"དུས་རབས་གསར་པ།ལམ་བུ་གསར་པ། བྱ་གཞག་གསར་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟག་ཞིབ་བྱ་སྤྱོད། "མི་རྣམས་ཀྱིས“ཉ”ལ་བརྟེན་ནས་ཕྱུག་པོར་གྱུར། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་འཐབ་ཕྱོགས་དང་པོའི་གནས་ཚུལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཤང་ཤིན་ཆོན་གྲོང་ཚོ་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་།    དེ་སྔ་ཐག་ཉེ་སར་སྐད་གྲགས་ཆོད་པའི་ཉ་འཛིན་གྲོང་ཚོ་དེ་ད་ཆ་གསེར་ཉ་ཕྱིར་རྒྱུག་གི་ངོ་མཚར་ལ་བརྟེན་ནས་མཚོ་འཁྱིལ་ཀྱི་གསེར་ཉ་ཕྱིར་རྒྱུག་གི་ལྟ་ཞིབ་བྱ་ཡུལ་དུ་གྱུར་ནས་གྲོང་མི་དེ་བས་མང་བས་སྒོ་འགྲམ་དུ་“ལྗང་མདོག་ཡོང་འབབ་འཕར་བ”མངོན་འགྱུར་བྱུང་ཡོད།     སྔོན་ཆད་ནས་ད་ལྟའི་བར་སྣོད་བཅུད་སྲུང་སྐྱོང་གི་ཟུར་ཚད་ཁྲོད“མཚེའུ་ལ་བརྟེན་ནས་མཚེའུ་ཟ་བའི”བྱེད་སྟངས་གསར་པ་ཞིག་ཡོད་པ་མ་ཟད།    ནང་དོན་དེ་བས་གཏིང་ཟབ་པ་ཞིག་ཀྱང་བསྣན་ཡོད“མཚེའུ་ལ་བརྟེན་ནས་མཚེའུ་ཟ་བའི”བྱེད་སྟངས་གསར་པ་ཞིག་ཀྱང་བསྣན་ཡོད།     

དེ་སྔ་མི་ཁྲི་སྟོང་མང་པོའི་ཚེ་སྲོག་སྐྱོབ་མྱོང་བའི་དབང་གིས་མཚོ་སྔོན་པོ་ཡི་ཉ་སྨུག་སྐྱ་ལ་མཚོ་སྔོན་བས་བྱམས་བརྩེའི་ངང་གསེར་ཉ་ཞེས་འབོད་ཀྱི་ཡོད།    ལོ་ལྟར་ལྔ་པའི་ཚེས་ལྔའི་སྔ་རྗེས་སུ་གསེར་ཉ་གིས་ལོ་གཅིག་དུས་གཅིག་གི་ཕྱིར་རྒྱུག་ཡུལ་སྐོར་བྱེད་འགོ་ཚུགས་པ་དང་ཆོན་ཅེ་ཕྱིར་རྒྱུག་ཡུལ་སྐོར་ལྟ་ཞིབ་བྱ་ཡུལ་ཡང་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།    དེ་ནི་མཚོ་སྔོན་པོ་ཡི་གསེར་ཉ་ལ་བྱམས་བརྩེའི་ངང་གསེར་ཉ་ཞེས་འབོད་ཀྱི་ཡོད།     

སླར་ཡང་ཤིན་ཆོན་གྲོང་ཚོའི་གྲོང་མི་ཀུའོ་ཡུང་ཀྲུང་དང་འཕྲད་སྐབས་ཁོང་ནི་སྔར་བཞིན་མཚོ་འཁྱིལ་གསེར་ཉ་ཕྱིར་རྒྱུག་ལྟ་ཞིབ་བྱ་ཡུལ་གྱི་ཁྲོམ་བདག་ཅིག་ཡིན་པ་དང་ཉ་བཟའ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་འཚོང་རྒྱུར་བྲེལ་བཞིན་ཡོད་པས་ལོ་ཤས་གོང་དང་བསྡུར་ན་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།     གཉེར་སྐྱོང་བྱ་ཡུལ་དེ་སྐོར་སྐྱོད་ཁྲོམ་བཀྱག་ནས་གཏན་འཇགས་ཤིང་ཁང་དུ་སྤོས་པ་དང་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་དུས་མཚུངས་ཐོན་རྫས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།     མངོན་གསལ་དོད་ཤོས་ཀྱི་འགྱུར་ལྡོག་ནི་ཡོང་འབབ་ཡིན་པ་སྟེ།    2019ལོའི་ཡོང་འབབ་སྒོར་ཁྲི་4ཡིན་པ་དང་ན་ནིང་སྒོར་ཁྲི་15ཟིན་ཡོད།     

སྔོན་ཆད་དང་ད་ལྟའི་སྐོར་གླེང་སྐབས་ཀུའོ་ཡུང་ཀྲུང་གིས“སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་པས་མཚེའུ་མཐའ་འཁོར་གྱི་ང་ཚོ་མང་ཚོགས་དེ་དག་ཕན་པ་ཐོབ་མཁན་ཆེ་ཤོས་སུ་གྱུར་པས‘སྣོད་བཅུད་ཟ་མ’དཀར་ཡོལ་དེ་བློ་བདེ་ལ་དགའ་སྤྲོ་སྐྱེ་གི་འདུག”ཅེས་དགའ་ཚོར་ཆེན་པོ་བྱུང་ཡོད།     

ལོ་20ལྷག་ཙམ་གོང་ཀུའོ་ཡུང་ཀྲུང་ནི་ཉ་འཛིན་མཁན་ཞིག་ཡིན་ཞིང་།    ཉ་འཛིན་པའི་ཡོང་འབབ་ཉུང་ཉུང་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་སྐྱེལ་བཞིན་ཡོད།     ཕྱིས་སུ་མཚེའུ་བཀག་ནས་ཉ་གསོ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བས་སྐབས་ཤིག་རིང་ཅི་ཞིག་བྱེད་དགོས་པ་མ་ཤེས་ལ་ཡོང་འབབ་མེད་པའི་དཀའ་ངལ་ཡང་འཕྲད་པས་ཕྱི་རོལ་དུ་གླ་པར་འགྲོ་རྒྱུ་ལས་ཐབས་གཞན་མེད།    མཐའ་འཁོར་གྱི་གྲོང་ཚོ་ནས་བལ་བསྡུ་མྱོང་བ་མ་ཟད།    ཐག་རིང་ནས་གང་སར་གླ་པར་འགྲོ་རྒྱུ་ཡིན་པས་ཡོང་འབབ་འགན་ལེན་བྱེད་ཐབས་བྲལ་བ་ཞིག་རེད།    དེའི་ཕྱིས་སུ་མཚེའུ་བཀག་ནས་ཉ་གསོ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ནས་ཡོང་འབབ་འགན་ལེན་བྱེད་ཐབས་བྲལ།     

ཕྱིས་སུ་སྲུང་སྐྱོང་ནན་པོ་དང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་།    གསེར་ཉ་ཕྱིར་རྒྱུག་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་པས་རྒྱ་ཆེའི་ཡུལ་སྐོར་བ་དེ་གར་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་པ་མ་ཟད།    ཁོང་གིས་ཚོང་ལས་ཀྱི་གོ་སྐབས་ལ་དམིགས་ཏེ་མཚོ་འཁྱིལ་གཙང་པོའི་འགྲམ་དུ་ཚོང་ཆུང་ཆུང་གཉེར་འགོ་བཙུགས་པས་ད་ཆ་གང་སར་རྒྱུག་མི་དགོས་པར་ཁྱིམ་གྱི་སྒོ་རྒྱར་ཡོང་འབབ་བརྟན་པོ་བྱུང་ཡོད།     

དུད་ཚང་251དང་མི་གྲངས་757ཡོད་པའི་ཤིན་ཆོན་གྲོང་ཚོའི་མི་མང་པོ་ཞིག་ཀུའོ་ཡུང་ཀྲུང་དང་འདྲ་བར་སྣོད་བཅུད་སྲུང་སྐྱོང་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད།    ལྗང་མདོག་ཡོང་འབབ་འཕར་ནས་ཡོང་འབབ་ལོ་རེར་འགྲན་བསྡུར་བྱེད་ཀྱི་ཡོད་པ་རེད།     ཤིན་ཆོན་གྲོང་ཚོའི་གྲོང་མི་ཁྲེན་ཧྲི་ལིན་གྱིས་དང་ཐོག་ཀུའོ་ཡུང་ཀྲུང་གི་རྗེས་སུ་འབྲངས་ནས་མཚོ་འཁྱིལ་གསེར་ཉ་ཕྱིར་རྒྱུག་ལྟ་ཞིབ་བྱ་ཡུལ་དུ་ཡུལ་སྐོར་དྲན་རྟེན་དངོས་པོ་གཉེར་གྱི་ཡོད།    ཕྱིར་ཚོང་གི་ཐབས་རྩལ་སློབ་སྦྱོང་དང་ཕྱིར་ཚོང་གི་ཉམས་མྱོང་གསོག་འཇོག་བྱེད་ཀྱི་ཡོད།    ཉོ་ཚོང་ཆུང་གྲས་ཀྱང་ཡག་པོ་བྱེད་ཀྱི་ཡོད།    ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་རག་གི་ཡོད།     འདི་ལོ་ཁོང་གིས་མུ་མཐུད་གཙང་འགྲམ་དུ་གླས་པའི་ཤིང་ཁང་ཆུང་ཆུང་ཞིག་གིས“ལས་རིང”བསྐྱར་དུ་ལུས་རྩལ་བྱེད་ཀྱི་ཡོད།    གང་ལགས་ཤེ་ན།    ཡུལ་སྐོར་བ་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་པས་ཁོང་གིས་སྔོན་དཔག་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ་སྐུ་མགྲོན་འགུག་པའི་ངར་ཤུགས་ཀྱང་ཆེན་པོ་ཡོད།    

ཡུལ་སྐོར་ཁོར་ཡུག་དེ་བས་ལེགས་པ་ཞིག་གཏོད་རྒྱུ་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་ཆེད།    ཤིན་ཆོན་གྲོང་ཚོས་མཚོ་འཁྱིལ་གསེར་ཉ་ཕྱིར་རྒྱུག་ལྟ་ཞིབ་བྱ་ཡུལ་དུ་ཤིང་ཁང་ཆུང་ཆུང་10བསྐྲུན་པ་དང་གླས་པའི་རྣམ་པའི་ཐོག་ནས་གྲོང་མིར་བོགས་མར་བཏང་ནས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད།     ཀུའོ་ཡུང་ཀྲུང་གིས་མངོན་གསལ་དོད་པའི་འགྱུར་ལྡོག་ཅིག་བརྗོད་པ་སྟེ།    2023ལོར་གྲོང་མི་ཚང་མས་བལྟས་པའི་རྣམ་འགྱུར་བཟུང་ནས་ཚོད་ལྟ་བྱེད་མི་ཕོད་པར་ཁོང་གིས་བློ་ཁོག་ཆེན་པོས་ཚོང་ཁང་བཞི་གླས་ཡོད།    དགའ་འོས་པ་ཞིག་ནི་ལོ་གཅིག་ནང་ཡོང་འབབ་ཧ་ཅང་ཡག་པོ་ཡོད།    འདི་ལོ་ཚོང་ཁང་མཁོ་སྤྲོད་དགོས་མཁོ་སྐོང་མི་ཐུབ་པས་ཁྱིམ་ཚང་གཅིག་གིས་ཁང་པ་གཅིག་ལས་གླ་ཐུབ་ཀྱི་མེད་པས་ལས་རིགས་སྔ་ལོ་ལས་སྣ་མང་དུ་ཕྱིན་ཡོད།     ཁོང་གི་ཚོང་ཁང་ནི་ས་ཆ་ཡག་ཤོས་སུ་ཡོད་པས་བོགས་དངུལ་དང་བསྡུར་ན་དེ་བས་མཐོ་བ་ཡོད་པ་སྟེ།    ཟླ་བ་གསུམ་གྱི་ནང་སྒོར་6800ཟིན་ཡོད།     

ཤིན་ཆོན་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཧྲེང་ཧྲེང་མའེ་ཡིས་གསར་འགོད་པར“གསེར་ཉ་ཕྱིར་རྒྱུག་དུས་ཚིགས་སུ་ཡོང་བའི་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་ཕྱིན་ཡོད།    ང་ཚོས་འདི་ལོ་ཤིང་ཁང་2གསར་དུ་བསྣན་ནས་ས་ཆ་གཞིར་བཟུང་གྲོང་མིར་གླས་པས་གྲོང་མིའི་འདོད་མོས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད།    བོགས་དངུལ་ཡང་བགོ་རྒྱུ་ཡིན་པས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་སྣོད་བཅུད་ཀྱི་ཁེ་ཕན་དངོས་སུ་ཚོར་ཐུབ་པ་བྱུང་ཡོད”ཅེས་བཤད།     

ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་སྣོད་བཅུད་ཐོན་ཁུངས་ལྡན་པས་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་“འགྲན་ལམ་གསར་པ”དེ་བས་མང་བ་གཏོད་བཞིན་ཡོད་པ་དང་།    གསེར་ཉ་ཕྱིར་རྒྱུག་གི་སྣོད་བཅུད་ཕན་འབྲས་དང་།    དཔལ་འབྱོར་ཕན་འབྲས།    སྤྱི་ཚོགས་ཕན་འབྲས།    གྲོང་མིས་རང་ཁྱིམ་གྱི་མདུན་དུ་ལྗང་མདོག་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ།    “གསེར་ཉས”ཀྱིས་གྲོང་ཚོ་རེ་རེ་དང་ཐ་ན་རྫོང་རེ་རེ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་བཞིན་ཡོད་པ་རེད།     

ཧྲེང་ཧྲེང་མའེ་ཡིས“སྣོད་བཅུད་སྲུང་སྐྱོང་ལ་མི་ཚང་མར་ཕན་པ་ཐོབ་རྒྱུ་དེའང་མི་ཚང་མའི་འགན་འཁྲི་ཡིན།    གྲོང་མི་ཚོས་གསེར་ཉ་ལ་ནམ་ཡང་དྲིན་ཚོར་གྱི་བསམ་པ་བཅངས་ནས་སེམས་རྩེ་གཅིག་སྒྲིམ་གྱིས་སྲུང་སྐྱོང་ནང་ཞུགས་དགོས།    ད་ཆ་གྲོང་ཚོའི་ནང་དུའང་ཁོར་ཡུག་སྲུང་སྐྱོང་རུ་ཁག་བཙུགས་ནས་གཟའ་འཁོར་རེ་རེའི་གཟའ་པ་སངས་ཉིན་གཏན་འཇགས་ངང་ཁོར་ཡུག་གཙང་སྦྲ་བྱེད་ཀྱི་ཡོད་པས་ཚང་མས་དེའི་ནང་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད”ཅེས་བཤད།     

ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་ཞིང་།    གཙང་སྦྲའི་ལས་ཀ་བྱེད་མཁན་ཀྲང་ཧྲེང་ཧའེ་དང་ཁོའུ་ཆོན་ཧུང་གཉིས་ཀྱིས་མཚོ་འཁྱིལ་གཙང་པོའི་འགྲམ་གྱི་གཙང་པོའི་འགྲམ་དུ་ལྟ་ཞིབ་བྱེད་བཞིན་ཡོད།     ལོ་55ལ་སླེབས་པའི་ཀྲང་ཧྲེང་ཧའེ་ཡིས་ལས་ཀ་བྱས་ནས་ལོ་5ཕྱིན་ཡོད།    ཁོང་གིས“སྐབས་རེ་གཙང་པོའི་ནང་ཆུ་བོ་ཆུང་བ་དང་གསེར་ཉ་ཕྱིར་རྒྱུག་སྐབས་སེམས་ཆུང་མ་བྱས་པར་འགག་གི་ཡོད་པས་ང་ཚོས་རྒྱུན་དུ་གཙང་པོའི་རྒྱུད་དུ་སྐྱོད་དགོས་ཀྱི་ཡོད།    གལ་སྲིད་འགག་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་གཙང་པོའི་རྒྱུད་དུ་བསྐྱོད་ནས་དཀའ་ངལ་ལས་སྒྲོལ་རོགས་བྱེད་དགོས”ཞེས་བཤད།    སྣོད་བཅུད་ལེགས་སྐྱེས་འཕེལ་རྒྱས་བཏང་བ་དེས་ཁོང་ཚོའི་ཁྱིམ་ཚང་གི་མདུན་དུ་ལས་ཀ་ཞིག་རག་ཐུབ་པ་མ་ཟད།    ད་དུང་ཡོང་འབབ་ཀྱང་འཕར་ཐུབ་པ་བྱུང་ཡོད།     

དེ་སྔ་གཞན་དབང་གིས་གདམ་ག་བྱས་པ་ནས་ད་ཆ་རང་འགུལ་ངང་ཞུགས་པའི་བར་ཀུའོ་ཡུང་ཀྲུང་དང་ཀྲང་ཧྲེང་ཧའེ་ལྟ་བུའི་ལས་གཉེར་པ་མང་པོ་ཞིག་སྣོད་བཅུད་སྲུང་སྐྱོང་གི་འོས་འགན་དྲིལ་བསྒྲགས་པར་གྱུར་ཡོད།    ཁོང་ཚོས་རང་ཉིད་ཀྱི་གཏམ་སྤྱོད་རེ་རེ་བཞིན་ལ་བརྟེན་ནས་མི་དེ་བས་མང་བ་ཞིག་ལ་མཚོ་སྔོན་པོ་ཡི་གསེར་ཉ་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད།    རང་ཉིད་ཀྱིས་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཇི་ལྟར་ཡོང་བའི་གཏམ་རྒྱུད་ཚང་མར་བཤད་པ་རེད།     ཁོང་ཚོའི་སེམས་སུ་འཚོ་བའི་འགྱུར་ལྡོག་དང་ཕ་ཡུལ་གྱི་འཕེལ་རྒྱས་ནི་སྣོད་བཅུད་ཁོར་ཡུག་བཟང་པོ་ལས་བྱུང་བ་ཞིག་རེད།     མིས་རི་སྔོན་ལ་མི་འཁུར་བ་དང་རི་སྔོན་གྱིས་མི་ལ་འཁུར་བ་གཏན་ནས་མེད།    ཁོ་ཚོས་དངོས་སུ་ལག་ལེན་བྱེད་བཞིན་ཡོད་པ་མ་ཟད་དེའི་ཁྲོད་ནས་ཕན་པ་ཐོབ་བཞིན་ཡོད།     

ལམ་བར་དུ་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་གྲུབ་འབྲས་ལས་རིགས་དེ་བས་མང་བར་ཁྱབ་འགྱེད་དང་ཚོགས་སྤྱི་དེ་བས་མང་བར་སྐུལ་ཁྲིད་བྱས་ཤིང་།    ཤིན་ཆོན་གྲོང་ཚོ་དང་ཐ་ན་རྐང་ཚ་རྫོང་དུ“གསེར་ཉའི་དཔལ་འབྱོར”དེ་འཕར་སྣེ་གསར་པ་ཞིག་ཏུ་གྱུར་ནས་སྣོད་བཅུད་ཡུལ་སྐོར་ནས་བཟའ་བཏུང་དང་ཞག་སྡོད་སོགས་ཐོན་ལས་གཞི་གཅིག་ཅན་དུ་འཕེལ་རྒྱས་ཕྱིན་པས“ཉ”ལ་བརྟེན་ནས་ཕྱུག་འགྱུར་བྱུང་བ་ལྟ་བུའི་ཁོང་ཚོའི་གཏམ་རྒྱུད་མང་པོ་ཡོད་པ་རེད།    

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།