མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་ཐང་རྒོད་འགོག་བཅོས་བཅའ་ཁྲིམས་དང་རྨ་ནུབ་དོག་ལམ། —ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་བྱེ་འགོག་བཅོས་སྐྱོང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་ལྟ་ཞིབ་ཚད་ལེན་ཐེངས་དྲུག་པའི་འབྲས་བུ་ལས་མངོན་པར།མཚོ་སྔོན་ཞིང་ཆེན་གྱི་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆ་ལོ་ལྔའི་རིང་མུའུ་ཁྲི་132དང་མུའུ་ཁྲི་159མུའུ་ཁྲི45སོ་སོར་ཉུང་དུ་ཕྱིན་པ་དང་།ཐང་རྒོད་ཅན་དང་བྱེ་འགྱུར་རྒྱ་ཁྱོན་གཉིས་ཀ་ཆག་ནས་ལྟ་ཞིབ་ཚད་ལེན་གྱི་དུས་ཡུན་གཉིས་བསྟུད་མར་ཆུང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།

མཚོ་སྔོན་གྱིས་སྐྱེ་ཁམས་སྟོབས་ལྡན་ཞིང་ཆེན་རྒྱུན་འཁྱོངས་བྱེད་པ་དང་ལོ་མང་རིང་མུ་མཐུད་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད།     རང་རྒྱལ་གྱི་ཐང་རྒོད་ཅན་གྱི་ས་ཆའི་རྒྱ་ཁྱོན་ཆེ་བ་དང་།    ཁྱབ་རྒྱ་ཆེ་བ།    བྱེ་རླུང་གི་གནོད་འཚེ་ཚབས་ཆེན་བཅས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་མཐོ་གྲང་ས་ཁོངས་ཀྱི་བྱེ་འགོག་བྱེ་འགོག་གི་ཆོས་ཉིད་འཚོལ་ཞིབ་བྱས་ཏེ“ལྗང་མདོག་བྱེ་འགོག་ཕྱིར་འབུལ”གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།     

2023ལོར“བྱང་གསུམ་”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ཁྱོན་ཡོངས་ནས་འགོ་ཚུགས་ཡོད།     བྱེ་ཐང་ཅན་དུ་འགྱུར་བའི་དམག་འཐབ་མཁས་པའི་མཚོ་སྔོན་གྱིས་བྱེ་ཐང་ཅན་དུ་འགྱུར་བའི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ་”སོགས་གཙོ་གནད་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཡི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་འགོག་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

བྱེ་འགོག་བྱེ་བཅོས་ནི་མཚོ་སྔོན་གྱིས་སྣོད་བཅུད་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་འགན་གྱི་གྲས་ཤིག་ཡིན་པ་དང་།རྨ་ནུབ་དོག་ལམ—ཐ་ཁེ་ལ་མ་ཀན་བྱེ་ཐང་གི་བྱེ་འགོག་བཅོས་སྐྱོང་ནི་དམག་འཐབ་དྲག་པོ་ཞིག་ཡིན་པ་སྨོས་མེད་རེད།དོན་དངོས་ཀྱི་མདུན་དུ་མཚོ་སྔོན་གྱིས་གྲ་སྒྲིག་མེད་པའི་དམག་འཐབ་བྱེད་ཀྱི་མེད།ཇི་ལྟར་བྱས་ནས་གནད་སྨིན་ཕར་རྒོལ་བྱེད་པ་དང་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ།ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་མཚོ་སྔོན་གྱིས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།

2023ལོར་མཚོ་སྔོན་གྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་ནས་སྤུས་ཚད་མཐོ་བའི་འབྲེལ་ཡོད་འཆར་འགོད་བཟོ་བ་དང་།སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོ་བ།རྣམ་གྲངས་གསོག་འཇོག་ལ་སྔར་བས་ཤུགས་སྣོན་རྒྱག་པ།རྨང་གཞིའི་འགན་ལེན་བརྟན་དུ་གཏོང་བ་བཅས་བྱས་ཡོད།རྒྱལ་ཡོངས་ཀྱི་སྔོན་ལ《ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》བཏོན་པ་དང་འབྲེལ《“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི(2021ལོ་ནས་2030ལོ་བར)》དང《རྨ་ནུབ་དོག་ལམ—ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་ནས་མཚོ་མཚོའི་ཡུག་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》པར་འགྲེམས་བྱ“བསམ་འཆར་གཅིག་དང་ཇུས་གཞི་གཉིས”བཏོན་པ་དེས་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་དང་རྨ་ནུབ་དོག་ལམ—ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་མཚོ་སྔོན་ཡུག་ཁུལ་གྱི་འགོག་རྒོལ་དམག་འཐབ་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུར་འགན་ལེན་ནུས་ལྡན་ཐུབ་ཡོད།

ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱ་ཆེད།མཚོ་སྔོན་གྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་ཧུར་ཐག་བཏོད་དེ་ལམ་ལུགས་སྣ་མང་མཐུན་སྦྱོར་དང་ཡུན་རིང་མཉམ་འགུལ་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

2023ལོར་མཚོ་སྔོན་གྱིས“བྱང་གསུམ”ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས“བྱང་གསུམ”འདུ་འགོད་འཛུགས་སྐྲུན་གྱི་སྤྱི་འདོམས་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་ཡོད།ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྣོད་བཅུད་འཛུགས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དང་།སྲིད་ཇུས་བྱེད་ཐབས་དང་།གྲོས་འགོ།ཇུས་གཞི་བཅས་བཟོས་ནས་ནུས་ཆེའི་སྐུལ་འདེད་ལས་ཀའི་མཉམ་ཤུགས་ཤིག་ཆགས་ཡོད།མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང“བྱང་གསུམ”ལས་གྲྭ་ཁུལ་གྱི་ཁུལ་སྲིད་གཞུང་6དང《“བཅུ་བཞི་ལྔ”ཡི་བྱེ་འགོག་བྱེ་བཅོས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེ》བཞག་ནས་བྱེ་འགོག་བྱེ་བཅོས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་།ལས་གནས་གཅིག་ལ་འགན་འཁྲི་གཉིས།ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་དོ་དམ་འགན་འཁྲིའི་ལམ་ལུགས་བཙུགས་ཏེ“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་བྱས་ཚུལ་ནགས་གླིང(རྩྭ)དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་ནང་དོན་ནང་བཅུག་པས་ལས་འགན་ཁ་གསལ་བཟོས་པ་མ་ཟད།འགན་འཁྲི་ཡང་ནན་དུ་བཏང་ཡོད།

དེའི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་ད་དུང“ནགས་ཚལ(རྩྭ)དཔོན་དང་ཉེན་རྟོག་དཔོན་+ཞིབ་དཔྱོད་ཀྲང་།ཁྲིམས་ཁང་གི་ཡོན་ཀྲང་བཅས་ཟུང་འབྲེལ”དང“ཆུ་དཔོན་ལམ་ལུགས”“ནགས་ཚལ(རྩྭ)དཔོན་ལུགས”བཅས་མཉམ་འགུལ་ལས་ཀའི་ལམ་སྲོལ་གསར་གཏོད་རང་བཞིན་གྱིས་བཙུགས་པ་དང་།“འགན་ལེན་གཉིས་འབྲེལ་ལྔ”དང“ཞིབ་བཤེར་ལྔ་དང་སྐུལ་འདེད་ལྔ”བཅས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ནས་ཐོན་ཁུངས་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཏེ།ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ནགས་ས་དང་།    རྩྭ་ས།    འདམ་ར་བཅས་བསྡུ་ལེན་དང་བཟུང་སྤྱོད་བྱེད་པར་ཞིབ་མཆན་འགོད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་སྒྲིག་འགལ་གྱིས་ནགས་ཚལ་དང་རྩྭ་དང་བརླན་བཟུང་སོགས་ཀྱི་གནས་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་བྱེ་ཁུལ་གྱི་སྔོ་ཁེབས་སྲུང་སྐྱོང་སྔར་ལས་ནུས་ལྡན་ཡོང་བ་བྱ་དགོས།    

བྱེ་ཐང་གི་མཐའ་དང་དབུས་ཁུལ་དང་།རླུང་ཁ་སྟོད་དང་རླུང་ཁ་སྨད།བྱེ་འགོ་ཁུལ།ལམ་རྒྱུད་བཅས་ལ་དམིགས་ནས་མཚོ་སྔོན་གྱིས་གཅིག་གྱུར་འཆར་འགོད་བྱས་ཏེ“གནས་དང་།ཐིགཁྱོན་བཅས”ཟུང་འབྲེལ་བྱས་ནས“མཐའ་ལྕགས་དང་།བརྟན་ཁུངས།བརྟན་གཏོང”བཅས་མཉམ་དུ་ཤུགས་སྣོན་རྒྱག་པའི་བཅོས་སྐྱོང་ཐབས་ལམ་སྤྱད་དེ“2+1+12+N”བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་བཀོད་པ་ཁ་གསལ་བཟོས་པ་སྟེ།“ཚྭ་འདམ་གཤོང་སའི་བྱེ་ཐང་གི་མཐའ་འགོག་ཁུལ་དང་གསེར་ཆེན་རྫོང་གི་བྱེ་ཐང་འགག་སྒྲོལ་ཁུལ་གཉིས་ལ་སྐུལ་འདེད་བཏང་བ་དང་།ཏ་ཁྲའེ་ཏན་སྲིད་འཛིན་ཨུ་ལྷན་གྱི་རྒྱལ་ལམ་315ལམ་རྒྱུད”སོགས་གཙོ་གནད་ས་ཁོངས་མཐའ་འཁོར་གྱི་བྱེ་ཐང་མཐའ་མཚམས་ཀྱི་འགག་རྩའི་རྒྱུད་12ཀྱིས་ནགས་ཚལ་དང་།རྩྭ་ཐང་།འདམ་ར།ཐང་རྒོད་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོར་སྤྱི་འདོམས་སྐུལ་འདེད་བཏང་ནས་བྱེ་མའི་གནོད་འཚེ་དང་།ཆུའི་གནོད་འཚེ།ཞིང་ཁའི་འགོག་སྲུང་ནགས་ཚལ།རྩྭ་ཐང་གི་ཐེག་ཚད་ལས་བརྒལ་ནས་འབྲོག་ལས་བྱེད་པ།གཙང་པོ་དང་མཚེའུའི་འདམ་ར་སྲུང་སྐྱོང་བྱེད་དགོས།

2023ལོའི་ཟླ་11པར་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་ཞིང་ཆེན་ཡོངས་ཀྱི་ཐང་རྒོད་འགོག་བཅོས་དང“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ལ་ཤུགས་སྣོན་རྒྱག་པའི་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་2024ལོའི་ཟླ་5པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་2024ལོའི“བྱང་གསུམ”ལས་གྲྭའི་རྣམ་གྲངས་ཀྱི་འགོ་ཚུགས་ཚོགས་འདུ་འཚོགས་པ་རེད།

ཇི་ལྟར་བྱེད་པ་དང་ཇི་ལྟར་བྱས་ནས་སྒྲུབ་པར་ཚད་ལྡན་གྱི་དྲིས་ལན་ཡོད་པས་མཚོ་སྔོན་གྱི་ས་གནས་ཁག་གིས་དཔའ་ངར་ཆེར་སྐྱེད་ཀྱིས་རྗེས་འདེད་དང་མེ་ཤུགས་ཡོངས་སུ་སྤེལ་ཡོད།སླར་ཡང་བྱེ་ཐང་དུ་དམག་འཐབ་བྱེད་སྐབས་མཚོ་སྔོན་ལ་བློ་སྟོབས་ལྡན་པ་མ་ཟད།གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད།

གནད་སྨིན་ཕར་རྒོལ་གྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་ཐོན་པ།

འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་།མཚོ་སྔོན་གྱི་ས་གནས་ཁག་གིས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོར་བཙུགས་ཏེ་རྟ་ཡིས་མཚམས་མི་འཇོག་པར་གནད་སྨིན་ཕར་རྒོལ་བྱས་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་བྱེ་རའི་གང་སར་བྲེལ་འཚུབ་ཀྱི་རྣམ་པ་མངོན་ཡོད།ཞིང་ཆེན་དེ་ཡོངས་ཀྱི་སྡེ་ཚན་ཁག་གི་གཞོགས་འདེགས་དམ་ཟབ་འོག་མཚོ་སྔོན་གྱི་གོང་འོག་ཚང་མས་བློ་སེམས་གཅིག་སྒྲིལ་གྱིས་བྱེ་འགོག་བྱེ་བཅོས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཡོད།

——ཕྱོགས་བསྡུས་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོར་གྲུབ་འབྲས་གསར་པ་ཐོབ་ཡོད།

མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་།བྱེ་སྐྱོན།འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་དང་བཀག་སྡོམ་སྲུང་སྐྱོང་མཉམ་དུ་བྱས་ནས་བྱེ་ཁུལ་གྱི་གཙོ་གནད་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ན་གོར་མོ་སོགས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་མཚོ་ལྷོ་ཁུལ་ཡི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་རེད།

2023ལོ་ཁོ་ནར་མཚོ་སྔོན་གྱིས་རྨ་ཆུ་རྒྱུག་ཁུལ་དང་ཙོང་ཆུའི་ངོགས་སོགས་ས་ཁོངས་གཙོ་གནད་དུ་བྱས་ནས་ས་གནས་ཁག་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་མུའུ་ཁྲི་454.72ལེགས་སྒྲུབ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།“གལ་ཆེན་གཉིས་”ཀྱི་ཆེད་དམིགས་རྣམ་གྲངས་དང་།རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟ་དང་དཔེ་སྟོན།བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་མུའུ་ཁྲི་146.18ལེགས་གྲུབ་བྱུང་ཡོད།མཚོ་བོད་ས་མཐོའི(མཚོ་སྔོན)ས་ནག་གྲམ་ཐང་གི་ཞན་འགྱུར་རྩྭ་ར་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ལས་གྲྭ་ལག་བསྟར་བྱས་ནས་ཞན་འགྱུར་རྩྭ་ར་མུའུ་ཁྲི་762.29ཉམས་གསོ་བཅོས་སྒྲིག་བྱས་པ་དང་།ལྕགས་དྲ་སྨི་ཁྲི་200བསྐོར་བ།རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་མུའུ་ཁྲི་2007སྔོན་འགོག་ཚོད་འཛིན་བྱས་པ།ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་58.07%ཟིན་པ་བཅས་རེད།

དེ་དང་ཆབས་ཅིག་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་12ཀྱི“ཚད་ལྡན་ཅན་དང་།གྲངས་གཞི་ཅན།རིག་ནུས་ཅན”བཅས་ཀྱི་ནུས་པའི་མ་ལག་འཛུགས་སྐྱོང་དང་ཕན་འབྲས་ལྟ་ཞིབ་ཚད་ལེན་དཔྱད་དཔོག་དང་དེ་བཞིན་རྒྱུན་གཏན་གྱི་སྐོར་སྲུང་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བྱེ་ཁུལ་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ལམ་ལུགས་དོན་འཁྱོལ་བྱས་ནས་བྱེ་ཁུལ་གྱི་དཔལ་འབྱོར་དང་།སྤྱི་ཚོགས།སྣོད་བཅུད་བཅས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།ནུས་ཁུངས་གཙང་མའི་རྣམ་གྲངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་།ནུས་ཁུངས་དང་སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བློ་འདྲི་ཚོ་ཆུང་བཙུགས་ཏེ།ནུས་ཁུངས་གཙང་མའི་རྣམ་གྲངས་ཀྱིས་བྱེ་ཐང་དང་།མྱ་ངམ་ཐང་།ཐང་རྒོད་བཅས་དང་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་དུ་ཞིབ་བཤེར་ནན་པོ་བྱ་དགོས།

སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་བྱེ་འགོག་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་ཆགས་པར་བྱ་དགོས།     

སྣོད་བཅུད་ཐོན་ལས་ཀྱིས་ནགས་ཚལ་དར་རྒྱས་དང་དམངས་ཕྱུག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱིས་བྱེ་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་དང་།    དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་།    འོད་ཤུགས་བྱེ་བཅོས་།    ཁྱད་ལྡན་འདེབས་འཛུགས་སོགས་སྣོད་བཅུད་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་“ནགས་ཚལ་དང་ཤིང་འབྲས་དང་སྨན་”དང་“ནགས་ཚལ་དང་རྩྭ་དང་ཕྱུགས་”གཉེར་སྐྱོང་བྱེད་སྟངས་འཐུས་ཚང་དུ་བཏང་ནས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་།    སྣོད་བཅུད་ཡུལ་སྐོར་།    ནགས་ཚལ་འོག་དཔལ་འབྱོར།    ཀྲུང་བོད་སྨན་རྒྱུ་སོགས་ཀ་རྟེན་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་དགོས།     

“ཤར་རྒྱུད་ཀྱི་བྱེ་ཚེར་དང་ནུབ་རྒྱུད་ཀྱི་འཕང་འབྲས་”ཀྱི་བྱེ་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་རེས་སྐོར་གསུམ་པའི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི(2021ལོ་ནས་2025ལོ་བར)》བཟོས་པར་འགྲེམས་བྱས་ནས“ཚྭ་ཏ་མོའི”འཕང་འབྲསའི་སྤུས་རྟགས་མ་ལག་ཧུར་ཐག་གཏོད་རྒྱུ་རེད།     མིག་སྔར་ཞིང་ཆེན་ཡོངས་ཀྱི་བྱེ་ཁུལ་དུ་འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་50ཙམ་ཡོད་པ་དང་།    སྐྱེ་ལྡན་འཕང་འབྲས་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་10དང་།    ལྗང་མདོག་སྐྱེ་ལྡན་ཁེ་ལས་95ལྗང་མདོག་སྐྱེ་ལྡན་ཐོན་རྫས་351བཅས་གཏན་འཁེལ་བྱས་ཡོད་པས་ལོ་རེའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་100ཟིན་ནས་མང་ཚོགས་ཁྲི་10ཕྱུག་པོར་འགྱུར་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད།    

མིག་སྔར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་པ་དང་ཚྭ་འདམ་འཕང་འབྲས་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་ཁག་གཉིས་པར་གཏན་འཁེལ་བྱས་ནས་སྣོད་བཅུད་ཕན་འབྲས་དང་།དཔལ་འབྱོར་ཕན་འབྲས།སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་བྱུང་ནས་བྱེ་འགོག་བྱེ་བཅོས་ཀྱི་ནང་སྐྱེས་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

——ཞིབ་ཚགས་དམ་འཛིན་དང་དོན་འཁྱོལ་བྱས་ཏེ་དོ་དམ་སླར་ཡང་སྐས་རིམ་གསར་པར་སླེབས་པའི་འགན་ལེན་བྱེད་དགོས།

མཚོ་སྔོན་གྱིས་པར་རིས་འཁྱེར་ནས་གོང་ཞུ་བྱེད་པའི་འཆར་གཞི་དང་གནས་ཡུལ་གཤམ་སྤྲོད་ཀྱི་ལས་འགན་ལག་བསྟར་ཧུར་ཐག་བྱས་ནས་ས་གནས་ཁག་གིས་ནགས་བཟོའི་ལས་དོན་ཇུས་འགོད་དང་ཞིབ་བཤེར་བྱེད་སྐབས་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པའི་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།གཞོགས་འདེགས་དང་བཀོད་སྒྲིག་བྱས་ནས་ནགས་བཟོ་སྔོ་འགྱུར་བར་མཐོངས་ཀྱི་འཚམ་མཐུན་རང་བཞིན་གྱི་དཔྱད་དཔོག་གྲུབ་འབྲས་དང་།2022ལོའི་ནགས་བཟོའི་ལས་འགན་ལེགས་གྲུབ་ཟིན་པའི་གོང་གི་ལས་དོན་དང་གནད་དོན་གྱི་དཔེ་རིས་བཟོ་བཅོས།2023ལོའི་ནགས་བཟོའི་འཆར་གཞིའི་ལས་འགན་གྱི་དཔེ་རིས་སོགས་གོང་ཞུ་ལས་དོན་ལེགས་གྲུབ་བྱུང་ཡོད།

ནགས་བཟོ་སྔོ་འགྱུར་གྱི་གོང་ཚད་དོ་དམ་མ་ལག་བརྒྱུད་མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུས་ཏེ་དཔྱིད་དབྱར་དུས་ཀྱི་རྫོགས་ལྡན་དུས་མཚམས་ཀྱི་ནགས་བཟོ་དང་རྩྭ་འདེབས་གཟའ་འཁོར་རེའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་བཀོད་གཏོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“བྱང་གསུམ”འདུ་འགོད་ཀྱི་ཞན་འགྱུར་ནགས་ཚལ་མཐིལ་རྟོགས་བརྟག་དཔྱད་དང་ཞན་འགྱུར་ནགས་ཚལ་གྱི་མཐིལ་དཔྱད་དཔོག་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད།གཞུང་ལམ་གཡས་གཡོན་དང་གྲོང་ཁྱེར་དང་གྲོང་གསེབ་མཐའ་འཁོར་གྱི་ཞན་འགྱུར་ཚབས་ཆེན་གྱི་ནགས་ཚལ་གྱི་གཞི་གྲངས་མཛོད་ནང་འཇུག་རྒྱུ་བསྡོམས་རྩིས་བྱས་པར་གཞིགས་ན།ཞིང་ཆེན་དེ་ཡོངས་ཀྱི་རྫས་འགྱུར་ནགས་ཚལ་ཕྱིར་འཐེན་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་64.39ཟིན་པའི་ནང“བྱང་གསུམ”འདུ་འགོད་ཁུལ་དུ་མུའུ་ཁྲི་60.71ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག་མཚོ་སྔོན་ཞིང་ཆེན་གྱིས་2023ལོའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད“ལོ་ལྔ་ཚན་བཅུ་གསུམ་པའི”བྱེ་འགོག་བྱེ་བཅོས་ལས་དོན་གྱི་རྒྱལ་ཡོངས་ཀྱི་ཨང་གཉིས་པའི་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་།ཚན་པ་6དང་མི་སྒེར་5ལ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྔོན་ཐོན་མཉམ་སྡེབ་དང་།དཔེ་དམག་དང་སྔོན་ཐོན་མི་སྒེར་བཅས་ལ་བདམས་པ་རེད།

དཔེ་མཚོན་གསར་གཏོད་འཕེལ་རྒྱས།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐ་ལ་ཐང་གི་འོད་ཤུགས་གླིང་ཁུལ་དུ་སྐྱོད་སྐབས་གྲལ་སྟར་འགྲིག་པོར་བསྒྲིགས་པའི་འོད་ཤུགས་ལྷུ་ལག་འོག་གི་རྩྭ་སྔོ་ལྗང་གིས་ཁེངས།འདི་ན་སྔོན་ཆད་བྱེ་མ་སེར་པོར་གྱུར་ནས་རྩྭ་གང་ཡང་མི་སྐྱེ།གླིང་ཁུལ་གྱི་ལས་དོན་མི་སྣས་འོད་ཤུགས་ལྷུ་ལག་གི་ཉི་འོད་འགོག་པས་ས་ངོས་ཀྱི་ཆུའི་རླངས་འགྱུར་ནུས་ལྡན་ངང་ཆུང་དུ་ཕྱིན་པ་དང་རླུང་ཟད་ཉུང་དུ་ཕྱིན་པ་མ་ཟད།ད་དུང་ཆུ་འདྲེན་ཐུབ་པས་སྔོ་ཁེབས་གསོན་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བཤད་པ་རེད།ད་ཆ་མཚོ་ལྷོ་ཁུལ་དེ་འོད་ཤུགས་བྱེ་བཅོས་ཀྱི་དཔེ་མཚོན་དུ་གྱུར་ནས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ལ་ཐང་རྒོད་ཅན་བཅོས་སྐྱོང་གི་ཉམས་མྱོང་གསར་པ་མཁོ་འདོན་བྱས་ཡོད།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་།ཐང་རྒོད་ས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།“འོད་ཤུགས་+བྱེ་བཅོས”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་གསེར་ཆེན་རྫོང་མཐའ་ལ་ཐང་གི་སྤྱི་ལེ་ངོས་གྲུ་345ཡི་བྱེ་འགྱུར་ས་ཆའི་ཐོག་འཛམ་གླིང་ཐོག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆེ་ཤོས་ཀྱི་འོད་ཤུགས་གླིང་བསྐྲུན་ནས་གླིང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་བྱེ་འགྱུར་ས་ཆ་མུའུ་ཁྲི་41.75བཅོས་སྒྲིག་བྱས་ཡོད།གླིང་ཁུལ་ནང་གི་སྔོ་ཁེབས་ཁེབས་ཚད་50%ཟིན་པ་དེ་གླིང་ཁུལ་ཕྱི་རོལ་ལས་12%མཐོ་རུ་ཕྱིན་པ་དང་ས་ཁོངས་ཁག་གཅིག་གི་སྔོ་ཁེབས་ཁེབས་ཚད་80%ཟིན་ཡོད།རྩི་ཤིང་རིགས་7ནས་13བར་མང་དུ་ཕྱིན་ཡོད།གླིང་ཁུལ་ནང་གི་རྩྭ་སོས་པའི་ཐོན་ཚད་མུའུ་རེར་སྤྱི་རྒྱ་173.8ཟིན་པ་དེ་གླིང་ཁུལ་ཕྱི་རོལ་ལས་ལྡབ་4ཡིས་མཐོ་བ་ཡོད།ནུས་རྒྱུ་གཙང་མ་དེ་བྱེ་འགོག་བྱེ་བཅོས་དང་།ཐོན་ལས་དབུལ་སྐྱོར།ཞིང་འབྲོག་ཐོན་སྐྱེད།རིག་གནས་ཡུལ་སྐོར་བཅས་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།

གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གསེར་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་གོམ་སྟབས་རྒྱུན་ཆད་མེད་པར་སྤོས་ཡོད།ལོ་མང་ལག་ལེན་བྱས་པ་བརྒྱུད་བྱེ་འབྲུག་ཡུས་གཤོངས་སའི“བྱེ་འགོག་རྩྭ་གསོ་ཁུལ་དང་།བྱེ་འཇགས་ནགས་བཟོའི་ནགས་ཁུལ།ཞིང་ནང་འགོག་སྲུང་ནགས་དྲ་ཁུལ”བཅས་ཕྱོགས་གསུམ་གཞི་གཅིག་གི་ཕྱོགས་བསྡུས་རླུང་འགོག་བྱེ་འཇགས་མ་ལག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དང་།བྱེ་འབྲུག་ཡུས་ས་མཐོའི་ཐང་རྒོད་སྔོ་ལྗང་ཁུལ་བཏོད་པ།སྡོང་འཛུགས་ནགས་བཟོའི་ཁེ་བེད་བདག་ཐོབ་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཡོད།ལས་གྲྭའི་བྱེ་འཇགས་དང་སྐྱེ་དངོས་བྱེ་བཅོས་ཟུང་འབྲེལ་བྱེད་པའི་བཅོས་སྐྱོང་བྱེད་སྟངས་དང་དེ་བཞིན་སྡོང་འཛུགས་ནགས་བཟོའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་བརྒྱུད་རྒྱུན་གཏན་གྱི་ཤིང་འཛུགས་ནགས་བཟོའི་ལོ་དེའི་གསོན་ཚད་མཐོ་རུ་ཕྱིན་པ་མ་ཟད།ངལ་རྩོལ་ནུས་ཤུགས་ཀྱང་གྲོན་ཆུང་ཆེན་པོ་ཐུབ་ཡོད་པ་རེད།

ལམ་འགོག་ཅིང་རིང་།འགྲོ་ན་སླེབས་ཡོང་།མཚོ་སྔོན་ཞིང་ཆེན་གྱིས་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་ཞིང་ཆེན་ཡོངས་སུ་བྱེ་འགོག་བྱེ་བཅོས་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད།2024ལོའི་ཟླ་4ཚེས་12ཉིན་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ནགས་ཚལ(རྩྭ)ཀྲང་ཁྲེན་ཀང་དང་ཧྲེང་ཀྲང་སྤྱི་ཁྱབ་ནགས་ཚལ(རྩྭ)ཀྲང་ཝུའུ་ཞའོ་ཅུན་གྱིས་མཉམ་དུ་2024ལོའི་ནགས་ཚལ(རྩྭ)ཨང་2པའི་བཀའ་རྒྱ་སྟེ《“བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སྤྲད་པ་རེད།ཞིང་ཆེན་དེ་ཡོངས་ཀྱི་རིམ་ཁག་ནགས་ཚལ(རྩྭ)དཔོན་ལ“མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་བུར་བསྐྱོད་རྒྱུ”མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་འགག་སྒྲོལ་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

མཚོ་སྔོན་གྱིས་བྱེ་འགོག་བྱེ་བཅོས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཞིང་ཆེན་ཡོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་བཏང་ནས་བྱེ་འགོག་བྱེ་བཅོས་བྱ་གཞག་ལ་མཚོ་སྔོན་གྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།