[དུས་རབས་གསར་པ། ལམ་བུ་གསར་པ། བྱ་བཞག་གསར་པ། སྤུས་ལེགས་འཕེལ་རྒྱས་ཀྱི་བརྟག་ཞིབ་བྱ་སྤྱོད།]མཚོ་སྔོན་ན་གོར་མོས་ས་མཐོའི་མྱ་ངམ་ཐང་དུ་མཚོ་བལ་གྲོང་ཁྱེར་ཞིག་བསྐྲུན་རྒྱུ་ཡིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཐན་པ་ཆེ་ཞིང་ཆར་ཆུ་ཉུང་བ་དང་ཆུའི་སྣོད་བཅུད་ཚོར་བ་སྐྱེན་པའི་མྱ་ངམ་ཐང་གི་སྔོ་ལྗང་གྲོང་ཁྱེར་ཞིག་ཏུ་ཆར་པ་འབབ་ཚད་90%ས་དེ་གར་གཙང་སེལ་དང་བེད་སྤྱོད་ཐུབ་པ་དེ་ནི་སྲིད་དམ།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་ལ་བརྟེན་ནས་ལན་བཏབ་པ་རེད།

2022ལོའི་ཟླ་ལྔ་པར་ན་གོར་མོ་གྲོང་ཁྱེར་རྒྱལ་ཁབ་ཀྱི་མ་ལག་ཅན་གྱི་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བའི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཁག་གཉིས་པར་བདེ་བླག་ངང་བདམས་པ་རེད།རང་རྒྱལ་གྱི་ས་མཐོའི་ཐན་སྐྱོན་དང་ཆར་པ་ཉུང་བའི་ས་ཁུལ་གྱི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཐོག་མ་ཡིན་པའི་ངོས་ནས་ན་གོར་མོའི་ཆུའི་སྣོད་བཅུད་ཁོར་ཡུག་མ་ལག་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་ཆར་པ་འབབ་ཚད་དཀོན་པ་དང་ས་འོག་གི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་མངོན་གསལ་དོད་པོ་གཉིས་ལྡན་པས་ས་ཁུལ་གཞན་དང་གཏན་ནས་མི་འདྲ་བའི་ཆུའི་སྣོད་བཅུད་ཁོར་ཡུག་མ་ལག་ཅིག་ཆགས་ཡོད་པ་རེད།དེར་བརྟེན་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་རྒྱུན་གཏན་གྱི་མཚོ་བལ་གྲོང་ཁྱེར་གྱི་འདུ་ཤེས་འདྲ་སྤོས་བྱེད་མི་རུང་།

རང་ཉིད་ཀྱི“གཞན་དང་མི་འདྲ་བའི”མདུན་དུ་ན་གོར་མོས་ལོ་གཉིས་ཀྱི་གསར་གཏོད་ལག་ལེན་ལ་བརྟེན་ནས“མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་དོན་གང་ཡིན་ནམ།མཚོ་བལ་གྲོང་ཁྱེར་གང་འདྲ་ཞིག་སྐྲུན་དགོས་སམ།ཇི་ལྟར་འཛུགས་སྐྲུན་བྱེད་དགོས་སམ”ཞེས་ལན་བཏབ་པ་རེད།གནད་དོན་རབ་དང་རིམ་པ།

མཚོ་བོད་ས་མཐོའི་ཐན་སྐྱོན་ས་ཁུལ་གྱི་སྣོད་བཅུད་མཉེན་ཞིང་འཚམ་པའི་མཚོ་བལ་གྲོང་ཁྱེར་གྱི་དཔེ་མཚོན་དཔེ་སྟོན་གཏོད་རྒྱུར་གཞི་ཚུགས་ཏེ་ན་གོར་མོ་ཡིས“མཚོ་བལ་ཆེན་པོའི”འདུ་ཤེས་བཙུགས་ནས་རྣམ་གྲངས་གསར་པ་དང་།བཟོ་བཅོས།རྒྱས་སྐྲུན་བཅས་བྱས་པ་བརྒྱུད་གྲོང་ཁྱེར་གསར་སྤེལ་འཛུགས་སྐྲུན་གྱིས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་ཆར་པ་འབབ་ཚད་90%ས་ཆ་དེ་རང་དུ་གཙང་སེལ་དང་བེད་སྤྱོད་བྱས་ཏེ་ན་གོར་མོ་དེ་ཐན་སྐམ་ས་ཁུལ་གྱི་ཆུ་གྲོན་ཆུང་དང་།ཆུ་གསོག ཆུ་སྲུང་མཉམ་དུ་སྐུལ་འདེད་གཏོང་བའི་དཔེ་སྟོན་དང་།    མཚོ་བོད་ས་མཐོའི་མཚོ་བལ་ལག་རྩལ་དང་སྒྲིག་སྲོལ་གསར་གཏོད་ཀྱི་ཡུལ་ལྗོངས་རྣམ་པའི་འགྲེམས་སྟོན་གྱི་དཔེ་སྟོན་དང་ནུབ་རྒྱུད་ཀྱི་སྣོད་བཅུད་དཔལ་ཡོན་དང་འཚོ་སྡོད་བྱེད་འོས་པའི་གྲོང་ཁྱེར་གྱི་དཔེ་སྟོན་བཅས་རེད།    

ལྟོས་དང་།ས་མཐོའི་སྐམ་ཤས་ཆེ་བའི་ས་ཁུལ་དུ་“ཆུ་འཇིབ་པའི”གྲོང་ཁྱེར་ཞིག་ཡོད་པ་དང་།ཉོན་དང་།གྲོང་ཁྱེར་འདིའི་ཆུ་ཡིས་ཁྱོད་ལ་དལ་མོར་བཤད།

ན་གོར་མོའི་ཆུ་ནུས་སྤེལ་རེས་ཐུབ་པ་བྱས་པ།

ཟླ་6པ་དང་7པའི་ཡོས་ཧྲུའེ་གཙང་པོའི་རི་ཆུའི་རི་མོ་ཞིག་དང་མཚུངས།ཆུ་དྭངས་ཤིང་ལྷུང་ལྷུང་དུ་འབབ་པ་དང་།ངོགས་གཉིས་ཀྱི་ལྗོན་ཤིང་གྲིབ་བསིལ་དུ་གྱུར་པ་དང་།རྐང་ཐང་དུ་སྐྱོད་སའི་ལམ་ཁོད་སྙོམས་ཤིང་གྲལ་འགྲིག་པོ་ཡོད།རླངས་འཁོར་དང་ལམ་འགྲོ་པ་རྣམས་ལམ་ཟམ་ཐོག་ནས་འགྲོ་སྐབས་མིས་རི་མོ་འབྲི་བའི་བར་རྒྱུད་དུ་ཡོད་པ་དང་འདྲ།

ཡོས་ཧྲུའེ་གཙང་པོ་ནི་ན་གོར་མོ་གཙང་བོའི་འབབ་རྒྱུད་ཀྱི་ཆུ་མིག་གཅིག་འདུས་ཀྱི་ཆུ་བོ་ཞིག་ཡིན།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་གནས་སྤོས་ཡུལ་མི་འབོར་ཆེན་ན་གོར་མོ་གྲོང་ཁྱེར་དུ་ཡོང་ནས་སྔར་ཡོད་ཀྱི་ཉ་དང་ཆུ་བོའི་འདམ་ར་བསྐྲུན་ནས་སྡོད་ཁང་བསྐྲུན་པ་དང་མིས་ཆུ་ལམ་བཙན་བཟུང་བྱས་པས་ཆུ་ལམ་ལ་སྦགས་བཙོག་ཚབས་ཆེན་བཟོས་ནས་བཙོག་ཆུ་དྲི་ངན་ཆགས་པ་དང་།སྔར་ཡོད་ཀྱི་སྣོད་བཅུད་འདམ་རར་གཏོར་བཤིག་བཏང་བ།སྣོད་བཅུད་ཁོར་ཡུག་ཞན་དུ་ཕྱིན་པ།ཆུ་རྒྱུད་སྦྲེལ་མཐུད་ལ་འགོག་རྐྱེན་བཟོས་པ་བཅས་རེད།

ན་གོར་མོ་གྲོང་ཁྱེར་གྱི་ཡོས་ཧྲུའེ་གཙང་པོའི་སྣོད་བཅུད་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་དེ་སྟོད་རྒྱུད་དུམ་བུའི་ལིའུ་ཙི་མཚེའུ་ཡི་སར་གསར་དུ་བསྐྲུན་པའི་ཆུ་ཁས་ན་གོར་མོའི་གཙང་པོ་རྣམ་གྲངས་དེའི་གསར་དུ་བསྐྲུན་པའི་ཐབས་ལམ་དང་དེ་སྔའི་མ་ཡུར་ཤར་མའི་ཆུ་ཡུར་གཅིག་ནང་འདྲེན་བྱས་པ་དང་ན་གོར་མོ་གྲོང་ཁྱེར་བྱིས་པའི་སྤྱི་གླིང་ནང་གི་ཁུན་ཧྲན་མཚེའུ་བརྒྱུད་དེ་བྱིས་པའི་སྤྱི་གླིང་གི་བྱང་སྒོ་བརྒྱུད་དེ་ཅིན་ཧྥེང་ལམ་བརྒྱུད་ཡོས་ཧྲུའེ་གཙང་པོར་འཛུལ་ནས་ད་ཆའི་ཆུ་ངོས་5གྲུབ་མཐར་“ན་གོར་མོའི་མཁལ་མའི”སྨད་རྒྱུད་འདམ་རར་འདྲེས་ཡོད་པ་རེད།དེར་བརྟེན་ཉ་ཆུའི་ཆུ་ཁོངས་སུ་གཙང་པོ་དང་མཚེའུ་སྦྲེལ་མཐུད་དང་།ཆུ་རྒྱུད་སྦྲེལ་མཐུད།འདམ་ར་སླར་གསོ།ཆུའི་ཁོར་ཡུག་སླར་གསོ་བཅས་མངོན་འགྱུར་བྱུང་ནས་ནུས་པ་ཆ་ཚང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་གྲོང་ཁྱེར་གྱི་སྣོད་བཅུད་བར་ཁྱམས་ཤིག་ཏུ་གྱུར་ཡོད་པ་རེད།

ཉ་ཆུར་རྒྱང་ལྟ་བྱེད་སྐབས་ན་གོར་མོ་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་མི་སྣ་ཧན་ཧྥང་གིས།“ན་གོར་མོ་གྲོང་ཁྱེར་གྱི་ཡོས་ཧྲུའེ་གཙང་པོའི་སྣོད་བཅུད་བཅོས་སྐྱོང་དང་སྔོ་ལྗང་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཀེར་མུའུ་གཙང་པོ་དང་ཡུས་ཧྲུའེ་གཙང་པོའི་ས་ངོས་ཆུ་རྒྱུད་རང་བྱུང་སྦྲེལ་མཐུད་སླར་གསོ་ཐུབ་པ་དང་།ཆུ་ལམ་གྱི་རང་ངོས་ཉམས་གསོའི་ནུས་པ་དང་རང་ངོས་གཙང་སེལ་ནུས་པ་ཆེ་རུ་

ན་གོར་མོ་གྲོང་ཁྱེར་ནི་སྐམ་ས་ཆེ་མོའི་ས་མཐོའི་གནམ་གཤིས་སུ་གཏོགས་པ་དང་ཆར་པ་འབབ་ཚད་ཉུང་བ་མ་ཟད།དུས་དང་དུས་ཀྱི་ཁྱབ་ཚུལ་དོ་སྙོམས་མེད་པས་ཟླ་7པ་དང་8པར་ཆར་པ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་70%ཡན་བཟུང་བ་དང་ཀེར་མོ་གཙང་པོའི་སྐད་ཅིག་ཙམ་གྱི་རྒྱུག་ཚད་ཆེ་ཤོས་ལོ་མང་གི་ཆ་སྙོམས་རྒྱུག་ཚད་ཀྱི་ལྡབ་20ཟིན་གྱི་ཡོད།གྲོང་ཁུལ་ནི་ན་གོར་མོའི་གཙང་པོའི་ཆུ་ལོག་རླུང་གཡབ་ལས་གྲུབ་པའི་སྔོ་ལྗང་ཁུལ་དུ་གནས་པ་དང་།ཁུ་ནུ་རི་དང་ཚྭ་འདམ་གཤོངས་སའི་སྣོད་བཅུད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་ཞིང་།ས་དབྱིབས་དང་ས་དབྱིབས་དེ་རི་མཐོ་ནས་ཐང་རྒོད་དུ་གྱུར་པའི་རྩྭ་ཐང་སྟེ་ཚྭ་དང་འདམ་རྫབ—མཚེའུ་བར་བརྒལ་བྱེད་པའི་སྔོ་ལྗང་ཁུལ་གལ་ཆེན་ཞིག་ཡིན་ལ།ཁུ་ནུ་རི་བོའི་ཆུའི་ཐོན་ཁུངས་ས་ངོས་ཀྱི་གཙང་པོ་དང་ས་འོག་གི་བྲག་རྡོའི་ཁུང་བུ་བརྒྱུད་དེ་ཚྭ་མཚོའི་ཕྱོགས་སུ་སྐྱོད་པའི་ཆུ་རྒལ་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད།ད་ལྟའི་གནས་ཚུལ་དེ་ལྟ་བུར་དམིགས་ནས་ན་གོར་མོ་གྲོང་ཁྱེར་གྱིས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་།འབབ་རྒྱུད་ཀྱི་ས་ཁོངས་ལ་དམིགས་པ་དང་།ས་ཁོངས་ཡོངས་ཀྱིས་གྲོང་ཁྱེར་གྱི་སྣོད་བཅུད་རྩ་བར་དབྱེ་ཞིབ་བྱེད་པ།རི་ཆུའི་གྲོང་ཁྱེར་གྱི་འབྲེལ་བ་བཟང་པོ་འཛུགས་རྒྱུར་གཞི་ཚུགས་པ།“འགྱིག་སོབ་ཆེན་པོའི”ཐ་སྙད་འཛུགས་པ།“འགྱིག་སོབ་ཆེན་པོའི”སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་འཛུགས་སྐྱོང་བཅས་བྱས་ཏེ་ཆུ་རོང་གྲོང་གི་རྒྱུག་ཁུལ་གྱི་སྣོད་བཅུད་རྣམ་པ་ཞིག་གཏོད་རྒྱུ་རེད།

“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་བསྐྲུན་པ་དང་།རི་ཆུ་གྲོང་ཁྱེར་དུ་འགྱུར་བ”མཐའ་འཁྱོངས་བྱས་ཏེ“རི་ཆུ་གྲོང་ཁྱེར་དུ་འགྱུར་བ”འཛུགས་སྐྲུན་གྱི་འདུ་ཤེས་སུ་བྱས་ནས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་རྩ་གནད་བསྐྲུན་པ་དང་།“ཆུ་དྲ་མཉམ་འདྲེས་དང་སྔོ་ལྗང་ཕན་འབྲས་ཆེ་རུ་གཏོང་བ”དེ་འཛུགས་སྐྲུན་གྱི་ཁ་ཕྱོགས་གཙོ་བོར་བྱས་ཏེ“དཔལ་འབྱོར་ལེགས་བསྡུས་ཞིབ་གཉེར་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ”འགན་ལེན་དང་དམིགས་ཚད་དུ་བྱས་ནས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་འཛུགས་སྐྲུན། “ཆུ་གང་ནས་ཡོང་བ་དང་།    ཆུ་བེད་སྤྱོད་ཇི་ལྟར་བྱེད་པ།    ཆུ་གང་དུ་འགྲོ་བ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གོར་མོའི་སྣོད་བཅུད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་།    གོར་མོའི་སྣོད་བཅུད་ལས་གྲྭ་ཡག་པོ་བསྒྲུབ་པ།    གོར་མོའི་སྣོད་བཅུད་ལེགས་སུ་གཏོང་བའི་སྤྱིའི་བཀོད་པ་ཆགས་པ་བཅས་བྱས་ནས་གྲོང་ཁྱེར་གྱི“རྨང་གཞི”སྔར་བས་བརྟན་པོ་དང་།    “སྤུས་ཚད”སྔར་བས་ལེགས་པ།    “ལྗང་གུ”སྔར་བས་མང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།    

མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དུའང་ཤེས་རྟོགས་ཐུབ་པ་མ་ཟད།ཁོང་ཚོས་ཆུ་གྲོང་ཁྱེར་དུ་འཁོར་རྒྱུག་བྱེད་དུ་བཅུག་པ་མ་ཟད།གྲོང་ཁྱེར་གྱི་འཚོ་བའི་ཁྲོད་གྲོང་ཁྱེར་གྱི་རྣམ་པ་དེ་བས་ཀྱང་ལྡན་ཡོད།མཚོ་བལ་གྲོང་ཁྱེར་གྱིས་ཆུ་རྒྱུད་ཀྱི་ཆུའི་དྲ་བའི་ཐོག་ན་གོར་མོའི་ཆུའི་རིག་གནས་ཀྱི་ནང་དོན་སླར་ཡང་མངོན་པ་དང་ན་གོར་མོ་རྒྱུན་མཐུད་དང་བསྐྱར་དར་ཐེག་ཐུབ་པ་བྱས་ཏེ་ན་གོར་མོའི་ས་ཁོངས་ནང“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་”མ་ལག་བཅོས་སྐྱོང་དང་།ཕྱོགས་བསྡུས་བཅོས་སྐྱོང་།འབྱུང་རྩ་བཅོས་སྐྱོང་བཅས་ལ་སྣེ་ཁྲིད་དེ་བས་ལེགས་པ་བྱས་ཏེ་ཆུ་ལྟེ་བར་བྱེད་པའི་སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་སྲུང་སྐྱོང་བྱེད་དགོས།

སྔོ་ལྗང་མཉམ་འདྲེས།

ན་གོར་མོའི་གྲོང་ཁྱེར་དུ་དབུགས་རྔུབ་གཏོང་ཐུབ་པ།

ན་གོར་མོ་གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་ཅིན་ཧྥེང་ལམ་དང་ཡན་ཆའོ་ལམ་གྱི་སྣོལ་མཚམས་སུ་གནས་པའི་ཝང་ལིའུ་ཀྲོང་གི་སྤྲོ་གསེང་གླིང་དུ་འགྱིག་སོབ་ཀྱི་སློབ་ཁང་ཞིག་ཡོད་པ་དང་།དེ་གའི་མཛེས་ལྗོངས་སྒྲིག་བཀོད་ཐོག་ནས་མཚོ་བལ་གྲོང་ཁྱེར་ཞེས་པ་དང་མཚོ་བལ་གྲོང་ཁྱེར་ཇི་ལྟར་བསྐྲུན་རྒྱུ་སོགས་ངོ་སྤྲོད་བྱས་ཡོད།སྤྱི་ཆིང་གཅིག་ཀྱང་མ་ཟིན་པའི་རྒྱ་ཁྱོན་ནང་ས་གདན་ལྟར་སྔོ་ལྗང་དུ་གྱུར་ཡོད།མཐོ་ཞིང་ཆེ་བའི་ཆའོ་མུའུ་ཡིས་འགྲམ་གྱི་དམག་དཔོན་ཐོག་ཁང་དང་མཉམ་དུ་གྲོང་ཁྱེར་དེའི་འཕོ་འགྱུར་བདེན་དཔང་བྱེད་ཀྱི་ཡོད་པ་དང་གྲོང་མིའི་ལུས་སྦྱོང་སྒྲིག་བཀོད་དང་བྱིས་པའི་རོལ་རྩེད་སྒྲིག་བཀོད་ཚང་མ་ཡོད་པ་རེད།

དམིགས་ཡུལ་གྱི་ལྗང་མདོག་ལ་མཐོང་ཆུང་མ་བྱེད།དེའི་ནང་གི་ཞིབ་ཕྲའི་གནས་ཚུལ་ཚང་མ་ལྐོག་གྱུར་གྱི་གནས་སུ་གྱར་ཡོད།རྐང་ཐང་ལམ་དུ་ཆུ་སིམ་ནས་བཏིང་བ་བརྒྱུད་ཆར་ཆུ་སིམ་འཛུལ་དང་ས་ངོས་ཀྱི་ཐལ་རྡུལ་བསྡུ་ལེན་བྱེད་ཐུབ་པ་དང་དབྱར་ཁར་རྒྱུན་གཏན་གྱི་ལམ་ངོས་ལས་བསིལ་ཞིང་བསིལ་བས་གྲོང་ཁྱེར་གྱི་ཚ་འདྲེན་ཞི་ལྷོད་དུ་གཏོང་ཐུབ།སྔོ་ལྗང་གི་རྩྭ་ཐང་ལས་ལི་སྨི་20ཡིས་དམའ་བ་ཡོད་པ་དང་།གསོག་འཇོག་དང་འོག་ཏུ་རང་ངོས་དང་མཐའ་འཁོར་གྱི་ཆར་ཆུ་བཞུར་ཚད་ལ་བརྟེན་ནས་རྒྱུག་གི་ཡོད།སྔོ་ཁེབས་ཀྱིས་ཁེབས་པའི་འོག་གི་ས་ངོས་སུ་ཅུང་མཐོ་ཞིང་དམའ་བའི་འགྱུར་ལྡོག་མཐོང་རྒྱུ་ཡོད་པ་དང་།ས་ཆ་ཁ་ཤས་སུ་ད་དུང་ཡུར་བུ་རབ་རིབ་མཐོང་རྒྱུ་ཡོད།སྔོ་ཁེབས་ཡོད་པའི་ས་ངོས་ཀྱི་ཡུར་བུ་དེར་རྩྭ་འདེབས་ལུང་ཤུར་ཞེས་བརྗོད་ཀྱི་ཡོད།ཆར་ཆུ་བསྡུ་རུབ་དང་།སྐྱེལ་འདྲེན།ཕྱིར་འབུད་བཅས་བྱེད་ཆོག་པ་དང་ཆར་ཆུ་གཙང་བཟོའི་ནུས་པ་ངེས་ཅན་ལྡན་ཡོད།ལིའུ་ཀྲོང་གི་སྤྲོ་གསེང་གླིང་ནི་ན་གོར་མོ་གྲོང་ཁྱེར་གྱིས་བསྐྲུན་པའི་མཚོ་སོབ་རྣམ་པའི་སྤྱི་གླིང་ཁག་དང་པོ་དེ་ཡིན་པ་དང་།ལྗང་མདོག་སྣོད་བཅུད་སྒྲིག་བཀོད་སྤྱད་དེ་ཆར་ཆུ་ཚོད་འཛིན་བྱེད་ཐུབ།

“གྲོང་ཁྱེར་གྱི་ས་སྟོང་ལ་བརྟེན་ནས་ཁབ་བརྒྱབ་སྟེ་མཚོ་སོབ་རྣམ་པའི་ཁུག་མའི་སྤྱི་གླིང་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་སྐྱེད་ཚལ་གྱི་མཛེས་ལྗོངས་བསྐྲུན་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད།ཆར་ཆུ་དང་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཆུ་སིམ་པའི་ས་ངོས་རྒྱ་ཁྱོན་གྱི་བསྡུར་ཚད་མང་དུ་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་ཐུབ”སི་སི་སི་རུ་སྐྱེས་པའི་ཧན་ཧྥང་གིས་བཤད།

སྤྱི་གླིང་ནང་གི་སྒྲིག་བཀོད་མང་པོ་ཞིག་ང་ཚོས་ན་གོར་མོའི་འགྲོ་ལམ་ཐོག་མཐོང་ཐུབ།བཅར་འདྲི་བྱེད་པའི་ཉིན་དེར་གྲོང་ཁྱེར་ཁུལ་གསར་དུ་གནས་པའི་དབྱར་དུས་ཀྱི་ཧ་མུའུ་ལམ་དུ་འཆམ་འཆམ་དུ་འགྲོ་བ་དང་ཧན་ཧྥང་གིས་ཚོགས་འདུ་འཚོག་སྐབས་གོམ་སྟབས་ཡང་ཡང་མཚམས་བཞག་ནས་ང་ཚོར་རྩྭ་འདེབས་ལུང་ཤུར་དང་ཆུ་སིམ་པའི་ལམ་ངོས་སོགས་འགྲེམས་སྟོན་བྱས་ཡོད།ཧན་ཧྥང་གི་གོམ་སྟབས་དེ་ཡུས་ཧྥུང་གླིང་ཁུལ་ཆུང་གི་ལྷོ་ངོས་ཀྱི་སྔོ་ལྗང་འགྲམ་དུ་བཞག་པ་དང་ཁོང་གིས་མར་བསྡད་དེ་ལམ་འགྲམ་གྱི་རྡོ་སྟོང་ཞིག་ལ་ཁ་ཕྱོགས་ནས“ང་ཚོས་ལམ་གྱི་རྡོའི་ཐོག་ནོར་འཁྲུལ་གྱི་ཁུང་བུ་འབྱེད་པའི་བྱེད་ཐབས་སྤྱད་དེ་ལམ་ངོས་ཀྱི་ཆར་ཆུ་མཐའ་འཁོར་གྱི་སྔོ་ལྗང་དུ་གཏོང་ཐུབ་པའི་འགན་ལེན་བྱེད་ཐུབ”ཅེས་ང་ཚོར་འགྲེལ་བཤད་བརྒྱབ་པ་རེད།

དེ་ནི“ལྗང་མདོག་སྒྲིག་བཀོད”དང“སྐྱ་མདོག་སྒྲིག་བཀོད”ཀྱི་མཉམ་ལས་ཡག་པོ་ཞིག་ཡིན་ལ།ཆུ་དང་།གླིང་།གྲོང་ཁྱེར་བཅས་ཀྱིས་ཐུན་མོང་ཐོག་གྲུབ་པའི་འགྱིག་སོབ་ཀྱི་རི་མོ་ཞིག་ཀྱང་རེད།ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཆུ་དང་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་གཙོ་གནད་དུ་བྱས་ནས་ཡུལ་བབ་དང་བསྟུན་པ་དང་གོང་ཁེ་གོ་ཆོད་ཀྱི་གྲོང་ཁྱེར་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་ལས་གྲྭའི་མ་ལག་བསྐྲུན་རྒྱུ་རེད།

དེ་ནི་ཆུ་བཅོས་དང་།ཆུ་གསོག་པ།ཆུ་སྲུང་བཅས་དང་སྔོ་ལྗང་འཛུགས་པ་དང་།སྔོ་ལྗང་ཆེ་རུ་གཏོང་བ།ལྗང་མདོག་སྲུང་སྐྱོང་བཅས་ཀྱི་གླེང་མོལ་ཞིག་ཡིན་ལ།སྔོན་པོ་དང་ལྗང་མདོག་གི་ཆེས་མཛེས་སྡུག་ལྡན་པའི་མཉམ་འདྲེས་ཤིག་ཀྱང་ཡིན་པ་རེད།ན་གོར་མོ་གྲོང་ཁྱེར་གྱིས་མཚོ་བལ་གྲོང་ཁྱེར་དང་རང་བྱུང་སྣོད་བཅུད་མ་ལག་སྦྲེལ་མཐུད་ནུས་ལྡན་དང་སྔོ་ལྗང་མཉམ་འདྲེས་བྱས་ཏེ་བདེ་འཇགས་དང་བློས་འགེལ་ཆོག་པའི་ཆུའི་འཁོར་རྒྱུག་མ་ལག་དྲ་བ་བསྐྲུན་རྒྱུ་དང་།རྨང་གཞི་བརྟན་དུ་བཏང་ནས་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ།ཐོན་ཁུངས་འདོན་རྒྱུ་གྲོན་ཆུང་བྱེད་པ་དང་།རྒྱུན་ལྡན་མིན་པའི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།གྲོང་ཁྱེར་གྱི་བློ་རིག་ཅན་གྱི་གྲངས་འཛིན་ཅན་གྱི་ཆུ་འབུད་ཆ་འཕྲིན་དོ་དམ་མ་ལག་བསྐྲུན་ནས་དོ་དམ་པར་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

རྙིང་ཚབ་གསར་ཟློས།

ན་གོར་མོའི་ཁང་ས་ཡག་པོ་ཡོང་བ་བྱེད་པ།

གྲོང་ཁྱེར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ན་གོར་མོ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དེ་གྲོང་ཁུལ་རྙིང་པའི་རྨང་གཞིའི་ཐོག་གྲོང་ཁུལ་གསར་པ་ཞིག་ཏུ་ཁྱབ་ཡོད།གྲོང་ཁུལ་རྙིང་པ་དང་གྲོང་ཁུལ་གསར་པས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་འཕྲད་པའི་འོག་གདན་རིགས་མི་འདྲ་བ་དང་།ཁྱིམ་མཚེས་ཆུ་རྒྱུད་མི་འདྲ་བ།མདུན་དུ་ལྷགས་པའི་གནད་དོན་ཡང་མི་འདྲ་བ་བཅས་ཡིན་པས་དབྱེ་འབྱེད་བསམ་གཞིགས་བྱེད་དགོས་ཀྱི་ཡོད་པ་རེད།

གྲོང་ཁུལ་རྙིང་པའི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་ཇི་ལྟར་བྱས་ནས་གྲོང་ཁུལ་གསར་པ་དང་གཅིག་མཚུངས་ཡོང་བ་བྱས་ཏེ་ས་ཁོངས་ཡོངས་ཀྱི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་དངོས་སུ་མངོན་འགྱུར་བྱེད་དགོས་སམ།

ན་གོར་མོས་འཆར་འགོད་བྱེད་སྐབས་ན་གོར་མོའི་ཁྱད་ཆོས་དང་འཚམ་པའི་མཚོ་བལ་གྲོང་ཁྱེར་ཁུལ་གྱི་མཛུབ་ཁྲིད་དང་དོ་དམ་ཚོད་འཛིན་ཚན་པའི་དམིགས་ཚད་ཚོད་འཛིན་བྱེད་པའི་ལས་ཀའི་བྱེད་ཐབས་ཁ་གསལ་བཟོས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དབྱེ་བ་དང་གྲོང་ཁུལ་རྙིང་པས་གནད་དོན་ཕྱོགས་སྟོན་དུ་བྱས་ཏེ་གྲོང་ཁྱེར་གསར་བརྗེའི་ལས་དོན་ཁྲོད་མཉམ་འདྲེས་རྒྱུག་བཞུར་གྱི་སྦགས་བཙོག་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་འཁྱིལ་ཆུའི་གནོད་འཚེ་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་རེད།ཁུལ་གསར་གྱིས་དམིགས་ཚད་ཁྲིད་ཕྱོགས་སུ་བྱས་ནས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་འབྱུང་རྩ་ནས་ཆུང་དུ་གཏོང་རྒྱུར་སྔོན་ལ་བསམ་གཞིག་བྱས་ཏེ་སྔར་ཡོད་ཀྱི་གཤོང་ས་དང་།གཙང་པོ།མཚེའུ།འདམ་ར་སོགས་ཀྱི་ཆུ་གསོག་བར་མཐོངས་སོར་འཇོག་བྱ་རྒྱུ་རེད།དེའི་ནང་གི་མི་འདྲ་ས་ནི་ང་ཚོས་ཨ་མ་གཉིས་ཀྱི་ངལ་གསོའི་དུས་ཚོད་ནས་གླེང་རྒྱུ་ཡིན།

ཀོང་ཏ་པིན་གཙང་པོའི་གྲོང་གསར་ཁུལ་ཆུང་དུ་གྲོང་མི་སུའུ་ཡུན་ཤིན་གྱིས་ལོ་3ལ་སླེབས་པའི་བུ་མོ་ཁྲིད་དེ་ཁུལ་ཆུང་གི་རྫིང་བུའི་འགྲམ་དུ་རྩེད་མོ་རྩེ་བཞིན་ཡོད་པ་དང་།ཆུ་ངོས་སུ་བྱ་གག་ཆུང་ཆུང་ཞིག་བག་ཕེབས་ངང་ཆུ་རྐྱལ་བྱེད་ཀྱི་ཡོད་པས་ཁུལ་ཆུང་ནང་གི་ཤིང་སྡོང་དེ་བས་སྐྱེས་ཡོད།“ཁུལ་ཆུང་དུ་རྫིང་བུའི་ནང་སྔོ་ཁེབས་ཡོད་པས་ང་ཚོས་རྟག་ཏུ་ཕྲུ་གུ་ཁྲིད་དེ་སྒོ་རའི་ནང་རྩེད་ཀྱི་ཡོད།ཁུལ་ཆུང་དུ་ད་དུང་ཚན་རིག་ཁྱབ་གདལ་པང་ལེབ་བཙུགས་ཡོད་པས་རྫིང་བུ་དེའི་ཁོར་ཡུག་མཛེས་སྡུག་ལྡན་པ་ཕུད་ད་དུང་ཆུ་གསོག་སོགས་ཀྱི་ནུས་པ་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ་བྱུང”ཅེས་སུའུ་ཡུན་ཤིན་གྱིས་བཤད།

སུའུ་ཡུན་ཤིན་གྱིས་ཕྲུ་གུ་ཁྲིད་དེ་ཁུལ་ཆུང་ཚན་པའི་སྒོ་ཁར་བསྐྱོད།གྱང་ཟུར་གྱི་བྱང་བུ་ཞིག་ལ་བལྟས་ནས།“གཅེས་ཕྲུགཁྱོད་ཀྱིས་ལྟོས་དང་།སྦུ་གུ་ཐུང་ངུ་འདི་ལ་ཆར་ཆུ་དང་སྦུ་གུ་བཅད་ཟེར།ཁང་ཀླད་ཀྱི་ཆར་ཆུ་ཐད་ཀར་སྦུ་གུ་འདི་བརྒྱུད་ནས་རྩྭ་ཐང་དུ་བཞུར་ཏེ།རྩྭ་མེ་ཏོག་འདི་དག་བླུག་ཆོག”ཅེས་བཤད།བུ་མོ་ཆུང་ཆུང་གིས་མགོ་བོ་ལྕོག་ལྕོག་བྱས་ཏེ་ཁང་བརྩེགས་མཐོན་པོའི་རྩེ་མོར་བལྟས།

ན་གོར་མོ་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་གྲོང་ཁུལ་དུ་སླེབས་སྐབས་རྣམ་གྲངས་མི་འདྲ་བའི་ས་ཆའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ནས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་བརྒྱུད་རིམ་བཟོས་ཏེ་ཆར་ཆུ་རང་བྱུང་གསོག་འཇོག་དང་།སིམ་འཛུལ།གཙང་བཟོ་བཅས་མངོན་འགྱུར་བྱས་ཡོད།འཛུགས་སྐྲུན་དང་ཁུལ་ཆུང་འཛུགས་སྐྲུན་བྱེད་སྐབས་ཁུལ་ཆུང་གི་མཛེས་ལྗོངས་ཇུས་འགོད་དང་།འཛུགས་སྐྲུན་བཀོད་པ།གྲོང་ཁྱེར་གྱི་སྒྲིག་བཀོད་དང་དེ་བཞིན་ཆར་ཆུ་མཛེས་ལྗོངས་ཀྱི་ཆུ།ཁུལ་ཆུང་གི་མདུན་ཕྱོགས་སོགས་གསོག་འཇོག་སྒྲིག་བཀོད་དང་ཟུང་འབྲེལ་བྱས་ནས་ན་གོར་མོ་གྲོང་ཁྱེར་གྱི་མཚོ་སོབ་རྣམ་པའི་འཛུགས་སྐྲུན་དང་སྡེ་ཁུལ་བསྐྲུན་རྒྱུ་རེད།

ཕྱོགས་གཞན་ཞིག་ནས་གཞུང་ལམ་ཁུལ་ཆུང་གི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད།བགྲེས་སོང་ཀྲང་ཚུའེ་ཕིང་དང་ཁྱིམ་མཚེས་གྲོགས་པོ་ཁ་ཤས་ཀྱིས་གྲིབ་བསིལ་དུ་བསྡད་དེ་ཁུལ་ཆུང་གི་འགྱུར་ལྡོག་ལྷུག་པོར་གླེང་བཞིན་མཆིས།ཉེ་བའི་ལོ་ཤས་རིང་ཁུལ་ཆུང་སྔོ་འགྱུར་མང་དུ་ཕྱིན་པ་དང་འདི་ལོ་སླར་ཡང་གསབ་འདེབས་བྱས་པ་དང་།ཐོག་ཁང་གི་ཆར་ཆུ་སྦུག་བཙུགས་ནས་འགྲུབ་སོང་།ཆར་ཆུ་ཐད་ཀར་སྔོ་ལྗང་དུ་ཤར་གཏོང་མི་ཐུབ་མོད།འོན་ཀྱང་རྦབ་ཆུ་ལྟར་ཐོག་ཁང་གི་རྩེ་ནས་ཐད་ཀར་འབབ་མི་སྲིད།ཨར་ལས་རུ་ཁག་བྲེལ་འཚུབ་ངང་ལས་ལ་བྲེལ་བཞིན་ཡོད་པ་དང་ཁུལ་ཆུང་ལ་སྐུད་གཟུགས་ཀྱི་ཆུ་ཡུར་འདིང་བཞིན་ཡོད་པས་ཆར་པ་འབབ་དུས་ཁུལ་ཆུང་དུ་སྐྱོད་རྒྱུར་སེམས་ཁྲལ་བྱེད་དགོས་དོན་མེད།“ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་སླད་ཕྱིན་ཚ་བོ་ཆུང་ཆུང་ཁྱིམ་དུ་ཡོང་ནས་རྩེད་མོ་རྩེ་ཡུལ་ཡང་ཡོད”“རླངས་འཁོར་འཇོག་ས་ཡང་བསྐྲུན་ཟིན་པས།དུད་ཚང་རེ་རེའི་རླངས་འཁོར་ཡང་སྡོད་ས་ཡོད”“ཨར་ལས་བྱེད་མཁན་བཟོ་པས་ང་ལ་ང་ཚོའི་ཁུལ་ཆུང་གི་ཆུ་འབུད་ཡུར་བུ་དེ་ཤར་ཕྱོགས་ཀྱི་བྱིས་པའི་སྤྱི་གླིང་དང་འབྲེལ་མཐུད་བྱས་ཡོད་ཅེས་རྒན་རྒོན་ཚོས་བཤད་བྱུང་”།

ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་རིང་ན་གོར་མོ་གྲོང་ཁྱེར་གྱིས་ཁུལ་ཆུང་གི་མཚོ་སོབ་སྒྱུར་བཀོད་བྱས་པ་བརྒྱུད་ཆར་ཆུ་དང་སྦགས་བཙོག་ཁག་བགོས་དང་ཆུ་འབུད་ཤར་གཏོང་མི་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་ཁུལ་ཆུང་རྙིང་པའི་ཆར་ཆུ་དང་སྦགས་བཙོག་མདོང་དྲ་འཐུས་ཚང་མེད་པ་དང་འཁྱིལ་ཆུ་སོགས་ཀྱི་གནད་དོན་གྱི་ཞན་ཆ་གསབ་ནས་སྡེ་ཁུལ་ནང་གི་ས་སྟོང་དང་།ས་རྒོད།ས་སྟོང་བཅས་ལ་བརྟེན་ནས་མཚོ་བལ་སྒྲིག་བཀོད་མང་དུ་བཏང་སྟེ་ཆར་ཆུ་རང་སར་གསོག་འཇོག་དང་།གསོག་འཇོགགསོག་ཟད་སྐྱོན་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།

གྲོང་ཁུལ་གསར་པའམ་ཡང་ན་གྲོང་ཁུལ་རྙིང་པ་གང་ཡིན་རུང་ན་གོར་མོ་གྲོང་ཁྱེར་གྱིས་རིགས་དབྱེ་ཇུས་བསྟར་བྱས་པ་བརྒྱུད་ཆར་ཆུ་དང་སྦགས་བཙོག་ཁག་བགོས་ཐུབ་པ་བྱེད་པ་དང་ཆབས་ཅིག་ལྗང་མདོག་མང་དུ་གཏོང་བ་དང་ཁུལ་ཆུང་གི་མཛེས་ལྗོངས་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།

དམངས་འཚོར་དོན་དག་ཆུང་ཆུང་མེད།ཁུལ་ཆུང་རྙིང་པའི་ནང་བཏིང་བའི་ཡུར་བུ་དང་གསར་དུ་འཕར་བའི་སྔོ་ལྗང་ཡིན་ནའང་འདྲ།ཁུལ་ཆུང་གསར་པའི་ནང་གི་མཛེས་སྡུག་ལྡན་པའི་རྫིང་བུ་དང་སྔོན་ཐོན་གྱི་ཆུ་གྲོན་ཆུང་གི་སྒྲིག་བཀོད་ཡིན་ནའང་འདྲ།ཚང་མས་ན་གོར་མོའི་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་དྲོ་སྐྱིད་ལྡན་པའི་མང་ཚོགས་ཀྱི་བརྩེ་སེམས་མཚོན་པ་མ་ཟད།ཐད་ཀའི་བྱེད་ཐབས་ཐོག་ནས་གྲོང་མིར་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱས་ཡོད།

ས་མཐོའི་ཐན་སྐྱོན་ས་ཁུལ་དུ་“ཆུ་འཇིབ་པའི”གྲོང་ཁྱེར་ཞིག་བསྐྲུན་རྒྱུ་དེ་ལས་སླ་པོ་ཞིག་མིན་མོད།འོན་ཀྱང་བྱེད་ཕོད་པ་དང་སྒྲུབ་མཁས་པའི་ཀེར་མོའི་མིས་དཀའ་ཚེགས་ཆེ་བའི་དུས་འགྱུར་དེ་ཕན་པར་འགྱུར་བཞིན་ཡོད།

མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ན་གོར་མོའི་འབྱུང་འགྱུར་གྱི་དུས་ཚོད་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།