མཚོ་སྔོན་གྱི“ན་གཞོན་གྱི་བློ་སྒོ་འབྱེད་པའི་འཆར་གཞིའི”སེམས་ཁམས་ཚན་རིག་ཁྱབ་གདལ་སློབ་གསོའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཀྲུང་གོ་བྱིས་པ་དང་ན་གཞོན་ཐེབས་རྩ་ལྷན་ཚོགས་ཀྱི་ཅི་ཀོང་ཆེད་དོན་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་མཚོ་སྔོན་གྱི“ན་གཞོན་གྱི་བློ་སྒོ་འབྱེད་པའི་འཆར་གཞིའི”སེམས་ཁམས་ཚན་རིག་ཁྱབ་གདལ་སློབ་གསོའི་སྤྱི་ཕན་བྱེད་སྒོ་དེ་ཟླ4པའི་ཚེས15ཉིན་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས། བྱེད་སྒོའི་དུས་ཡུན་ཉིན4ཡིན་པ་དང“གསོ་སྐྱོང་གཉིས་ཀྱི་རྨང་གཞི་སྟོབས་ལྡན་ལས་གྲྭ”ལ་བརྟེན་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ན་གཞོན་གྱི་ལེགས་ཆ་དང་མི་མངོན་པའི་ནུས་པ་སྔོག་འདོན་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱ་རྒྱུ་རེད།

བྱེད་སྒོའི་སྟེང་ཟི་ལིང་གྲོང་ཁྱེར་གྱི་སློབ་མ240ཡི་ཡིད་འཛིན་ནུས་པ་དང་། མཉམ་འཇོག་གི་ནུས་པ། ཚོར་ཤེས། སྒོ་འབྱེད་རང་བཞིན་དང་། དགའ་སྤྲོའི་རང་བཞིན། འགན་འཁྲི་སྒྲུབ་པའི་རང་བཞིན།  ཕྱི་ཕྱོགས་རང་བཞིན། ཕ་མའི་ཞེན་ཆགས་ཀྱི་རྣམ་པ། གྲོགས་པའི་འབྲེལ་བ་དང་དེ་བཞིན་ལུས་ཕུང་གི་བདེ་ཐང་། སྲོག་ཤིང་སློབ་སྦྱོང་ནུས་པ། སྲོག་ཤིང་ཤེས་རྟོགས་ནུས་པ། འཚར་ལོངས་རང་བཞིན་གྱི་བསམ་གཞིགས། ལས་རིགས་འཕེལ་རྒྱས་འཆར་འགོད་སོགས་ཚུད་པའི་ཕྱོགས་མང་པོའི་ཆེད་ལས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས། ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་འབྲས་བུ་ཐད་རྣམ་གྲངས་ཆེད་མཁས་པ་ཚོགས་པས་སློབ་གྲྭ་དང་ཁྱིམ་བདག་ལ་རང་གཤིས་ཅན་གྱི་གསོ་སྐྱོང་གྲོས་འགོ་བཏོན་ཡོད།

བྱེད་སྒོའི་ནང་ད་དུང་ཀྲུང་གོའི་ཚན་རིག་ཁང་སེམས་ཁམས་ཞིབ་འཇུག་སུའོ་ཡི་ཆེད་མཁས་པ་གདན་དྲངས་ནས་ཆེད་དོན་སྤྱི་ཕན་འཆད་ཁྲིད་ཐེངས་བཞི་གཉེར་རྒྱུ་རེད། ཆེད་མཁས་པས“ལུས་རྩལ་དུས་ཚོད་གཅིག་བྱས་ན་བདེ་ཐང་ངང་འཚར་ལོངས་ཡོང་བར་སེམས་ཁུར་བྱེད་མི་དགོས། བྱིས་པའི་ལུས་རྩལ་གྱིས་ཀླད་པ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་གསང་བ།” “སེམས་ཁམས་བདེ་ཐང་ལ་དོ་ཁུར་དང་། བློ་གྲོས་ཀྱི་སྒོ་མོ་འབྱེད་པ རང་ཉིད་ཀྱི་ཡོན་ཏན་ཤེས་ཅིང་དེ་ལ་བརྟེན་ནས་འབྱུང་འགྱུར་ལམ་དུ་སྙེག”“བྱིས་པ་ཚང་མ་འཕེལ་རྒྱས་ཡག་པོ་ཡོང་ཆེད་ཁྱོན་ཡོངས་ནས་དབྱེ་འབྱེད་དང་གསོ་སྐྱོང་གནད་ལ་འཁེལ་བ་བྱེད། ”བཅས་བརྗོད་བྱ་གཙོ་བོར་བྱས་པའི་ཆེད་དོན་འཆད་ཁྲིད་ལ་སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་དགའ་བསུ་དང་གདེང་འཇོག་བཟང་པོ་ཐོབ།

ཐེངས་འདིའི་སྤྱི་ཕན་བྱེད་སྒོའི་ནང་ཆེད་ལས་ཚད་ལེན་ཚོད་ལྟ་ཡོ་བྱད་དང་མིས་བཟོས་རིག་ནུས་ལག་རྩལ་ཟུང་འབྲེལ་བྱས་ནས་ཚད་ལེན་ཚོད་ལྟ་གཞི་གྲངས་ལ་དབྱེ་ཞིབ་བྱས་ཏེ། བྱིས་པ་དང་གཞོན་ནུའི་ཤེས་རྟོགས་ཆུ་ཚད་དང་། སེམས་ཁམས་དོ་དམ། སེམས་ཁམས་གནས་ཚུལ། ཁྱིམ་ཚང་གི་ཕ་མ་དང་བུའི་འབྲེལ་བ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་དང་། ཚན་རིག་དང་མཐུན་པའི་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད་ཕྲུ་གུ་ཚང་མའི་དམིགས་བསལ་གྱི་མི་མངོན་པའི་ནུས་པ་དང་དགོས་མཁོ་གསལ་སྟོན་བྱེད་པའི་ཐད་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས། སླད་ཕྱིན་གྱི་སློབ་གསོ་ལག་ལེན་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།