[མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དོན་དངོས་ལག་ཏུ་བསྟར།]མཚོ་སྔོན་ཡུལ་ཤུལ་རྣམ་སྲས་ཡུལ་ཚོའི་མི་དང་རང་བྱུང་གི་འཆམ་མཐུན་མཉམ་གནས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་གི་ཁོར་ཡུག་མཛེས་ཤིང་།རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཕུན་སུམ་ཚོགས་པོ་ཡོད་པས་གསའ་འཚོ་གནས་བྱ་ཡུལ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་དེར་སྐད་གྲགས་ཆེ་བའི“ཀྲུང་གོའི་གསའ་ཡི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད།

2016ལོའི་ཟླ་3ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་པ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོར་གྱུར་པ་དང་།རྣམ་སྲས་ཤང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་གླིང་ཁུལ་དུ་བཅུག་པ་རེད།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་རིང་།《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གཞིར་བཟུང་།རྫ་ཆུའི་ཆུ་འགོ་གླིང་ཁུལ་གྱིས་སྣོད་བཅུད་བདག་སྐྱོང་བ“དུད་ཚང་རེར་ལས་གནས་གཅིག”གི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་པ་དང་།ངམ་སྲས་ཤང་གི་འབྲོག་པ་1516འབྲོག་པ་ནས་དོ་དམ་བྱེད་མཁན་དུ་གྱུར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་མཁན་གྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད།

སྐབས་དེ་དུས་ལོ་30ལ་སླེབས་པའི་རྣམ་སྲས་ཤང་གཉན་མདོ་གྲོང་ཚོའི་མཉམ་ལས་ཁང་དང་པོའི་འབྲོག་པ་ཀརྨ་བསྟན་འཛིན་ནི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཁེ་ཕན་ལོངས་སུ་སྤྱོད་མཁན་གྱི་སྣོད་བཅུད་བདག་སྐྱོང་བ་སྔ་ཤོས་ཤིག་རེད།དེ་གོང་ཁོང་དང་ནང་མི་ཚང་མ་འབྲོག་པ་མང་ཆེ་བ་དང་འདྲ་བར་གཙོ་བོ་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་སྔོག་ནས་འཚོ་བ་སྐྱེལ་གྱི་ཡོད།ད་ཆ་ཀརྨ་བསྟན་འཛིན་གྱིས་སྒོ་འགྲམ་དུ“སྣོད་བཅུད་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད”“ཟླ་རེར་གླ་ཆ་སྒོར་1800ཡོད་པའི་ཁར་རྩྭ་རའི་ཁ་གསབ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བ་སོགས་ཀྱི་ཡོང་འབབ་བསྣན་ཚེ་ངའི་ཁྱིམ་ཚང་ཆུང་ཆུང་གི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་གི་ཡོད”ཅེས་ཀརྨ་བསྟན་འཛིན་གྱིས་དགའ་སྤྲོའི་ངང་བཤད།

ཟླ་6ཚེས་18ཉིན་གྱི་ཞོགས་པ་ཀརྨ་བསྟན་འཛིན་གྱིས་ཀོ་ལྷམ་གྱོན་པ་དང་།པར་ཆས་བཀལ་བ།ཁོར་ཡུག་སྲུང་སྐྱོང་ཁུག་མ་འཁྱེར་བ།“གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་སྐོར་ཞིབ”ཞེས་པའི་ཡི་གེ་བཀོད་པའི་ཕུ་ཐུང་དམར་པོ་དེ་སྔོན་དང་འདྲ་བར་སྦག་སྦག་བཞོན་ནས་རི་སྐོར་སྲུང་བྱེད་པར་བསྐྱོད།གྲོག་རོང་དང་ཉེ་བའི་སྐབས་སུ།ཉིན་ཞིག་ལ་ཆར་ཆེན་པོ་བབས་མ་ཐག་རྩྭ་ཐང་ཧ་ཅང་སྙི་མོ་ཞིག་ཏུ་གྱུར་པས།ཁོས་སྦག་སྦག་འཁོར་ལོ་བསྡད་དེ་རྐང་ཐང་དུ་བསྒྱུར་ནས་རྐང་ཐང་དུ་སོང་།ལམ་སྲུང་ཐོག་ཁོང་གིས་ཞོར་དུ་ལམ་རྒྱུད་ཀྱི་གད་སྙིགས་ཁོར་ཡུག་སྲུང་སྐྱོང་གི་ཁུག་མའི་ནང་བསྡུ་རྒྱུ་རེད།

“རི་སྐོར་བྱེད་རིམ་བཞིན་སྤྱི་ལེ་25ནས་30བར་བསྐྱོད་དགོས་ཀྱི་ཡོད།སྐབས་རེ་དཀའ་ལས་ཁག་པོ་ཡོད་ཀྱང་སྣོད་བཅུད་ཇེ་ལེགས་སུ་འགྲོ་བ་མཐོང་སྐབས་ཚང་མ་རིན་ཐང་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཀརྨ་བསྟན་འཛིན་གྱིས་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་བྱས་པས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད།ད་དུང་ཕ་ཡུལ་གྱི་ཁོར་ཡུག་དེ་བས་ལེགས་ཤིང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་རྒྱུར་རོགས་རམ་བྱས་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།ད་ཆ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་མི་སེམས་སུ་ཟུག་པ་དང་།རྟ་ལྕག་དོར་ནས་དོ་དམ་དང་གྱོན་ཆས་གྱོན་པས་ཚང་མའི་བསམ་བློའི་འདུ་ཤེས་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད།

རྣམ་སྲས་ཤང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ནང་བཅུག་རྗེས་རྣམ་སྲས་ཤང་གི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་ལམ་སྲོལ་དུས་ཐོག་ཏུ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་།《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གཙང་པོའི་ཆུ་འགོའི་རྣམ་སྲས་ཤང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་དོ་དམ་བྱ་ཐབས》བཟོས་ནས་ཤང་གྲོང་དོ་དམ་སྲུང་སྐྱོང་ས་ཚིགས་དང་།གྲོང་ཚོ་རིམ་པའི་དོ་དམ་སྲུང་སྐྱོང་རུ་ཁག ཐག་རིང་གི“ཚེག་ཐིག་དང་དྲ་ངོས་གྲུབ”ཀྱི་དོ་དམ་སྲུང་སྐྱོང་མ་ལག་བཙུགས་ནས་རྫ་ཆུ་གཙང་པོའི་འབྱུང་རྩ་སྲུང་སྐྱོང་བྱས་ཏེ་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རང་མོས་ངང་སྣོད་བཅུད་སྲུང་སྐྱོང་བྱ་གཞག་ནང་ཞུགས་ནས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དང་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།    

ལོ་ལྟར་རྣམ་སྲས་ཤང་གིས་ད་དུང་གྲོང་ཚོ་ཁག་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་།དེའི་ནང་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་བྱ་ཐབས་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་སོགས་ཚུད་ཡོད་པ་མ་ཟད།ཁོང་ཚོར་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་དང་ཆུའི་སྤུས་ཚད་ཀྱི་ཚད་གཞི་འགྲེལ་བཤད་སོགས་ཚུད་ཡོད་པ་རེད།གཞན་ཡང་ཤང་གིས་ད་དུང་རྫོང་རིམས་འགོག་ས་ཚིགས་ཀྱི་འཆད་ཁྲིད་དགེ་རྒན་ཆེད་མངགས་གདན་དྲངས་ནས་སྣོད་བཅུད་བདག་སྐྱོང་བར་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

དེ་དང་ཆབས་ཅིག་རྣམ་སྲས་ཤང་གིས“གཙང་གསུམ་ཆུ་འགོའི”གཙང་སྦྲའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས“དུད་ཚང་རིགས་དབྱེ་དང་།གྲོང་ཚོས་བསྡུ་རུབ།ཤང་གིས་དབོར་འདྲེན།རྫོང་གིས་གཙང་སེལ”བཅས་ཀྱི་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་གཞུང་ལམ་རྒྱུད་དང་།གྲོང་ཚོའི་མ་ལམ།ཤང་སྲིད་གཞུང་གི་སྡོད་གནས།གྲོང་མི་འདུས་སྡོད་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་རྒྱུན་རྣམ་ཅན་གྱི་དོ་དམ་དང་བཅོས་སྒྲིག་མངོན་གསལ་དོད་པོ་བྱས་ཡོད།རྣམ་སྲས་ཤང་གི་ས་ཁུལ་ཁག་གཅིག་གི་སྣོད་བཅུད་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་དབང་རྡོ་རྗེས“སྣོད་བཅུད་དོ་དམ་སྲུང་སྐྱོང་གི་ལས་ཕྱོད་ཆེ་རུ་ནུས་ལྡན་གཏོང་ཆེད།རྣམ་སྲས་ཤང་གིས་ཞིབ་འཇུག་དྲ་མིག་5x5kmབཙུགས་པ་དང་།འབྲོག་པའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་པ་88བཀོད་སྒྲིག་བྱས་པ།དམར་ཕྱིའི་པར་ཆས་80བཀོད་སྒྲིག་བྱས་པ་བཅས་ཤང་ཡོངས་སུ་ཁྱབ་ཡོད།མིག་སྔའི་བར་རྣམ་སྲས་ཤང་ཁོངས་སུ་གཅན་གཟན་རིགས་18དང་འདབ་ཆགས་རིགས་15པར་ལེན་ནུས་ལྡན་ཐུབ་ཡོད”ཅེས་བཤད།

ལོ་དེ་དག་རིང་ཀརྨ་བསྟན་འཛིན་གྱིས་གྲོང་ཚོའི་མཐའ་འཁོར་གྱི་སྤང་རི་དང་ཆུ་བོ་ཚང་མར་བསྐྱོད་དེ་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ལ་རོགས་སྐྱོབ་བྱེད་མྱོང་ཡོད།དེ་སྔའི་འབྲོག་པ་རྣམས་ད་ཆའི་རྫ་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཏུ་གྱུར་ཡོད།

ཀརྨ་བསྟན་འཛིན་དང་འདྲ་བའི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་དེ་བས་མང་བས་ཁ་རོག་གེར་སྲུང་སྐྱོང་བྱས་པར་བརྟེན་རྫ་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་ཐད་ཀར་འགྱུར་ལྡོག་བྱུང་བ་ནི་རི་སྐྱེས་སྲོག་ཆགས་སྔར་བས་མང་དུ་འགྲོ་བཞིན་ཡོད།

“གསའ་དེ་རི་ཀླུང་དུ་རྒྱུག་པ་དང་།ཤྭ་བ་མཆུ་དཀར་མེ་ཏོག་ལྟར་རི་བོའི་ཁྲོད་དུ་བཞད་པ་དང་།དྭངས་གཙང་གི་ནམ་མཁའ་རུ་རང་མོས་ངང་འཕུར་ལྡིང་བྱེད་བཞིན་ཡོད།འདི་གར་ང་ཚོ་དང་རི་སྐྱེས་སྲོག་ཆགས་དེ‘ཁྱིམ་མཚེས’སུ་གྱུར་ནས་ཞི་མཐུན་མཉམ་གནས་ཐུབ་ཡོད”ཅེས་ཚེ་དབང་རྡོ་རྗེས་བཤད།

ཚེ་དབང་རྡོ་རྗེས་དྲན་གསོ་བྱེད་བཞིན་དུ“ལོ་གཅིག་རིང་གསའ་ཞིག་གིས་ཤང་གི་འབྲོག་པའི་ཁྱིམ་ཚང་གཅིག་གི་ནོར་ནག་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་མགོ་གྲངས་24བསད་པ་དང་སྐབས་དེ་དུས་ཀྱི་ཁྲོམ་རའི་རིན་གོང་ལྟར་རྩིས་བརྒྱབ་ན་སྒོར་ཁྲི་30ཙམ་གྱོང་གུན་ཕོག་ཡོད།རྗེས་སུ་མི་དང་གཅན་གཟན་གྱི་གདོང་ཐུག་ལ་འགན་བཅོལ་གྱི་སྐྱིན་ཚབ་སྤྲད་ནས་འབྲོག་པའི་གྱོང་གུན་མང་ཆེ་བ་སེལ་ཐུབ་པ་བྱུང”ཞེས་བཤད།ཚེ་དབང་རྡོ་རྗེས་བཤད་པའི་མི་ཕྱུགས་གདོང་ཐུག་འགན་བཅོལ་ནི་རྫ་སྟོད་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་ཐེབས་རྩ་ཞིག་ཡིན་པ་དང་འབྲོག་པས་དུས་རྒྱུན་རང་ཉིད་ཀྱི་ནོར་ནག་རེར་སྒོར་3གྱི་འགན་བཅོལ་སྤྲོད་དགོས་ཀྱི་ཡོད།2021ལོ་ནས་བཟུང་ཀྲུང་གོའི་འཕྲལ་རྐྱེན་འཆི་གོད་འགན་བཅོལ་གྱིས་གསོ་ཚགས་འགན་བཅོལ་ཁྱབ་གདལ་བཏང་བས་འབྲོག་པ་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཞུགས་ཡོད་པ་རེད།

“གསོ་ཚགས་ཀྱི་ཉེན་ཁ་ཡོད་པའི་ཁར་གནས་ཚུལ་དེ་རིགས་ཐོན་ཚེ་འབྲོག་པའི་ཁེ་དབང་འགན་ལེན་དེ་བས་ཆེ་བ་ཐུབ་རྒྱུ་རེད”ཅེས་ཚེ་དབང་རྡོ་རྗེས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།