་མཛེས་ལྗོངས་ཁུལ་དུ་ཡོངས་བསྒྲགས་ཐོག་འཁྲབ་སྟོན་ཐེངས་དང་པོ་བྱས་པ་རེད།འཁྲབ་སྟོན་དེ“ཡུལ་སྐོརདང་འཁྲབ་སྟོན་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཡུལ་སྐོར་འཁྲབ་སྟོན་བྱས་ཏེ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་འགྲུལ་པ་མང་དུ་ཏན་ཏིག་བཏང་ཡོད།

“ད་ཐེངས་མཚོ་སྔོན་དུ་རྩེད་མོ་རྩེ་བར་ཡོང་ན་ཧ་ཅང་སྐྱིད་པོ་འདུགཡུལ་ལྗོངས་ཧ་ཅང་མཛེས་ལ་གཏམ་རྒྱུད་ཀྱང་ཧ་ཅང་མང་པོ་ཡོད།ཞབས་ཞུ་དྲོ་སྐྱིད་ལྡན་པ་དང་ཉམས་ལེན་གྱི་ཚོར་སྣང་ཧ་ཅང་ཡག་པོ་ཡོད།སླད་ཕྱིན་ད་དུང་གྲོགས་པོ་དང་མཉམ་དུ་སྤྲོ་གསེང་གཏོང་བར་ཡོང་བའི་གོ་སྐབས་ཡོད”ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཡུལ་སྐོར་བ་ཁུལ་ཅིང་ཧན་གྱིས་བསྔགས་བརྗོད་ཚད་མེད་བྱས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྔོན་ལ་བརྟན་སྲུང་བྱེད་པ་དང་།སྣོད་བཅུད་ཡུལ་སྐོར་དང་མཛེས་ལྗོངས་ཁུལ་གསར་སྤེལ་དང་ཞི་མཐུན་གཅིག་གྱུར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་དང་དོ་སྙོམས་ཡོང་བ།མཛེས་ལྗོངས་ཁུལ་གྱི“སྣོད་བཅུད་ཡུལ་སྐོར་དང་འགྲིམ་འགྲུལ་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ།“འཇའ་ཚོན་ལམ”དང་།མཐོངས་ཡངས་འཁྲབ་སྟོན་ཐང་ཆེན་སྒྱུར་བཀོད་བྱས་ནས་དམངས་སྲོལ་འཁྲབ་སྟོན་ལེ་ཚན་བཏོན་པ་སོགས་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པ་བཏོན་ནས་སྣ་མང་རང་བཞིན་དང་།    སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རང་བཞིན།    སྣོད་བཅུད་རང་བཞིན་བཅས་ཀྱི་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་འདོན་དགོས།

2023ལོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་322.74ལ་སྣེ་ལེན་ཞུས་པ་དེ་2019ལོའི་དུས་མཚུངས་ལས་38%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།འདི་ལོའི་ཟླ་7ཚེས་9ཉིན་བར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

གྲུབ་འབྲས་དེ་དག་ཐོབ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་དུས་དང་བསྟུན་ནས་སྒྱུར་བཅོས་ཀྱི་རྩ་བའི་དགོངས་གཞི་སྟངས་འཛིན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་སྲུང་སྐྱོང་ནན་པོ་བྱེད་པའི་ཁྲོད་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ཕྱོགས་སུ་བསྒྱུར་ནས“ལྷོད་འཇགས”ཀྱི་སྣོད་བཅུད་ཐོན་ཁུངས་དེར“སྒུལ་ནུས”ཀྱི་རིན་ཐང་སྤྲད་པ་རེད།

དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་།ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱེད་པ།གཅིག་གྱུར་གྱིས་འཆར་འགོད་དང་།ཚད་གཞི་གཅིག་གྱུར།གཅིག་གྱུར་གྱིས་གཉེར་སྐྱོང་བཅས་བྱེད་དགོས།རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱེད་པ།རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གཏོད་པའི་བླང་བྱ་གཞིར་བཟུང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ཚད་ལྡན་ཅན་གྱི་ཚོད་ལྟ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད།

རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་གཏོད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་དང་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་ཞིག་རེད།

མཚོ་སྔོན་གྱིས་ལྗང་མདོག་སྣོད་བཅུད་ནས་འགོ་བཙུགས་ཏེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་པ་དང་།“ལྟེ་བ་གཅིག་དང་སྐོར་གཅིག་རྒྱུད་མང་”གི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དམིགས་ནས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།མཚོ་སྔོན་པོའི་སྣོད་བཅུད་ཡུལ་སྐོར་གྱི་རྩེར་སོན་སྐོར་ལམ་གཏོད་པ།མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཁུལ་མང་པོ་ལེགས་སུ་བཏོན་ནས“ལྟེ་བ་གཅིག་གིས་སྣེ་ཁྲིད་དང་།    ལྷུ་ཚིགས་གཅིག་གིས་དཔེ་སྟོན་བྱེད་པ།    ཁུལ་མང་པོ་སྦྲེལ་མཐུད་བྱེད་པ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་པ་བྱེད་དགོས།    

དམིགས་ཚད་ལ་དམ་པོར་དམིགས་ནས་མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོས་པ་དང་ཆབས་ཅིག་ཕན་འབྲས་ངེས་ཅན་ཞིག་ཀྱང་ཐོབ་ཡོད།

ད་ཆ་མཚོ་སྔོན་གྱིས་ཟི་ལིང་གྲོང་ཁྱེར་དེ་ཉིང་རྡུལ་གྱི“སྙིང་སྙིང”དུ་བྱ་རྒྱུའི་གཏན་འཁེལ་རགས་ཙམ་བྱས་པ་དང་།མཚོ་སྔོན་པོ་ལྟེ་བར་བྱས་ནས་མཚོ་སྔོན་གྱི་མི་སེར་དང་།མོན་ཡོན།ཝུའུ་ལན་སོགས་མཚོ་སྐོར་རྫོང་དང་ཆུས་15ཡི་ཡུལ་སྐོར་མཛེས་ལྗོངས་ཁུལ་57གྱི་མཚོ་སྐོར་སྣོད་བཅུད་ཡུལ་སྐོར་ཁུལ་ཆེ་གྲས་འཆར་འགོད་དང་སྦྲེལ་མཐུད་བྱས་ཡོད།

མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་སྐོར་ལམ་ཆེན་པོ་ཞིབ་ཚགས་ངང་བཏོད་དེ་མཚོ་སྔོན་དང་།མཚོ་སྔོན།ཤིན་ཅང་སོགས་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ལམ་ཐིག་ལེགས་སྒྱུར་དང་རིམ་སྤོར་བྱེད་དགོས་པ།Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་38གསར་དུ་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་ཞིང་ཆེན་རིམ་པའི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་9གསར་དུ་བསྣན་ཡོད།“མཁའ་དབྱིངས་ཀྱི་མདོ་ལ”དང“རྨ་ཆུ་དང་ཙོང་ཆུའི་དམངས་སྲོལ་རིག་གནས”སོགས་ལམ་ཐིག་11རིག་གནས་དང་ཡུལ་སྐོར་པུའི“གྲོང་གསེབ་ཀྱི་དུས་བཞིའི་མཛེས་ལྗོངས་ཡག་པོ”ཞེས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་11ནང་ཚུད་ཡོད་པ་རེད།དེ་དང་ཆབས་ཅིག“མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་གྲངས་གཞི་ཆེན་པོའི་ལས་སྟེགས”ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱིས་གཅིག་གྱུར་གྱི“རིག་ནུས་ཡུལ་སྐོར་མཚོ་སྔོན་དུ་ཡུལ་སྐོར”བྱེད་པའི་ཡུལ་སྐོར་བའི་ཞབས་ཞུ་རིག་ནུས་ཅན་གྱི་བེད་སྤྱོད་དང་།རིག་ནུས་ཡུལ་སྐོར་ཞབས་ཞུའི་རྣམ་པ་གསར་པ་བཏོད་དེ་ཡུལ་སྐོར་བར་ཆེད་ལས་ཅན་གྱི་རིག་གནས་ཡུལ་སྐོར་གྱི་ཆ་འཕྲིན་དང་རང་གཤིས་ཅན་གྱི་ཐོན་རྫས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག‘དམིགས་ས་བདུན’བཏོན་པ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཆེན་པོ་མཁོ་འདོན་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཁྲང་ཧུང་ཨན་གྱིས་བཤད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད།མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།《ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ཡུལ་སྐོར་ལས་རིགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ནས་མཚོ་སྔོན་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ་དང་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ་མཐའ་འཁྱོངས་བྱས་ཏེ“ལྟེ་གཅིག་དང་ལྷུ་ཚིགས་གཅིག་དང་རྒྱུད་མང་པོའི”སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཡུལ་སྐོར་གྱི་ལས་རིགས་རྣམ་པ་གསར་པ་སྐྱེད་སྲིང་བྱས་ཏེ་སྣོད་བཅུད་ཡུལ་སྐོར་ལས་རིགས་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་རྒྱུ་ཡིན་པ་སྔར་བས་ཁ་གསལ་བཟོས་ཡོད།    

མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱས་ནས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་དང་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་གཅིག་བཏོད་དེ་སྣོད་བཅུད་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་དང་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གཏོད་རྒྱུ་རེད།འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་།འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ།འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་དང་གསོན་ཤུགས་སྔར་བས་འཕེལ་བ་བཅས་བྱས་ཏེ“རི་རྫོང་གི་ཆུ་འགོ་མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་སྐོང་ཐུབ་པ་བྱེད་དགོས།

འདི་ལོ“4321”ལོ་འཁོར་གྱི་ཚད་འབེབས་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་པ་སྟེ།ཡུལ་སྐོར་གྱི་མ་འཇོག་བསྡོམས་འབོར་དུས་མཚུངས་ལས་40%འཕར་བ་དང་།ཡུལ་སྐོར་གྱི་མི་ཐེངས་བསྡོམས་འབོར་དུས་མཚུངས་ལས་30%འཕར་བ།ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུས་མཚུངས་ལས་20%འཕར་བ།ཡུལ་སྐོར་ཁྲལ་འབབ་དུས་མཚུངས་ལས་10%འཕར་བ་བཅས་རེད།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཡུལ་སྐོར་ལས་རིགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་།དམངས་འཚོའི་ཐོན་ལས།བདེ་སྐྱིད་ཐོན་ལས་བཅས་སུ་མགྱོགས་མྱུར་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་ཞིག་ཏུ་བསྐྲུན་དགོས།

མཚོ་སྔོན་གྱིས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ།གྲོང་ཁྱེར་གྱི་ཡུལ་སྐོར་ཁྱད་ལྡན་སྤུས་རྟགས་གཏོད་པ།“ཡུལ་སྐོར+ལུས་རྩལ”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སྣོད་བཅུད་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་གཏོང་བ།གྲོང་གསེབ་ཀྱི་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ།ཡུལ་སྐོར་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་།    བེད་མེད་དུ་བཞག་པའི་ཡུལ་སྐོར་རྣམ་གྲངས་འཁྲུག་ཏུ་གཏོང་བ།    འཛད་སྤྱོད་དམངས་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་ལེགས་སུ་གཏོང་བ།    བློ་གྲོས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    ཡུལ་སྐོར་འགྲིམ་འགྲུལ་ཞབས་ཞུ་འཐུས་ཚང་དུ་གཏོང་བ།    མཚན་མོའི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ།    ས་ཁོངས་མཉམ་ལས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།    

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།