རྨ་ཙོང་མཁར་དུ་དཔྱིད་ཀྱི་དཔལ་མོ་བཞད་དེ་རིན་གནས་ཡུལ་སྐོར་ལ་བཀྲག་མདངས་གསར་པ་བསྣན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་ཤར་རྒྱུད་ཀྱི་རྨ་ཙོང་ལུང་བར་གནས་པའི་མཚོ་ཤར་གྲོང་ཁྱེར་ནི་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀ་སླེབས་སྔ་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང་།དེ་གའི་དྲོ་སྐྱིད་ལྡན་པའི་དཔྱིད་རླུང་གིས་དགུན་དུས་ཀྱི་གྲང་ངར་རབ་ཏུ་འཕྲོ་བ་དང་།ས་གཞི་ཆེ་མོར་སྔོ་ལྗང་དང་།སྐྱེ་དངོས་ཐམས་ཅད་སོས་པ།མེ་ཏོག་རབ་ཏུ་བཞད་པ་བཅས་ཀྱི་ཐོག་ནས་མི་རྣམས་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་ཕ་ཡུལ་གྱི་མཛེས་སྡུག་མྱོང་རོལ་བྱེད་པའི་དུས་སུ་སླེབས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

མཚོ་སྔོན་གྱི“དཔྱིད་ཀ་མཐོང་སྔ་ཤོས་ཀྱི་ས་ཆ”ཡིན་པའི་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནི་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་ཡག་པོ་ཞིག་རེད།

ཉེ་སྔོན། གཞོང་ཐང་རྫོང་མཱ་ཡོན་ཤང་ཁྲོན་ཁོའུ་གྲོང་ཚོའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་པ་དང་ཁམ་བུའི་ལྡུམ་རའི་ནང་གི་ཁམ་སྡོང་དེ་མི་རྣམས་ཀྱིས་ཁེངས་པའི་རྣམ་པའི་ཐོག་ནས་འདབ་མའི་སྐྱ་མདོག་མངོན་ཡོད།

“ཉིན་དེ་གཉིས་རིང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཉིན་ལྟར་ལྡུམ་རའི་ནང་སྲུང་གི་ཡོད།ནང་མི་གཞན་དག་གིས་གོ་རེ་བཟོས་ནས་མཛེས་ལྗོངས་ཁུལ་དུ་འཚོང་གི་ཡོད་པས་ཉིན་གཅིག་ལ་དངུལ་སིལ་མ་ཕྲན་བུ་རག་གི་ཡོད”ཞ་ཁྲོན་ཁོའུ་གྲོང་ཚོའི་གྲོང་མི་པའོ་ཡུང་ཧུང་ཁྱིམ་གྱིས་ཁམ་བུ་བཏབ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བ་དང་ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་རིམ་བཞིན་ཚ་ཚ་འུར་འུར་དུ་སོང་བ་དང་བསྟུན་ནས་སྲིད་གཞུང་སྡེ་ཚན་གྱི་རོགས་རམ་འོག་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྐུལ་ཁྲིད་ཀྱི་ཕན་འབྲས་ལ་བརྟེན་ནས་སྔོག་འདོན་བྱེད་པའི་དུས་ཚོད་ཚང་མར་ཡུལ་སྐོར་བ་མི་ཉུང་བ་ཞིག་བསུ་རྒྱུ་རེད།དེ་དང་ཆབས་ཅིག་སྣ་ཁ་གསར་པ་རྒྱུན་ཆད་མེད་པར་ནང་འདྲེན་བྱས་པས་སྣ་ཁ་རྙིང་པར་གྱུར་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ཁམ་བུའི་ཚོང་ལམ་ལ་སེམས་ཁྲལ་མེད་པས་ལོ་ལྟར་ཐོན་ལས་དེ་ཁོ་ནར་ཡོང་འབབ་སྒོར་ཁྲི་4ཙམ་ཡོང་གི་ཡོད།

“ང་ཚོས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་གི་ཡོད།མིག་སྔའི་བར་ཤང་ཡོངས་སུ་ཁམ་སྡོང་དང་ལི་ཤིང་སོགས་ཤིང་འབྲས་མུའུ་2500ལྷག་ཙམ(སྤྱི་ཆིང་166.7ལྷག་ཙམ)བཏབ་པ་དང་།ལོ་ལྟར་དཔྱིད་ཀ་དང་།དབྱར་སྟོན་གྱི་དུས་ཚིགས་གསུམ་པར་ཡུལ་སྐོར་བ་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་མང་ཚོགས་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་200ཟིན་ནས་ད་ཆ་བཟའ་བཏུང་དང་།ཞག་སྡོད།རོལ་རྩེད།མཛེས་ལྗོངས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྣེ་ལེན་ལྟེ་གནས་ཤིག་བསྐྲུན་ཡོད”ཅེས་མཱ་ཡོན་ཤང་གི་ཤང་ཀྲང་གཞོན་པ་མཱ་ཤིའུ་ཧྥང་གིས་ངོ་སྤྲོད་བྱས།

དཔྱིད་དུས་མེ་ཏོག་ལ་ལྟ་བ་དང་དབྱར་དུས་ཁམ་བུ་འཐུ་བ་དེ་པའོ་ཡུང་ཧུང་གི་ཁྱིམ་ཚང་དང་འདྲ་བར་ཁམ་བུའི་ལོ་རྒྱུས་ལྡན་པའི་ཞ་ཁྲོན་ཁོའུ་གྲོང་ཚོའི་གྲོང་མི་གཞན་དག་ཡོད་པ་མ་ཟད།ཁམ་བུའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་དང་བསྟུན་ནས་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།

ཁམ་བུའི་ནགས་ཚལ་གྱི་མེ་ཏོག་གི་ཁྲོད་དུ་དཔྱིད་དཔལ་རབ་ཏུ་འཕྲོ་བ་དང་།དེ་ནས་ནུབ་ཕྱོགས་སུ་སྤྱི་ལེ་50ཡོད་པའི་ལེ་ཏུའུ་ཆུས་ཉན་པོ་ཁྲོམ་གཞུང་གི་ཞ་ཀྲའེ་གྲོང་ཚོར་འབྱོར་བ་དང་།དེ་གའི་ལི་སྡོང་15000གངས་ཀྱིས་ཁེངས་པ་དང་གྲོང་ཚོར་ཡང་ལོ་གཅིག་ནང་གི་འཁྲུག་ཆ་དོད་ཤོས་ཀྱི་དུས་ཚིགས་ཤིག་བསུས་ཡོད།

ཉེ་སྔོན། ཞ་ཀྲའེ་གྲོང་ཚོའི་ལི་ཡུན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་གྲོང་མི་ཚང་མས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ཡིན་པའི་ངོས་ནས་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་བ་སྒྲོག་ཙེ་རེ་རེ་བཞིན་བསུ་བཞིན་ཡོད་པས་བྲེལ་བ་ཆེན་པོ་བྱེད་ཀྱི་ཡོད།“ཉེ་བའི་ལོ་གཉིས་རིང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་གྲོང་ཚོའི་ནང་གི་ལི་ཧྭ་སྐད་གྲགས་རིམ་བཞིན་ཆེ་རུ་ཕྱིན་ཡོད།ངའི་ཁྱིམ་གྱི་སྒོ་ར་ཆུང་ཆུང་དེ་ལི་མེ་ཏོག་བཞད་པའི་ཉིན་དེ་དག་རིང་མགྲོན་པོ་ཧ་ཅང་མང་པོ་ཡོད།སང་ཉིན་ནི་ལིའི་མེ་ཏོག་དུས་ཆེན་ཡིན་པས་དེ་རིང་ལས་ཀྱང་མང་བ་ཡོད་པས་དོ་དགོང་ལས་དུས་འཕར་མ་བྱས་ནས་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད”ཀོན་ཆོན་ཀྲུང་གིས་གསར་འགོད་པར་ཁོང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གིས་ལོ་ལྟར་དཔྱིད་དུས་མེ་ཏོག་ལ་ལྟ་བའི་དུས་ཚིགས་སུ་གཉེར་སྐྱོང་བྱེད་མང་ཤོས་ཀྱི་དུས་སུ་སླེབས་ཀྱི་ཡོད།ཟླ་རེར་ཡོང་འབབ་སྒོར་ཁྲི་5ཡོད་པ་མ་ཟད།དེ་གར་གླ་པ་རྒྱག་མཁན་གྲོང་མི་བརྒྱད་ལ་ཉུང་མཐར་ཡང་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཐུབ་ཀྱི་ཡོད་པས་རང་ཉིད་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད།ད་དུང་གྲོང་ཚོའི་མི་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད།

མེ་ཏོག་གི་རྒྱ་མཚོ་ཞེས་པའི་་སྐད་གྲགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་གྲོང་མི་མི་ཉུང་བ་ཞིག་གིས་ཡུལ་སྐོར་གྱི་ཚ་རླབས་ལ་བརྟེན་ནས་སྒོ་རྩར་ཚོང་རྒྱག་གི་ཡོད།

“མེ་ཏོག་ལ་ལྟ་བའི་མཛེས་ལྗོངས་ནི་གྲོ་ཚང་ཆུས་ཀྱི་འདི་ལོའི་དཔྱིད་དུས་ཡུལ་སྐོར་གྱི་ཆ་ཤས་ཤིག་ཡིན་པ་དང་།མཐོ་ལྷ་ཁང་གི་གྲོང་གསེབ་ཡུལ་སྐོར་དུས་ཚིགས་དང་ཆུས་སྟེགས་ཀྱི‘མེ་ཏོག་འདུ་ཚོགས’ཡིན་པ་མ་ཟད།ད་དུང་དུས་ཚིགས་ཀྱི་བྱེད་སྒོ་ཆེ་གྲས་ཁག་གཅིག་ཚང་མ་དང་ཐུག་འཕྲད་བྱ་རྒྱུ་ཡིན།ང་ཚོས་དམངས་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་མཛེས་ལྗོངས་ལ་ལྟ་བ་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་རོལ་དབྱངས་ཀྱི་གྲོང་ཁྱེར་ཁྱོན་ཡོངས་ནས་མངོན་པར་བྱ་རྒྱུ་དང་དེའི་རིང་ཚོང་ཟོག་སྤེལ་རེས་དང་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་སོགས་ཀྱི་ལྷུ་ཚིགས་ཀྱང་ཡོད”གྲོ་ཚང་ཆུས་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའེ་ཅིང་གིས་གྲོ་ཚང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་དང་རྨང་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད།ཁོང་ཚོས་དུས་འགོར་གྲོང་གསེབ་ཀྱི་ཡུལ་སྐོར་ལ་དམིགས་ནས་བཟའ་བཏུང་དང་ཞག་སྡོད་ཞབས་ཞུའི་མི་སྣ་གསོ་སྦྱོང་བྱས་པ་མ་ཟད།“ཟ་སྡོད་དང་རོལ་རྩེད་སྨན་པའི”ཁྲོད་ཀྱི་སྨན་བཅོས་འགན་ལེན་གཅིག་མང་དུ་བཏང་ནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས།

མེ་ཏོག་ལ་ལྟ་བའི་དུས་ཚིགས་སུ་དམངས་དང་།ཁམ་བུའི་མེ་ཏོགགྲོ་ཚང་བཅས་ཀྱི་ལི་ཧྭ་ཕུད།མཚོ་ཤར་གྱི་དཔྱིད་ཀ་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་སྲང་ལམ་ཁག་གི་མེ་ཏོག་དང་།དུས་བདེའི་ཁུལ་གྱི་རི་ཀླུང་ཀུན་ཏུ་ཁྱབ་པའི་ཁམ་བུའི་མེ་ཏོག་ནགས་ཚལ་དུ་བཞད་ཡོད།

འོན་ཀྱང་མེ་ཏོག་ཁོ་ནར་བལྟས་ན་མི་འདང་བས་ད་དུང་རི་ཆུ་དང་ཆུར་བལྟས་ནས་རིག་གནས་ལ་བལྟ་དགོས།ཡུལ་སྐོར་དུམ་བུ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་མཚོ་ཤར་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་གསར་པ་འཕེལ་བའི་འགག་རྩ་ཞིག་རེད།

དཔའ་ལུང་ཧུད་རིགས་རང་སྐྱོང་རྫོང་དུ་ཀོ་བརྙན་སྒྱུ་རྩལ་ཟློས་གར་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚོས་ཉིན་ལྟར་རྫོང་དེའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་རྟེན་གཞིའི་ནང་ཚོན་མདོག་སྣ་ལྔའི་གཟུགས་བརྙན་ལ་བརྟེན་ནས་ཡུལ་སྐོར་བར་རྨ་ཆུ་དང་ཙོང་ཆུའི་བུ་ཕྲུག་གི་ལོ་རྒྱུས་རིག་གནས་དང་འཚོ་བ་གསར་རྐྱང་འཁྲབ་སྟོན་བྱེད་ཀྱི་ཡོད།

རྟེན་གཞི་དེའི་ནང་ད་དུང་ཧྭ་ལུང་གི་སྲོལ་རྒྱུན་ཤིང་བརྐོས་བཟོ་པས་ལག་རྩལ་ཇི་ལྟར་བྱས་ནས་ས་ཆ་དེར་རྒྱུན་འཛིན་བྱེད་དགོས་པའི་སྐོར་བརྗོད་ཀྱི་ཡོད།ཐང་གའི་སློབ་དཔོན་གྱིས་རྩེར་སོན་རིག་གནས་ལོ་རྒྱུས་བྲིས་པར་ལྟོས།འགྲེམས་སྟོན་བྱས་པའི་དཔའ་ལུང་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་15དང་བཤམས་སྟོན་བྱས་པའི་འགྲེམས་རྫས་400ལྷག་ཙམ་གྱི་ཁྲོད་ནས་འགྱུར་ལྡོག་ཆེན་པོའི་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས།ཐུན་མོང་མ་ཡིན་པའི་སྣོད་བཅུད་ཉམས་འགྱུར་བཅས་ཤེས་རྟོགས་བྱས་ཡོད།

ཡ་རྫི་རྫོང་དུ་ངག་རྒྱུན་དུ་རྨ་ཆུའི་མཚོ་ཁུག་དང་པོར་འབོད་པའི་ཆིང་ཧྲུའེ་མཚོ་ཁུག་ཏུ་“དེ”ཞེས་པའི་ཡི་གེའི་དབྱིབས་ཀྱི་དཀྱོག་ཆེན་པོ་ཞིག་དཀྱོག་ནས་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་ཆགས་ཡོད།ཡུལ་སྐོར་གྲུ་གཟིངས་བསྡད་དེ་རྨ་ཆུའི་སྟེང་དུ་བསྐྱོད་པ་དང་།ཆུ་ལམ་གྱི་ངོགས་གཉིས་སུ་རི་ཚོགས་ཀྱིས་ཁེངས་པ་དང་།ལུང་ཤུར་འཕྲེད་གཞུང་དུ་རྒྱུག་པ།རྨ་ཆུའི་ཆུ་བོ་དྭངས་ཤིང་གཙང་བ།གྲོག་རོང་ནང་གི་ཏན་ཞའི་ས་དབྱིབས་དང་རྔ་མོང་གཉིས་དང་མཉམ་དུ་“གནམ་འོག་གི་རྨ་ཆུ་མཛེས་སྡུག་ལྡན་པའི་”མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ནས་ཡུལ་སྐོར་བ་དེ་གར་ཡུལ་སྐོར་བྱེད་པར་ཡོང་བའི་བྱང་བུ་ཞིག་ཏུ་གྱུར་ཡོད།

ཇི་ལྟར་བྱས་ནས་མི་མང་བའི“རྒྱུག་ཚད”དེ་རྒྱུན་མཐུད་ཀྱི“འཇོག་ཚད”ལ་འགྱུར་བ་བྱེད་དགོས་སམ།རིག་གནས་ཡུལ་སྐོར་ཐོན་ལས་ཇི་ལྟར་བྱས་ནས་ཡོད་པ་ནས“སྟོབས་ཆེ”བར་འགྱུར་ལྡོག་ཡོང་བ་བྱེད་དགོས་སམ།མཚོ་ཤར་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་རིག་གནས་ཡུལ་སྐོར་གྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ“ཡུལ་སྐོར+”“ཡུལ་སྐོར་+”ཞེས་པའི་རྩོམ་ཡིག་ཡག་པོ་བསྒྲུབས་ནས་རང་འདོད་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་ཡུལ་སྐོར་ཐོན་ཁུངས་ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

“ང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མི་མངོན་པའི་སྣོད་བཅུད་རིན་ཐང་དེ་དངོས་ཡོད་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་།སྤྱི་འདོམས་འཆར་འགོད་མཐའ་འཁྱོངས་དང་།རིག་རྩལ་གསར་རྩོམ་མངོན་གསལ་དོད་པ།ཐོན་རྫས་མཁོ་སྤྲོད་གསར་གཏོད།མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་།དམངས་ཕྱུག་འབབ་འཕར་ལ་དམིགས་པ།‘ཝན་ཐེན་མཚོ་ཤར’གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད”ཅེས་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཀྲེན་ཤིན་གྱིས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།