མཚོ་སྔོན་ཡུལ་ཤུལ་ཁུལ་གྱི“སྲོལ་རྒྱུན་འབྲོག་ལས”དང“སྣོད་བཅུད་མྱོང་ཚོར”གྱི་བདེ་སྐྱིད་འཚོ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ས་མཐོར་གངས་འཁྱགས་མ་བཞུར་ནའང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་ངམ་ར་གྲོང་ཚོའི་ངོས་ནས་བརྗོད་ན།བྲེལ་འཚུབ་ཆེ་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

ངམ་ར་གྲོང་ཚོའི་ཕྱི་རོལ་ཡུལ་སྐོར་ཚད་ཡོད་ཀུང་སིའི་གཡུ་འབྲུག་ལྷ་རྩེའི་རི་འཛེག་སྒར་ས་ཆེ་མོའི་ནང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་རྒྱལ་གྱིས་ཁ་པར་བརྒྱབ་ནས་ཡུལ་སྐོར་ཚོགས་པ་དང་འབྲེལ་མཐུད་བྱེད་ཞོར་དུ་གྲོང་མི་དང་མཉམ་དུ་གུར་བརྒྱབ་ཡོད་པ་རེད།

“ཉེ་ཆར་ཞིང་ཆེན་ཕྱིའི་ཉམས་ལེན་པ་མང་པོ་ཞིག་ལ་སྣེ་ལེན་ཞུ་དགོས་ཀྱི་ཡོད།ཉིན་ལྟར་ཁ་པར་ཟམ་མི་ཆད་པར་རྒྱག་གི་ཡོད།སྐུ་མགྲོན་གྱི་དགོས་མཁོ་གསལ་པོ་ཤེས་པ་བྱེད་དགོས་པ་མ་ཟད།ད་དུང་རྨང་གཞིའི་སྒྲིག་བཀོད་ལ་ཞིབ་བཤེར་ནན་ཏན་བྱས་ནས་ཚང་མར་རང་བྱུང་སྣོད་བཅུད་མྱོང་ཚོར་ཐུབ་པ་བྱེད་པ་དང་ཆབས་ཅིག་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པའི་སྒར་སར་ཉམས་ལེན་ཡང་བྱེད་དུ་འཇུག་དགོས”ཅེས་བཤད།

གཡུ་འབྲུག་ལྷ་རི་ནི་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་རྩེ་མཐོ་ཤོས་ཡིན་པ་དང་ས་བབ་མཐོ་ཚད་སྨི་6178ཡོད་པ་དང་ཉེ་བའི་ལོ་ཤས་རིང་དམངས་ཁྲོད་རི་འཛེག་ལུས་རྩལ་གྱི་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་རིམ་བཞིན་འགྱུར་བ་དང་དེའི་ལྷོ་ངོས་ནི་རྣམ་ར་གྲོང་ཚོའི་ས་ཁོངས་སུ་ཡོད།ངམ་ར་གྲོང་ཚོའི་གཡུ་འབྲུག་ལྷ་རྩེའི་རི་འཛེག་སྒར་ས་ཆེ་མོར་ལོ་གཅིག་ནང་གི་ཚ་རླབས་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད།ཚེ་བརྟན་སྐྱབས་ཀྱིས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་མི་དང་མཉམ་དུ་ཉིན་ལྟར་མཐུན་སྦྱོར་འགན་ལེན་སོགས་ཀྱི་ལས་དོན་ཁག་བཀོད་སྒྲིག་བྱེད་བཞིན་ཡོད་པས་ཁོམ་པ་མེད་པའི་དུས་ཚོད་ཧ་ཅང་ཉུང་།

ཆུ་དམར་ལེབ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཡུན་རིང་གསོག་འཇོག་བྱས་པའི་དམངས་ཁྲོད་རི་འཛེག་གི་རྨང་གཞིར་བརྟེན་ནས་2021ལོར་ཨང་ལ་གྲོང་ཚོས་ཆུ་དམར་ལའེ་ཨང་ལ་གྲོང་ཚོའི་ཕྱི་རོལ་ཡུལ་སྐོར་ཚད་ཡོད་ཀུང་སི་བཙུགས་ནས་གཡུ་འབྲུག་ལྷ་རྩེའི་རི་འཛེག་སྒར་ས་ཆེ་མོ་བསྐྲུན་པ་དང་ལོ་དེར་རི་འཛེག་ལ་དགའ་པོ་བྱེད་མཁན་མི་ཐེངས་1100ཙམ་གྱི་ཡིད་དབང་བཀུག་པ་དང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་བརྒྱ་ལས་བརྒལ་བ་དེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་ཕྱེད་ཀ་ཡན་བཟུང་ཡོད་པ་རེད།སྣོད་བཅུད་ཉམས་ལེན་གྱིས་ངམ་ར་གྲོང་ཚོའི་གྲོང་མིའི་འཚོ་བ་དེ་བས་ཕྱུག་པོར་གྱུར་ཡོད།

སྒོ་འགྲམ་གྱི་རི་འཛེག་ཉམས་ལེན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་བ་མཐོང་སྐབས་གྲོང་མི་ཚེ་ཏིང་གིས་ཞིབ་འཇུག་བྱེད་འགོ་ཚུགས་པ་དང་།ཐོག་མའི་ལམ་ཐིག་རྒྱུས་མངའ་ཡོད་པ་ནས་རིམ་བཞིན་རི་འཛེག་མཁན་ཁྲིད་པའི་བར།ན་ནིང་ལོ་མཇུག་ཏུ་ཁོང་གིས་རང་སྦྱོང་ཧུར་ཐག་བྱས་པ་བརྒྱུད་དམའ་རིམ་རི་མཐོའི་ཕྱོགས་སྟོན་ལག་ཁྱེར་ལ་རྒྱུགས་བླངས་པ་རེད།

“ཚེ་བརྟེན་ལྟ་བུའི་གྲོང་ཚོ་དེ་གའི་ན་གཞོན་ཚོར་ང་ཚོས་ཁོང་ཚོ་དེའི་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད།ཁོང་ཚོ་དང་ས་ཆ་གཞན་གྱི་ཉམས་ལེན་པ་དབར་སྐད་ཡིག་སྤེལ་རེས་ཐད་གནད་དོན་མེད་ལ་འབྲེལ་ཡོད་ཆེད་ལས་ཤེས་བྱ་ཡང་མགྱོགས་མྱུར་སྦྱངས་ནས་སྒར་ས་ཆེ་མོའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་ཆབས་ཅིག་རང་ཉིད་ཀྱི་ཡོང་འབབ་ཀྱང་མང་དུ་འགྲོ་ངེས་རེད”ཅེས་བཤད།

ཡོང་འབབ་ཡག་པོ་ཡོད་མེད་གྲོང་མིས་བཤད་པ་ལྟར་ཐག་གཅོད་བྱེད་དགོས།“རི་འཛེག་ལ་ཁྲིད་སྟོན་བྱེད་པའི་འགྲོ་གྲོན་ཐེངས་གཅིག་ལ་སྒོར་3000ཡིན་པ་དང་ཡག་ཤོས་སུ་ཟླ་རེར་ཡོང་འབབ་སྒོར་18000ནས་20000བར་རག་གི་ཡོད་པ་མ་ཟད།རི་འཛེག་མྱོང་མཁན་ལ་མཐོ་གྲང་ཁོར་ཡུག་གི་གཟུགས་པོའི་ཁུར་པོ་ཡང་དུ་གཏོང་གི་ཡོད།གོང་ཐེངས་རྗེས་མར་ཡོང་འབབ་སྒོར་1600ཡོང་གི་ཡོད།ཡུལ་སྐོར་བ་མང་བའི་དུས་སུ་ཆ་སྙོམས་ཟླ་རེར་སྒོར་བདུན་སྟོང་ཙམ་ཡོང་གི་ཡོད།རང་ཉིད་ཀྱི་འགྲོ་སོང་གི་རྨང་གཞིའི་ཐོག་ད་དུང་ཁྱིམ་དུ་ཕྲན་བུ་ལུས་ཀྱི་ཡོད”ཅེས་བཤད།

ད་ཆ་གཡུ་འབྲུག་ལྷ་རྩེའི་ལྷོ་ངོས་ཀྱི་རི་ལྡེབས་སུ་རི་འཛེག་མཁན་རྒྱུན་ཆད་རྒྱུ་མེད་པ་དང་ཚེ་བརྟེན་རྒྱལ་དང་གྲོང་མི་ཚོ་བྲེལ་བརྩོན་ཆེན་པོ་བྱེད་ཀྱི་ཡོད།“ཇོ་རིའི་རི་འཛེག་པར་ཡོང་མཁན་ཧ་ཅང་མང་པོ་ཡོད།ང་ཚོས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི‘གྲང་ཐོན་ཁུངས་དེ’གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི‘ཚ་ནུས་ཐོན་ལས’ལ་གྲུབ་འབྲས་ཐོབ་པའི་ངང་གྱུར་ནས་ཚང་མའི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཚེ་བརྟན་སྐྱབས་ཀྱིས་དགའ་སྤྲོའི་ངང་ཞག་སྡོད་དང་།བཟའ་བཏུང་སྣེ་ལེན།སྣེ་ཤན་པའི་ཞབས་ཞུ་སོགས་ཁེ་སྤོགས་ཀྱི་རྣམ་པ་སྣ་ཚོགས་ལས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི་100ལྷག་ཙམ་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན།ཐོན་ལས་གཉིས་པའི“བསྡུ་འཕར་འབྲེལ་ཐག”ཡག་པོ་བསྐྲུན་ཆེད།ངམ་ར་གྲོང་ཚོས་ད་དུང་དཀར་ཆུའི་ཐོན་རྫས་དང་།ནོར་ལུག་བལ་གྱི་བཏགས་རྫས་སོགས་ལས་སྣོན་མཉམ་ལས་ཁང་སྐྱེད་སྲིང་བྱས་ནས“འོ་མའི་ས་ཚིགས་དང་འོ་མ་ཁང”གི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་དང་དྲ་ཐོག་ཉོ་ཚོང་ལས་སྟེགས་བསྐྲུན་པས་ལོ་ལྟར་ཡོང་འབབ་སྒོར་ཁྲི་15བྱུང་ཡོད་པ་རེད།

སྣོད་བཅུད་ཉམས་ལེན་ཚ་ཚ་འུར་འུར་ངང་གྲོང་ཚོའི་སྲོལ་རྒྱུན་གྱི་རྣམ་གྲངས་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད།དེ་སྔ་ངམ་ར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་ལྡན་སྤུས་རྟགས་མེད་པ་དང་།སྒོར་ཁྲི་150ཡི་སྐྱེ་འཕེལ་ཐུབ་པའི་བཞོན་མའི་རྣམ་གྲངས་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་12ལས་མེད།འབྲོག་པའི་ཁྱིམ་ཚང་གི་རྩྭ་ར་ཁ་ཐོར་དུ་གནས་པ་དང་།ཁྱིམ་ཚང་ཚང་མས་ནོར་ནག་གསོ་བཞིན་ཡོད་ཀྱང་གྲངས་འབོར་མང་པོ་མེད་པས་གཞི་ཁྱོན་གྱི་ཕན་འབྲས་ཐོན་དཀའ་བ་རེད།

དེར་བརྟེན་ངམ་ར་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་འབྲི་ཆུའི་གྲུ་ཁ་བདུན་གྱི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས་འབྲོག་པ་དང་བོགས་གཏོང་གན་རྒྱ་བཞག་པ་དང་འབྲོག་པའི་ལག་གི་སྤུས་ལེགས་རྩྭ་ར་བསྡུ་སྒྲིལ་བྱས་ཏེ་དུས་བཀག་ལྟར་བོགས་གཏོང་འགྲོ་གྲོན་སྤྲོད་པ་དང་ཆབས་ཅིག་འབྲོག་པའི་ཁྱིམ་གྱི་ནོར་ལུག་ཐད་ཀར་ཉོས་པ་དང་།དེ་རྗེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མིང་ཐོག་ནས་དངུལ་བུན་གཡར་ནས་ནོར་ནག་དང་བོད་ལུག་ཉོས་ཏེ“རྒྱུད་སྤེལ་ལས་གྲྭ”བཙུགས།

རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བ་བརྒྱུད་ད་ཆའི་ངམ་ར་གྲོང་ཚོར“འབྲོང་”དེ“ཐོན་ལས་ཆེན་པོར”འགྱུར་བ་དང“རྟེན་གཞི་དང་མཉམ་ལས་ཁང་།འབྲོག་ལས་ལག་རྩལ།འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་སྤྱད་དེ་འབྲོང་དང་ཁྱིམ་གསོས་འབྲི་མོ་རྒྱུད་སྤེལ་ལ་སྐུལ་འདེད་བཏང་ནས་ནོར་ནག་གི་ཁྲག་རྒྱུད་ལེགས་བཅོས་བྱས་ཏེ་འབྲོག་ལས་ཀྱི་ཁྱད་ལྡན་“ཉིང་ལྷེབ”སྲུང་སྐྱོང་ཏན་ཏིག་བྱས་ཡོད།

གཞན་ཡང་གྲོང་ཚོར་བཙུགས་པའི་མཁོ་ཚོང་ཁང་གིས་ཀྱང་འབྲོག་པ་མང་ཚོགས་ཀྱིས་འཚོ་བའི་དངོས་ཟོག་དང་ནོར་ལུག་གི་གཟན་རྩྭ་ཉོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།དགུན་དུས་འབྲོག་པ་མང་པོས་ཐག་ཉེ་ས་ནས་གཟན་རྩྭ་ཉོས་ཏེ་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།ངམ་ར་གྲོང་ཚོས་ཐོན་ལས་ཆུང་གྲས་དེ་ལྟ་བུ་སྐྱེད་སྲིང་བྱས་པ་བརྒྱུད་བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་པ་མ་ཟད།ས་གནས་དེ་གའི་འབྲོག་པའི་ལས་ཞུགས་དང་ཉོ་སྒྲུབ་སོགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་པ་ཐོབ་མཁན་ཀུན་བཟང་ཚེ་རིང་གི་ཁྱིམ་གྱིས་དེ་སྔ་རང་ཁྱིམ་དུ་ནོར་ནག་གསོ་ཚགས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་མ་ཟད།ནོར་ནག་ཉོ་ཚོང་བྱེད་ཐབས་རྐྱང་པ་ཡིན་པས་ཡོང་འབབ་ཀྱང་བརྟན་པོ་མེད།གྲོང་ཚོའི་མཉམ་ལས་ཁང་ལ་མ་རྐང་བཞག་པ་བརྒྱུད་ནོར་ནག་མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་བྱས་ནས་ནུས་པ་ཆེ་ཤོས་འདོན་སྤེལ་བྱས་པས་ཕན་འབྲས་ཆེ་ཤོས་ཐོབ་ཡོད།

“ཕྱུགས་རིགས་དང་རྩྭ་རའི་མ་རྐང་ནང་ཞུགས་པས་ལས་ཕྱོད་དང་ཡོང་འབབ་མང་དུ་ཕྱིན་པ་དང་།ནོར་ལུག་ལ་ཆེད་མངགས་མི་སྣས་ལྟ་རྟོག་བྱེད་པ།མཉམ་ལས་ཁང་གི་འཕེལ་རྒྱས་ཉིན་རེ་ལས་ཉིན་རེར་ཡག་ཏུ་ཕྱིན་པ།ང་ཚོའི་འཚོ་བའང་ཉིན་རེ་ལས་ཉིན་རེར་ཡག་ཏུ་ཕྱིན་ཡོད”ཅེས་ཀུན་བཟང་ཚེ་རིང་གིས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།