[དེང་རབས་ཅན་གྱི་སྒྱུར་བཅོས་སླར་ཡང་གཏིང་ཟབ་ཏུ་གཏོང་བ།]རྒྱལ་ཁབ་སྤྱི་གླིང་ནི་ང་ཚོའི་ཁྱིམ་གཞིས་དང་ཕུགས་འདུན་བཅས་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

“དེ་རིང་ཆར་པ་བབས་ཀྱི་རེད།དེ་འདྲ་མ་བྱས་ཚེ་རི་ཁུལ་དུ་སྐོར་སྲུང་བྱེད་ཀྱི་ཡོད”ཅེས་ཟླ་7ཚེས་29ཉིན་གྱི་སྔ་དྲོ་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཧོར་གྲོང་ཤུར་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྤྱི་ཚོགས་(གཅིག་ལྕོགས་)དོ་དམ་སྲུང་སྐྱོང་པ་ཝང་གོ་ཀྲུང་གིས་གསར་འགོད་པར་བཤད།

སྐད་ཆ་བཤད་ཞོར་དུ་ཝང་གོ་ཀྲུང་གི་སེམས་རི་ཁུལ་དུ་འཕུར་སོང་།ཁོང་གི་ལག་ཏུ་ཞིང་ལས་བྱེད་བཞིན་ཡོད་ཀྱང་།རི་བོའི་ནང་དུ་རི་སྐྱེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་ཡོད་མེད་དང་ལས་འཛོལ་ཅི་ཞིག་བྱུང་ཡོད་མེད་མི་ཤེས།འགྲོ་འདོད་པའི་མཇུག་འབྲས་ནི་ཁོང་གིས་ཕྱི་དྲོར་གནམ་དྭངས་ཚེ་སྐོར་ཞིབ་ཁུལ་དུ་སྐོར་བ་ཞིག་རྒྱག་ཏུ་འགྲོ་རྒྱུ་དང་ཞོར་དུ་པར་ཞིག་རྒྱག་རྩིས་ཡོད།

ཐེན་ཀུང་གིས་མཛེས་སྡུག་ལྡན་པར་གྱུར།ཉིན་དེའི་ཕྱི་དྲོར་གནམ་དྭངས་པའི་ཉི་མ་ཤར་རྗེས་ཝང་གོ་ཀྲུང་གིས་པར་ཆས་ཁུར་ནས་རོགས་པ་ཆི་ཨུ་ལི་དང་མཉམ་དུ་ནགས་ཁུལ་དུ་བསྐྱོད།

སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་ལས་འགན་གཅིག་ལྕོགས་འཁུར་བའི་ལས་གནས་ཐོག་ཝང་གོ་ཀྲུང་གིས་ལོ་7ལས་ཀ་བྱས་ཡོད།མ་གཞིར་ཝང་གོ་ཀྲུང་གིས་དཀའ་ལས་དེ་འདྲ་མྱངས་མི་དགོས།ལོ་44ལ་སླེབས་པའི་ཁོང་ནི་མཚོ་སྔོན་ཞིང་ཆེན་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་འབྲུག་ཕྱི་ཤང་འབྲུག་དགོན་གྲོང་ཚོའི་སྨན་པ་ཞིག་ཡིན་པ་དང་།ཞིང་ལས་བྲེལ་བ་ཆེ་བའི་སྐབས་སུ་ཞིང་ལས་ལ་བྲེལ་བ་ཆེན་པོ་ཡོད་པ་དང་།ཞིང་དལ་དུས་ནད་གཞི་ལྟ་བའི་འཇོན་ཐང་སྔར་བས་སློབ་སྦྱོང་བྱས་ནས་གྲོང་ཚོའི་ནང་གི་མི་ལྔ་བརྒྱ་ལྷག་ཙམ་གྱི་མགོ་ན་བ་དང་ཀླད་ཚ་རྒྱས་པ་སོགས་ནད་ཆུང་སྨན་བཅོས་ཡག་པོ་བྱས་པས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

འགྱུར་ལྡོག་ནི་བསྒྱུར་བཅོས་བྱས་པ་ལས་བྱུང་བ་རེད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་སྣོད་བཅུད་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་རྒྱུན་མཐུད་ངང་ལག་བསྟར་བྱས་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་མཛེས་སྡུག་ལྡན་པའི་ཕྱེ་ལེབ་འགྱུར་ལྡོག་བྱུང་བ་རེད།དམངས་ཡོངས་ཞུགས་པའི་རྣམ་པ་ཆགས་པ་ལས་སྣོད་བཅུད་ཀྱི་ཕན་པ་ཐོབ་པ་དང་ཞིང་འབྲོག་པ་མང་པོ་ཞིག་ཝང་གོ་ཀྲུང་དང་འདྲ་བར་སྣོད་བཅུད་བདག་སྐྱོང་བར་གྱུར་ཡོད།

ཝང་གོ་ཀྲུང་གིས་འགན་འཁུར་བའི་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ཆིང་བརྒྱ་ལྷག་ཙམ་ཡོད།སྐོར་སྲུང་བྱེད་བདེ་བའི་ཆེད་དུ་ཁོང་གིས་ས་ཁོངས་དེ་ཁྱོན་ཆེན་པོ་དྲུག་ཏུ་བགོས་པ་དང་།ཐེངས་རེར་ཆུ་ཚོད་བདུན་བརྒྱད་ཙམ་འགོར་བ་དང་།ཉེ་བའི་ཆུ་ཚོད་གཉིས་གསུམ་ཙམ་འགོར་གྱི་ཡོད།ཧ་ལམ་གཟའ་འཁོར་གཅིག་གི་རིང་ལ་སྐོར་སྲུང་བྱེད་ཐུབ་ཀྱི་ཡོད།

སྐོར་སྲུང་ལས་དོན་སྤེལ་བ་དང་ཆབས་ཅིག་ཝང་གོ་ཀྲུང་ནགས་རིར་འཚོ་བ་སྐྱེལ་བའི་སྲོག་ཆགས་སྣ་ཚོགས་ཀྱིས་སེམས་འགུལ་བཞིན་ཁོང་གིས་ལག་ཐོགས་ཁ་པར་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་རྒྱུན་གཏན་པར་ལེན་བྱས་པ་དང་འབྲེལ་དྲ་ཐོག་ནས་སློབ་སྦྱོང་དང་སློབ་སྦྱོང་འཛིན་གྲྭར་ཞུགས་ནས་པར་རྒྱག་ལག་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

རྗེས་སུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་སྣོད་བཅུད་རིག་གནས་སྒྱུ་རྩལ་གསར་རྩོམ་ལས་དོན་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་རྒྱ་ཆེར་བཏང་བ་དང་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བར་བརྟེན་ཝང་གོ་ཀྲུང་ལའང་ཆེད་ལས་ཀྱི་པར་རྒྱག་ཡོ་བྱད་ཡོད་པ་མ་ཟད།སྣོད་བཅུད་པར་ལེན་གྱི་ལམ་བུར་བསྐྱོད་ཡོད།

རི་སྐོར་བྱེད་རིམ་བཞིན་ཝང་གོ་ཀྲུང་གིས་པར་ཆས་དང་མི་འབྲལ་བར་མེ་ཏོག་གིས་མེ་ཏོག་རྡེབ་པ་དང་།འདབ་ཆགས་ཀྱིས་འདབ་ཆགས་པར་ལེན་པ་མཐོང་སྐབས་ལོ་གཅིག་ལ་པར་སུམ་སྟོང་བཞི་སྟོང་ལེན་ཐུབ་ཀྱི་ཡོད།རིམ་བཞིན་ཁོང་ས་གནས་དེ་གའི་སྐད་གྲགས་ཆོད་པའི་སྣོད་བཅུད་པར་ལེན་པར་གྱུར།བརྩམས་ཆོས་ལ་པར་ལེན་འགྲན་བསྡུར་ནང་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད།ད་དུང་ཚན་པ་དང་སྒྲིག་གཞི་ཁག་གིས་དཔྱད་གཞིའི་ཡིག་རིགས་ཀྱི་པར་རིས་བཟོ་གི་ཡོད།

“སྤྱི་ཚོགས(འགན་གཅིག་ལྕོགས་འཁུར་བ)བདག་སྐྱོང་བའི་ལས་ཀ་དེས་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།རང་ཉིད་ཀྱི་མཐོང་རྒྱ་དང་རྣམ་པ་ལེགས་སུ་ཕྱིན་པ་མ་ཟད།ཕྲུ་གུ་གཉིས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ནས་སློབ་སྦྱོང་ལ་དགའ་བས་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཡག་པོ་ཡོད”ཅེས་ཝང་གོ་ཀྲུང་གིས་དགའ་སྤྲོའི་ངང་བཤད།

མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འབྲོག་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་17211ཡིས་རྩྭ་ཐང་དོ་དམ་སྲུང་སྐྱོང་དང་།སྣོད་བཅུད་ལྟ་ཞིབ་ཚད་ལེན།གནམ་གཤིས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་སྲོག་ཆགས་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱེད་བཞིན་ཡོད།

སྒྱུར་བཅོས་ཀྱི་དཔྱིད་རླུང་བསུས་ཏེ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རང་བྱུང་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་སྔོན་ལ་བཙུགས་ཡོད།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་།ཁུལ།རྫོང་།ཤང་།གྲོང་ཚོ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་སྔོན་ལ་མངོན་འགྱུར་བྱུང་བ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་སྣོད་བཅུད་སྲུང་སྐྱོང་དང་།དྲིལ་བསྒྲགས་སློབ་གསོ།དམངས་འཚོ་འཕེལ་རྒྱས།མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་འདྲེས་ནས“གྲོང་ཚོ་ཨུ་ལྷན་གཉིས+”སྡེ་ཁུལ་མཉམ་སྐྲུན་མཉམ་སྤྱོད་བྱེད་སྟངས་ཐོག་མར་བཏོད་པས།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དུ་ས་མཐོའི་ཐུན་མིན་གྱི“རྩྭ་ཉ་དང་གཅན་གཟན་”མཉམ་སྐྱེས་སྣོད་བཅུད་མ་ལག་ཆགས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གོམ་སྟབས་བརྟན་པོ་སྒོས་སྤོ་དགོས།

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་སྔར་བས་ཁ་གསལ་བཟོས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས‘ཚད་གཞི་མུ་མཐུད་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དམིགས་ཚད་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་མཉམ་འགོག་མཉམ་བཅོས་སོགས་སྒྲིག་སྲོལ་ལམ་སྲོལ་གྱི་ནུས་པ་སྔར་བས་འདོན་སྤེལ་དང་།ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    དྲིལ་བསྒྲགས་སློབ་གསོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ།    སྡེ་ཁུལ་མཐུན་སྦྱོར་ལྗང་མདོག་གོང་འཕེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིའི་ཐད་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་དཔེ་མཚོན་གཏོད་དགོས།    ཅེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད།

བསྒྱུར་བཅོས་སྒོ་འབྱེད་བྱེད་པར་དུས་ཚོད་ལས་མེད་པ་ལས་ལེགས་འགྲུབ་བྱུང་བའི་དུས་ཚོད་མེད།ད་ཆ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་མཛེས་ལྗོངས་ཁུལ་གྱི་མནའ་འབྲེལ་གཏོད་པ་སོགས་ཀྱི་གསར་གཏོད་བྱེད་ཐབས་རྒྱུན་ཆད་མེད་པར་ལག་བསྟར་བྱེད་མགྱོགས་སུ་བཏང་བ་དེ་དག་གིས་གཏོད་བཞིན་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་གཞི་རྒྱུ་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

“མིག་སྔར་ང་ཚོས་མཛེས་ལྗོངས་ཁུལ་གྱི་མནའ་འབྲེལ་ལས་སྒོ་རྒྱ་ཆེར་ཧུར་ཐག་གཏོང་བཞིན་ཡོད་པ་དཔེར་ན།མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཁའ་དབྱིངས་དང་པོ་དང་།ཧོར་གྲོང་ཧོར་རིགས་ཀྱི་ཕ་ཡུལ་གླིང་།ཁམ་པུའུ་ལ་མཛེས་ལྗོངས་ཁུལ།ཨ་སྨི་ཏུང་སོ།མིང་དང་ལི་བདུན་མེ་ཏོག་རྒྱ་མཚོ་སོགས་ཚང་མར་བསམ་གཞིག་བྱེད་བཞིན་ཡོད།ནང་དོན་གཙོ་བོ་ནི་དམིགས་སའི་ཐོན་ཁུངས་ཕྱོགས་དང་།ཆུ་རྐའི་མཛེས་ལྗོངས་ཁུལ་གྱི་ཐོན་རྫས་དང་།ཚོང་གཉེར།སྨྱན་སྦྱོར་ཐོན་ཁུངས་བཅས་བསྡུ་སྒྲིལ་བྱས་ནས་ཡུལ་སྐོར་བྱ་ཡུལ་གྱི་ས་ཁོངས་ཧྲིལ་པོའི་ཚོང་གཉེར་མ་ལག་འཛུགས་རྒྱུ་དམིགས་ཡུལ་ཅེས་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཞུས་ཧྥ་ཁྲེང་གིས་བཤད།

གཙང་གསུམ་ཆུ་འགོ་ནས་མདོ་ལ་རིང་མོའི་འདབས་བར་དང་།དེ་ནས་མཚོ་སྔོན་པོའི་འགྲམ་དུ་རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་མཚོ་སྔོན་སྣོད་བཅུད་ཤེས་དཔལ་གྱི་མཐོ་ཚད་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་སྔོ་ཞིང་དྭངས་པའི་རི་ཆུ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།