མཚོ་སྔོན་མཚོ་ཤར་གྱིས་ནུས་ཤུགས་ཡོད་རྒུས་དྭངས་གཙང་གི་ཆུ་བོ་གཅིག་གྲོང་ཁྱེར་དང་ཞིང་ཆེན་བརྒལ་པར་སྲུང་སྐྱོང་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རི་མོ་དེ་རྨ་ཆུ་དང་ཙོང་ཆུའི་རོང་དུ་བཏིང་ཡོད།རྒྱུགས་ལན་ནི་རི་སྔོ་ཆུ་དྭངས་ཀྱི་བར་དུ་བྲིས་ཡོད།དབྱར་དུས་སུ་རྨ་ཆུ་དང་ཙོང་ཆུའི་ས་གཞི་ཆེ་མོར་སྔོ་ལྗང་གིས་བརྒྱན་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ས་གནས་ཁག་གི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་།

དེ་དག་ཚང་མ་མཚོ་ཤར་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་དང་།ཆུའི་ཁོར་ཡུགཆུའི་སྣོད་བཅུད་བཅོས་སྐྱོང་བཅས་ལ་སྤྱི་འདོམས་བྱས་ནས་རྨ་ཆུ་དང་ཙོང་ཆུ་སོགས་གཙོ་གནད་རྒྱུག་ཁུལ་གྱི་སྲུང་སྐྱོང་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས་བྱུང་བ་ཞིག་རེད།ན་ནིང་ལོ་མཇུག་བར་མཚོ་ཤར་གྲོང་ཁྱེར་གྱིས་ལོ་ལྔ་བསྟུད་མར་གྲོང་ཁྱེར་ཁོངས་ནང་གི་རྒྱལ་ཁབ་དང་ཞིང་ཆེན་18ཀྱི་བཅད་ཁའི་ཆུ་སྤུས་དཔྱད་ཞིབ་དམིགས་ཚད་དུ་སླེབས་ནས་གཙང་པོ་གཅིག་གི་ཆུ་དྭངས་གྲོང་ཁྱེར་ནས་ཕྱིར་འདོན་ཐུབ་པའི་འགན་ལེན་བྱས་ཡོད།

ཉེ་བའི་ལོ་ཤས་རིང་།མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་འདོམས་བཀོད་སྒྲིག་དང་།ཡུལ་བབ་དང་བསྟུན་པ།གཙང་པོའི་བཙོག་འབུད་མདོ་ཁ་བཅོས་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་།ལྟ་ཞིབ་ཚད་ལེན།དག་ཐེར་ཇུས་གཞི་བཟོ་བ།བཙོག་འབུད་མདོ་ཁ་བཅོས་སྒྲིག་རྣམ་གྲངས་ལག་བསྟར་སོགས་ཀྱི་བྱ་ཐབས་སྤྱད་དེ་ཙོང་ཆུའི་ཆུ་གཞུང་གི་ཆུ་གཤོང་ཚད་508ཁྱོན་ཡོངས་ནས་བཅོས་སྒྲིག་དང་ཞིབ་བཤེར་རྩིས་ལེན་བྱས་པ་དང་།རྨ་ཆུའི་གཙོ་རྒྱུན་གྱི་ཆུ་བོའི་ནང་དུ་འཛུལ་བའི་འབུད་སྒོ་135ཚང་མར་འབྱུང་ཁུངས་རྗེས་འདེད་དང་།    ཆུ་འབུད་སྒོ་ལ་ལྟ་ཞིབ་ཚད་ལེན།    འབུད་སྒོ་95ཚད་ལྡན་བཅོས་སྒྲིག་བཅས་བྱས་ཟིན་པ་དང་།    གཙོ་གནད་ཆུ་ལག་29ཡི་ཆུ་བོའི་ནང་དུ་འཛུལ་བའི་བཙོག་འབུད་སྒོ་358ཚང་མར་འབྱུང་ཁུངས་རྗེས་འདེད་དང་།    ཆུ་འབུད་སྒོ་85ལ་ལྟ་ཞིབ་ཚད་ལེན།    འབུད་སྒོ་175ཚད་ལྡན་བཅོས་སྒྲིག་བཅས་བྱས་ཡོད།    

རྒྱུན་རྣམ་ཅན་དུ་ཆུ་ཁུངས་ཀྱི་ཁོར་ཡུག་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གཙོ་གནད་མཚེའུ་དང་ཆུ་མཛོད་ཀྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ཞིབ་བཤེར་བྱེད་རིང་གྲོང་ཁྱེར་དེ་ཡོངས་ཀྱི་“མི་ཁྲི་སྟོང་”གི་ཆུ་འགོའི་སྲུང་སྐྱོང་ཁུལ་30དབྱེ་འབྱེད་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སྔོན་ལ“མི་བརྒྱ་ཏུན་སྟོང་”གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་ལས་དོན་སྤེལ་ནས་ཆུའི་སྣོད་བཅུད་ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

རྒྱལ་ཁབ་དང་ཞིང་ཆེན་གྱི་ཆུའི་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞིར་དམ་པོར་དམིགས་ནས་མཚོ་ཤར་གྲོང་ཁྱེར་གྱིས་གཙོ་གནད་རྒྱུག་ཁུལ་གྱི་ཆུའི་ཁོར་ཡུག་ཞིབ་ཚགས་ཅན་གྱི་དོ་དམ་དང་བཅད་ཁའི་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཙོང་ཆུ་རྒྱུག་ཁུལ་གྱི་ཚོར་སྐྱེན་ཁུལ་དུ་གསང་སྡོམ་བྱས་ནས་ལག་ཤེས་ལྟ་ཞིབ་ཚད་ལེན་བྱས་ཏེ་ཆུའི་ཁོར་ཡུག་གི་ཉེན་ཁ་དུས་ཐོག་ཏུ་གྲལ་བཤེར་བཅོས་སྒྲིག་བྱས་པ་རེད།གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྒྲིག་བཀོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཟླ་རེར་གྲོང་ཚོ་རིམ་པའི་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཡོངས་སུ་ཁྱབ་པའི་ཞིབ་བཤེར་དང་ཟླ་རེར་ཆུ་ཕྱིར་གཏོང་ནང་འདྲེན་གྱི་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་དགོས།གཙོ་གནད་ས་ཁོངས་དང་།གཙོ་གནད་རྒྱུག་ཁུལ།གཙོ་གནད་ལས་རིགས།གཙོ་གནད་དུས་མཚམས་བཅས་ལ་དམིགས་ནས་རྒྱུན་གཏན་གྱི་ཁྲིམས་འཛིན་ཕུད།རྨ་ཆུ་དང་ཙོང་ཆུ་རྒྱུག་ཁུལ་གྱི་ཆུ་དང་འབྲེལ་བའི་རྫས་འགྱུར་བཟོ་ལས་ཁེ་ལས་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ།ཆུ་ཤུགས་གློག་ཁང་།ཞིང་ཞོར་ཐོན་རྫས་ལས་སྣོན།སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་སོགས་གཙོ་གནད་ཆུ་བརྒལ་ཁེ་ལས་ལ་ལྟ་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་འཁོར་སྐྱོད་རྒྱུན་ལྡན་མིན་པ་དང་རྩིས་ཐོའི་ཐོ་འགོད་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཐོ་འགོད་ཀྱིས་ཁ་ཆད་གྲོས་མོལ་དང་།    ལྟ་སྐུལ་བརྡ་ཐོ་གཏོང་བ།    སྲིད་འཛིན་ཆད་པ་གཅོད་པ་སོགས་མཉམ་འདུས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་བྱེད་པ་དང་འབྲེལ་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཁོར་ཡུག་ཁྲིམས་འགལ་གྱི་བྱ་སྤྱོད་སྐོར་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས།    

གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པའི་ཁྲོད་མཚོ་ཤར་གྲོང་ཁྱེར་གྱིས་ཙོང་ཆུ་གཙང་པོའི་ཆུ་སྤུས་ཞན་དུ་ཕྱིན་པར་ལྟ་ཞིབ་དང་ཚུར་ལན་སྤྲོད་པའི་གནད་དོན་དང་ཞིང་ཨུད་ཙོང་ཆུ་གཙང་པོའི་ཆེད་དོན་སྐོར་གཟིགས་གནད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།ལྟ་ཞིབ་ཚུར་ལན་གྱི་ཚད་བརྒལ་ཕྱིར་འབུད་དང་།མཚོ་སྐྱེས་རྫིང་བུའི་འདམ་རྫབ་མང་དུ་ཕྱིན་པ།ནང་འདྲེན་སྦགས་བཙོག་འབྱུང་ཁུངས་ཀྱི་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་འཐུས་ཚང་མེད་པ།བཟོ་གྲྭའི་འཁོར་རྒྱུག་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཚང་མ་བཅོས་སྒྲིག་ནུས་ལྡན་ཐུབ་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཁག་གི་འཁོར་སྐྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦགས་བཙོག་དངོས་པོ་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན།

“ལོ་ལྔའི་འཆར་གཞི་བཅུ་བཞི”ཚུན་མཚོ་ཤར་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་བརྩོན་ལེན་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་ཆིང་ཧྲུའེ་གཙང་པོ་དང་།ཁྲོམ་གཞུང་ཆུ་བོ།ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་བཙོག་ཆུ་གཙང་གསིང་བཟོ་གྲྭའི་མཇུག་ཆུའི་འདམ་ར་འཛུགས་སྐྲུན་ལས་གྲྭ།དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུན་ཁོའོ་ཁུལ་གསར་བཙོག་ཆུ་གཙང་གསིང་བཟོ་གྲྭའི་མཇུག་ཆུའི་འདམ་ར།ཀྲུང་དབྱང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་གི་ཆེད་དོན་མ་དངུལ་བརྩོན་ལེན་བྱས་ནས་གྲོ་ཚང་ཆུས་ཡུས་རུན་གྲོང་རྡལ་དང་།མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་འོད་ཟེར་གྲོང་ཚོ་སོགས་གྲོང་ཚོ་10ཡི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་རེད།ཆུའི་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཙོང་ཆུ་དང་རྨ་ཆུ་རྒྱུག་ཁུལ་གྱི་ཆུའི་ཁོར་ཡུག་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།