མཚོ་སྔོན་གྱིས་གྲངས་གཞི་གསར་པ་དོན་གཉེར་བྱས་ཏེ་ལྗང་མདོག་གི་རྩིས་ནུས་ཀྱི“འཇོན་ཇུས”དོན་འཁྱོལ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

“སྤྲིན”ཐོག་གི་མཚོ་སྔོན་གང་འདྲ་ཞིག་ཡིན་ནམ།ཨ་ཆེན་གངས་རྒྱབ་ཀྱི་དབུས་སུ་བརྡ་རྟགས་5Gཡོད་པ་དང་གཙོད་ཕྲུག་སྐྱེ་བའི་ས་གནས་ས་ཐོག་ཏུ་བརྙན་ལམ་བསྐྱར་དུ་བརྒྱུད་སྤྲོད་བྱས་པ།“5G+རང་འགུལ་ཚོད་འཛིན”བླུགས་པའི་ཚྭ་འདོན་གྲུ་གཟིངས་ཁྲའར་ཧན་ཚྭ་མཚེའུ་རུ་ཤར་གཏོང་ཐུབ་པ།ལི་ཅ་ཞ་ཆུ་ཤུགས་གློག་ཁང་གི་རིག་ནུས་ཚོད་འཛིན་མ་ལག་ཡིན་པ།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་འབྲོག་པས་ལག་ཐོགས་ཁ་པར་བརྒྱུད་རིག་ལྡན་འབྲོག་རའི་གྲངས་གཞི་སྣ་ཚོགས་མཐོང་རྒྱུ་ཡོད།

དེ་དག་ཚང་མར་གཞི་གྲངས་རྩིས་རྒྱག་གི་འདེགས་སྐྱོར་འབོར་ཆེན་དགོས།ཐོན་སྐྱེད་ནུས་ཤུགས་གསར་པ་ཞིག་ཡིན་པའི་ངོས་ནས་རྩིས་རྒྱག་ཤུགས་དེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྟོབས་ཤུགས་སུ་གྱུར་ཡོད་ལ།གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་རིང་གི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན།འོན་ཀྱང་རྩིས་རྒྱག་ཐོན་ལས་ཀྱི་ནུས་ཁུངས་ཟད་གྲོན་ཆེ་བའི་ཁྱད་ཆོས་ཀྱིས་ལྗང་མདོག་ནུས་ཁུངས་ཐོན་སྐྱེད་དང་བེད་སྤྱོད་བྱ་རྒྱུ་དེ་གཡོལ་ཐབས་མེད་པའི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཡོད།མཚོ་ཚད་རྙོག་འཛིང་ཆེ་བའི་རྩིས་རྒྱག་དགོས་མཁོ་ལས་གཞི་གྲངས་ལྟེ་གནས་ཀྱི་གློག་སྤྱོད་ཚད་དེ་ལོ་རེར་10%ལས་བརྒལ་བའི་མྱུར་ཚད་ཀྱིས་རིམ་འཕར་བྱུང་ཡོད།དེར་བརྟེན“ལྗང་མདོག་རྩིས་རྒྱག་ཤུགས”ཀྱི་ཐ་སྙད་དུས་ཐོག་ཏུ་བྱུང་བ་རེད།

“ལྗང་གློག”ལ“ལྗང་རྩིག”འཕྲད་སྐབས“ཤར་རྩིས་”འཕྲད་སྐབས།མཚོ་སྔོན་ཞིང་ཆེན་གྱིས་འོད་ཤུགས་ལེབ་མོ་གཅིག་དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར་ཞིག་ལ་བརྟེན་ནས་ནུས་རྒྱུའི་མཐོ་གནོན་གློག་སྐུད་གཅིག་དང་ལྗང་མདོག་གིས་སྤུས་ཚད་ལ་བརྟེན་ནས་ལྗང་མདོག་གི་གློག་ཤུགས་འདེགས་སྐྱོར་བྱས་ཏེ་རྩིས་རྒྱག་ནུས་རྒྱུ་ཟད་གྲོན་ཐག་གཅོད་བྱེད་པའི“སྐྱེས་ཐོབ་ཀྱི་ཤེས་རབ་ཇུས་གཞི”བཏོན་པ་དང་འབྲེལ་ཁྱབ་ཁོངས་ཁག་ཏུ་སྔོན་ལ་སྤྱོད་ཀྱི་ཡོད་པ་རེད།

མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་རྩིས་རྒྱག་ཤུགས་དང་།འདེགས་སྐྱོར་ནི་ནུས་རྒྱུ།འབྱུང་འགྱུར་ནི་ནུས་རྒྱུ་གཙང་མ་བཅས་ཡིན་པ་དང་མཚོ་སྔོན་གྱི་ལེགས་ཆ་ཆེ་ཤོས་ནི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མ་དེ་རེད།ལྗང་མདོག་གི་རྩིས་རྒྱག་ནུས་པའི་ཐོན་ལས་བཏོད་དེ“ལྗང་མདོག་གློག་གཏོང”དེ“ལྗང་མདོག་རྩིས་རྒྱག”ཏུ་འགྱུར་བ་དང་།“གློག་ཐག”དེ“འོད་སྐུད”དུ་འགྱུར་བ།“ཝ་ཐེ”དེ“པི་ཐེ”ལ་འགྱུར་བ་བཅས་བྱས་ནས་མཚོ་སྔོན་བའི་འགན་འཁྲི་དང་གདམ་ག་ཞིག་ཏུ་གྱུར་ཡོད།

གྲངས་གཞི་དེ་འདྲ་ཞིག་ལ་དོ་ཁུར་བྱེད་རིན་ཡོད་པ་སྟེ།རྒྱལ་ནང་གི་གྲགས་ཅན་དྲ་རྒྱའི་བདེ་འཇགས་རིགས་གཅིག་མཁས་ཅན་མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་རྒྱག་ནུས་ཐོན་ལས་བློ་འདྲི་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ལུའུ་པའོ་ཧྭ་ཡིས་རྩིས་རྒྱག་མྱོང་བ་སྟེ།1000Pཡི་རྩིས་རྒྱག་ལྟེ་གནས་ཤིག་གི་ངོས་ནས་བརྗོད་ན།གློག་སྤྱོད་ཤུགས་ཚད་ཆན་ཝ་8000ནས་ཁྲི་1.6བར་ཡིན་ཚེ།རྩིས་རྒྱག་ལྟེ་གནས་ཀྱིས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་ཁྲི་24ཟིན་པ་དང་།ལོ་གཅིག་གི་གློག་ཚད་ཆུ་ཚོད་ཝ་ཁྲི་8760ཟད་གྲོན་དང་།    ལོ་གཅིག་གི་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.366ཟད་གྲོན་དང་།    ཐཱན་ཏུན་ཁྲི་6.4ཕྱིར་གཏོང་བྱེད་ཀྱི་ཡོད།    དེའི་ནང་ད་དུང་སྦགས་བཙོག་དངོས་པོ་གཞན་དག་ཕྱིར་གཏོང་བྱེད་ཀྱི་མེད།    

སྐབས་དེ་དུས་མཚོ་སྔོན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལ་རྒྱལ་ཁབ་ཕྱི་ནང་གི་ལྗང་མདོག་རྩིས་རྒྱག་ཁྱབ་ཁོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

མཚོ་སྔོན་གློག་དྲའི་འབུད་གཏོང་རྐྱེན་གྲངས་ནི་ཆུ་ཚོད་རེར་ཆན་ཝ་རེར་སྟོང་ཁེ་0.095ཡིན་པ་དེ་རྒྱལ་ཡོངས་ཀྱི་ཆན་ཝ་རེར་སྟོང་ཁེ་0.61ཡི་ཆ་སྙོམས་ཆུ་ཚད་ལས་ཧ་ཅང་དམའ་བ་ཡོད།ལྗང་མདོག་གློག་ཐོན་སྐྱེད་དང་བརྒྱུད་གཏོང་ནས་བསྡུ་ཉར་གཙང་སེལ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ཐུབ་པ་དང་ཆབས་ཅིག་ཐཱན་འབུད་གཏོང་གིས་མཛེས་ལྗོངས་ཧྲིལ་པོར་ལྟ་ཞིབ་ཚད་ལེན་ཐུབ་རྒྱུ་རེད།འདི་ལོའི་དུས་ཚིགས་དང་པོར་མཚོ་སྔོན་དང་ཧོའུ་ནན་ཐད་རྒྱུག་བགྲོད་ལམ་གྱི་རྣམ་གྲངས་རྐྱང་པས་རིམ་རྩིས་བྱས་ན་ཧོའུ་ནན་དང་།ཅང་ཤིས།ཧུའུ་པེ།ཁྲུང་ཆིང་།སི་ཁྲོན།ཧྲང་ཧའེ་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་ནུས་རྒྱུ་གཙང་མའི་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་527བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་1500ཙམ་ཟིན་པ་དེ་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་4400ཉུང་དུ་ཕྱིན་པ་དང་མཚུངས།

གྲངས་གཞི་ཁག་གཉིས་གྲུབ་པའི་མངོན་གསལ་དོད་པའི་བསྡུར་བ་ལས་མཚོ་སྔོན་གྱི་ལེགས་ཆ་མངོན་གསལ་དོད་དུ་ཕྱིན་ཡོད།“གོ་སྐབས་དེར་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་རྒྱག་ནུས་ཐོན་ལས་གཏོད་པའི་སྤྱིའི་དམིགས་ཚད་སྟངས་འཛིན་གཏིང་ཟབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་ཧ་ཅང་འདང་བ་དང་།གློག་རིན་ཧ་ཅང་དམའ་བ།ལྗང་མདོག་གློག་གཏོང་ཧ་ཅང་ལེགས་པ།གནམ་གཤིས་ཧ་ཅང་ལེགས་པ།ནུས་རྒྱུ་ཟད་གྲོན་ཧ་ཅང་ཉུང་བ།དྲིན་ལན་ཧ་ཅང་མཐོ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ‘ཤར་རྩིས་ནུབ་རྩིས’ཀྱི་རྒྱལ་ཁབ་ཀྱི་བཀོད་པ་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་རྒྱག་ནུས་དྲ་དང་མཉམ་འདྲེས་ཀྱི་ནུས་པ་ལྡན་པའི་འཕེལ་རྒྱས་ཀྱི་ཚད་གཞི་མངོན་འགྱུར་བྱས་ནས་ནུབ་རྒྱུད་ལ་གཞི་ཚུགས་པ་དང་།ལྗང་མདོག་ནུས་རྒྱུ་མཉམ་འདྲེས་ཀྱི་ཅེས་མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས་ད་དུང《ལྗང་མདོག་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་དཔྱད་བསྡུར་གཏན་འབེབས》དང《ལྗང་མདོག་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་རྒྱུ་གཙང་མ་བེད་སྤྱོད་ཀྱི་གདེང་འཇོག་བྱེད་ཐབས》སོགས་ལྗང་མདོག་རྩིས་རྒྱག་ནུས་པའི་ས་གནས་ཀྱི་ཚད་གཞི་ཁག་5བཟོས་པ་དེ་འདི་ལོའི་ཟླ་1ཚེས་28ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ས་གནས་ཀྱི་ཚད་གཞི་བཟོ་བའི་ཞིང་ཆེན་ཐོག་མ་དེར་གྱུར་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་དང་།“ཤར་རྩིས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་བཀོད་པའི་ནང་མགྱོགས་མྱུར་ཞུགས་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱས་པ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་འབྲོག་པ་རྣམས་ཀྱིས་ནོར་གནག་གིས་ཁེངས་པ་དང་མཉམ་དུ་རྒྱུག་མི་དགོས་པར་གྲངས་གཞི་ཆེན་པོའི་ལས་སྟེགས་ཀྱི་བརྙན་ཤེལ་བརྒྱུད་འབྲོག་རའི་གནས་ཚུལ་མཐོང་ཐུབ་པ་དང་འབྲོག་པའི་ཕྱུགས་འཚོ་བའི་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད།ད་དུང་ནོར་གནག་གི་ལྗིད་ཚད་དང་།གྲངས་འབོར།བདེ་ཐང་།ལུས་རྩལ་བཅས་ཀྱི་གནས་ཚུལ་མཐོང་ཐུབ་པ་དང་གསོ་ཚགས་བརྒྱུད་རིམ་རང་འགུལ་ཅན་དུ་གྱུར་ནས་འབྲོག་པའི་གསོ་ཚགས་མ་གནས་དམའ་རུ་ཕྱིན་པ་དང་འབྲོག་ལས་ཐོན་ལས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།ད་ཆ་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དེ་བས་མང་བ་གྲངས་གཞིའི་རྟེན་གཞིར་བརྟེན་ནས“བློ་གྲོས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

གྲངས་གཞིའི་དཔལ་འབྱོར་དུས་རབས་ཀྱི“རྨང་གཞིའི་འཛུགས་སྐྲུན་གསར་པ”ཞིག་ཡིན་པའི་ངོས་ནས་རྩིས་རྒྱག་ནུས་པའི་དྲ་རྒྱའི་བཀོད་སྒྲིག་གིས་འབྱུང་འགྱུར་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱིས་ཀྱང་མཚོ་སྔོན་ཞིང་ཆེན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རེ་བ་མང་པོ་མཁོ་འདོན་བྱས་ཡོད།འོན་ཀྱང་ནུས་རྒྱུ་ཟད་གྲོན་ཆེ་བའི་དུད་ཚང་ཆེན་པོ་ཞིག་ཡིན་པའི་གྲངས་གཞི་ཆེན་པོའི་རྟེན་གཞི་ལ་སྔར་བྱུང་མྱོང་མེད་པའི་ནུས་རྒྱུ་ཟད་གྲོན་དང་ཚ་འཐོར་གྱི་འགྲན་སློང་འཕྲད་ཡོད།

ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་གནས་པའི་ཀྲུང་གོ་སྦྲེལ་མཐུད(མཚོ་སྔོན)གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་རྟེན་གཞིར་བསྐྱོད་དེ་ལས་རེས་མི་སྣས་སྐོར་ཞིབ་བྱེད་པ་དང་གྲངས་གཞིའི་ལྟེ་གནས་ནང་ཞབས་ཞུའི་འཕྲུལ་ཆས་མགྱོགས་མྱུར་འཁོར་སྐྱོད་བྱེད་པ་དང་འཕྲུལ་འཁོར་སྒྲོམ་གྱི་གློག་འོད་འཕྲོ་བཞིན་ཡོད་པ་རེད།

“རྟེན་གཞིའི་ས་བཟུང་རྒྱ་ཁྱོན་མུའུ་100ཟིན་པ་དང་དུས་ཐེངས་གསུམ་ལ་ཕྱེ་ནས་འཛུགས་སྐྲུན་བྱས་ཡོད།ད་ཆ་དུས་ཐེངས་དང་པོའི་རྣམ་གྲངས་ཚད་ལྡན་འཕྲུལ་སྒྲོམ་6000བསྐྲུན་ཟིན་པ་དང་།དྲ་སྦྲེལ་རྐང་འཛིན་དྲ་རྒྱའི་ཐགས་ཞེང་3600Gཡོད་པ།རྒྱལ་ཁབ་CQCགྲངས་གཞིའི་ལྟེ་གནས་ཀྱི་Aརིམ་པའི་ཁས་ལེན་དང་རྒྱལ་ཁབ་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་ཁས་ལེན་དཔང་འདོན་བརྒྱུད་དུས་ཐེངས་གཉིས་པ་དང་གསུམ་པའི་རྣམ་གྲངས་བསྐྲུན་རྗེས་ཚད་ལྡན་འཕྲུལ་སྒྲོམ་ཁྲི་2ཟིན་ཡོད”རྟེན་གཞིའི་མཐོ་རིམ་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་རེན་ཡུང་མིང་གིས་མཚོ་སྔོན་དུ་ཕུན་སུམ་ཚོགས་པའི་དྭངས་གཙང་ནུས་རྒྱུ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་4མན་གྱི་གྲང་ངར་ཆེ་བའི་གནམ་གཤིས་ཁོར་ཡུག་གི་ལེགས་ཆ་ལས་བྱུང་བ་ཞིག་ཡིན་པ་དང་།གྲངས་འབོར་མང་པོ་ཡོད་པའི་གྲངས་གཞི་དེ་གར“རྩིས་རྒྱག་ནུས་པ་རིང་བའི་གཙང་པོ”ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།རྟེན་གཞིས་སྔོན་ཐོན་གྱི་གཞན་བརྒྱུད་རླངས་འགྱུར་གྲང་བཟོའི་ལག་རྩལ་སྤྱད་པ་དང་ལོ་རེར་ཆ་སྙོམས་PUEརིན་ཐང་(གློག་ནུས་བེད་སྤྱོད་ལས་ཕྱོད)1.2མན་ཟིན་པ་དེ་རྒྱལ་ཡོངས་ཀྱི་རིག་ནུས་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཀྱི་རང་བྱུང་གྲང་གྲུ་ཁ་ཞིག་ཡིན་པ་དང་རྩིས་རྒྱག་ནུས་པ2600PFlopsཟིན་ཡོད།

“གྲངས་གཞིའི་དཔལ་འབྱོར་དུས་རབས་སུ་རྩིས་རྒྱག་ནུས་པ་དེ་ཆུ་དང་།གློགརླངས་བཅས་དང་འདྲ་བའི་རྨང་གཞིའི་ཐོན་ཁུངས་སུ་གྱུར་ཡོད”རན་ཡུང་མིང་གིས་གྲངས་གཞི་དང་རྩིས་རྒྱག་ནུས་ཀྱི“ཁྱིམ”ཡིན་པའི་གྲངས་གཞི་ཆེན་པོའི་རྟེན་གཞིས་རྩིས་རྒྱག་མ་ལག་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་འགན་འཁྲི་འཁུར་ཡོད་ལ་མཐའ་སྣེའི་སྤྱོད་མཁན་གྱིས་གྲངས་འཛིན་འཛམ་གླིང་གི་དགོས་མཁོར་ཡང་འདེགས་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།འབྱུང་འགྱུར་དེ་གར་ད་དུང་མཚོ་སྔོན་གྱི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ལྗང་མདོག་གློག་རྩིས་ཐོན་ལས་གླིང་ཐོག་མ་དེ་བསྐྲུན་ནས་མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ཐོན་ལས་གཏོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

ལག་ཐོགས་ཁ་པར་དངུལ་ཁང་གི་ཁ་ཕྱེ་ན།སྟབས་བདེའི་མིའི་གདོང་དབྱེ་འབྱེད་གོ་རིམ་ཁོ་ན་ལས་རྙོག་འཛིང་ཆེ་བའི་ལས་སྒོ་སྒྲུབ་ཐུབ།སྔ་དགོང་གི་རི་རྩེར་རླངས་འཁོར་བཏང་ནས་ལས་ཀ་བྱེད་པ་དང་ཕྱོགས་སྟོན་གྱིས་དུས་ཐོག་གི་ལམ་གྱི་གནས་ཚུལ་ལ་གཞིགས་ནས་ཁྱེད་ལ་ལམ་ཐིག་ཡག་ཤོས་འཆར་འགོད་བྱེད་ཀྱི་ཡོད།དྲ་ཐོག་ནས་དངོས་ཟོག་ཉོ་སྒྲུབ་བྱེད་སྐབས་ཁྱེད་ཀྱིས་ཤེས་རྟོགས་བྱེད་འདོད་ཆེ་ཤོས་ཀྱི་ཚོང་ཟོག་ཤོག་ངོས་དང་པོར་ཡོད་པ་སོགས་གྲངས་འཛིན་འཚོ་བ་དེ་སྔ་ས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད།གལ་ཏེ་5Gདང་Aབསྣན་ན།ཁྱེད་ཀྱི་བློ་གྲོས་འཚོ་བ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་དགོས།

ཉེ་ཆར་ཀྲུང་གོ་སྒུལ་བདེས་ཧང་ཁུལ་གོ་ལ་ཧྲིལ་པོར་5G-Aཚོང་སྤྱོད་བཀོད་སྒྲིག་ཐོག་མར་བཏོན་ནས་པེ་ཅིང་དང་།ཧྲང་ཧའེ།ཀོང་ཁུལ།ཧྲེན་ཀྲེན།ཟི་ལིང་སོགས་ཚུད་པའི་དྲ་རྒྱའི་ཚོང་སྤྱོད་གྲོང་ཁྱེར་5G-Aཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།འབྱུང་འགྱུར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་5G-Aཚོང་སྤྱོད་དྲ་རྒྱ་བསྐྲུན་རྒྱུ་རེད།

“ཉེ་བའི་ལོ་ཤས་རིང་།ཟི་ལིང་གྲོང་ཁྱེར་གྱིས་ཀྲའོ་སྟོང་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་།ཟི་ལིང་གི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་དང་།གཙང་གསུམ་མགོ་ཁུངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས།ཀྲའོ་སྟོང་5Gའོད་དྲ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཟི་ལིང་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལྗང་མདོག་ནུས་པ་མུ་མཐུད་བརྟན་དུ་བཏང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བཟོ་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

5G-Aནི5G-Advancedཡི་བསྡུས་མིང་ཡིན་པ་དང་།རྒྱུན་དུ་5.5Gཟེར་ཞིང་།དེ་ནི་5Gནས་6Gའཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་མཚམས་ཤིག་ཡིན་པ་དང་།མྱུར་ཚད་དེ་བས་མཐོ་བ་དང་།སྦྲེལ་མཐུད་དེ་བས་ཆེ་བ།དུས་ཚོད་དེ་བས་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།སྤྱོད་མཁན་གྱིས་དྲ་རྒྱ་5.5Gསྦྲེལ་མཐུད་བྱས་རྗེས་སྤྱོད་ཆོག་པའི་ཐགས་ཞེང་དེ་ཀྲའོ་100ནས་ཀྲའོ་260བར་འཕར་བ་དང་།ཕབ་ལེན་མྱུར་ཚད་ནི་སྲོལ་རྒྱུན་གྱི་5Gལས་ལྡབ་3ནས་4བར་ཡིན་པ་རེད།

དེར་བརྟེན་ཟི་ལིང་གྲོང་ཁྱེར་གྱིས་གཉེར་སྐྱོང་ཚོང་པའི་དྲ་འཕྲིན་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཞབས་ཞུའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོ་སྒུལ་བདེ་ཟི་ལིང་ཡན་ལག་ཀུང་སིས་ཟི་ལིང་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ལི་མོང་དང་ཐང་ཏའོ་སོགས་ཚོང་ཁང་བདམས་ནས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་5G-Aལས་རིགས་ཀྱི་དཔེ་སྟོན་ཁུལ་ཐོག་མ་དེ་བཏོད་དེ་ནུབ་རྒྱུད་ཞིང་ཆེན་གྱི་དཔེ་སྟོན་གྲོང་5G-Aསྔར་བས་བཏོད་ཡོད།བརྒྱུད་ཚོར་གཞི་གཅིག་ཅན་དང་།རྩིས་རྒྱག་རིག་ནུས་གཞི་གཅིག་ཅན།མཁའ་དབྱིངས་གཞི་གཅིག་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད་5Gནུས་པའི་མཐའ་མཚམས་རྒྱ་ཆེར་བཏང་བ་དང་།གྲངས་གཞི་གསར་པའི་འཚོ་བ་གསར་པར་འགྱུར་བ།ཐོན་ལས་ཀྱི་གྲངས་རིག་རིམ་སྤོར་ལ་རམ་འདེགས་བཅས་བྱས་པ་བརྒྱུད་ལག་རྩལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དང་བསྟུན་ནས་5.5Gརྣམ་པ་དེ་བས་མང་བའི་ནང་འདྲེས་ཐུབ་རྒྱུ་རེད།

“གྲངས་”དང་བསྟུན་ནས་མ་འོངས་པར་ཕྱོགས་པ།གྲངས་གཞིའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འབྱུང་འགྱུར་མཚོ་སྔོན་ཞིང་ཆེན་གྱིས་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ལྗང་མདོག་རྩིས་རྒྱག་ཐོན་རྫས་དང་ཞབས་ཞུའི་ནུས་པ་མཁོ་སྤྲོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཆབས་ཅིག་རིག་ལྡན་གྲོང་ཁྱེར་དང་།གྲངས་འཛིན་ཐོན་ལས།དམངས་འཚོའི་ཞབས་ཞུ་སོགས་ཁྱབ་ཁོངས་སུ་གྲངས་འཛིན་གྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ནས་5Gདང་།སྤྲིན་རྩིས་AIགྲངས་གཞི་ཆེན་པོ་སོགས་ཁྱབ་ཁོངས་ཀྱི་སྔོན་སྤེལ་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དུས་རབས་ཀྱི་མཚོ་སྔོན་གྱི་ལེའུ་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།