མང་རྫོང་གིས་སྐྱེ་ཁམས་ནགས་སྲུང་བའི་ཆེད་ལས་རྩལ་ནུས་དང་མེ་ཟོན་འཁྲབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

ཉེ་ཆར། མང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡིས་མང་རྫོང་གི་སྐྱེ་ཁམས་ནགས་སྲུང་བའི་ཆེད་ལས་རྩལ་ནུས་མཐོར་གཏོང་དང་མེ་ཟོན་འཁྲབ་སྦྱོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཞང་གྲོང་དྲུག་གི་སྐྱེ་ཁམས་བདག་སྐྱོང་བ110ལྷག་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ནང་ཞུགས།སྐྱེ་ཁམས་བདག་སྐྱོང་བ350ལྷག་མེ་ཟོན་འཁྲབ་སྦྱོང་ནང་ཞུགས། 

ཐེངས་འདིའི་གསོ་སྦྱོང་དེ་རྫོང་ནགས་ལས་ས་ཚིགས་ཀྱི་མགོ་བས་མགོ་འཛིན་བྱས་པ་དང་།རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡན་ཧུའེ།རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་ཚན་ཁག་གི་ཁོངས་མི་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།ཞིང་ཆེན་དང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་ཅུའུ་དང་རྫོང་ཁྲིམས་འཛིན་ཅུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཆེད་མཁས་པ་གདན་དྲངས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་དང་།ནགས་ཚལ་གྱི་ནད་འབུའི་གནོད་འཚེ་འགོག་བཅོས།ནགས་སྲུང་བའི་འོས་འགན།རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་བའི་མཉམ་འགུལ་དོ་དམ་མ་ལག་བཀོལ་སྤྱོད་སོགས་ལ་དམིགས་ནས་ཆེད་ལས་ཅན་གྱིས་འགྲེལ་བཤད་བྱས།

  ཐེངས་འདིའི་གསོ་སྦྱོང་བརྒྱུད་སྐྱེ་ཁམས་བདག་སྐྱོང་བའི་འགན་འཁྲི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་།ནགས་ཚལ་མེ་སྐྱོན་སེལ་བའི་རྒྱུན་ཤེས་དང་རྩལ་ནུས་ཇེ་ཆེར་ཕྱིན་ཏེ།རང་རྫོང་གི་སྐྱེ་ཁམས་བདག་སྐྱོང་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་།ཚང་མས་བཤད་རྒྱུར།གསོ་སྦྱོང་བརྒྱུད་ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོང་དང་མེ་ཟོན་ལས་དོན་ལ་ངོས་འཛིན་ཟབ་མོ་བྱུང་བ་དང་།སླད་ཕྱིན་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་དང་སྲུང་སྐྱོབ་ཡག་པོ་བྱས་ནས་སྔོ་ལྗང་གི་རི་ཆུ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།