མདའ་བཞིའི་ཝ་མགྱོགས་ཆུ་ངོགས་ཀྱི་ཁྲུང་ཁྲུང་སྐེ་ནག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར།    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཆུ་ངོགས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་འཛོམས་བཞིན་ཡོད།      ལོ་རེའི་ཟླ་3པའི་ཟླ་སྨད་དུ་ཁྲུང་ཁྲུང་སྐེ་ནག་རྒྱུད་སྤེལ་གནས་ཡུལ་དུ་འཕུར་ཏེ་ཟླ10པའི་ཟླ་སྨད་དུ་སླར་ཡང་ལྷོ་ཕྱོགས་ནས་དགུན་སྒྲོལ་དུ་འཕུར་ནས་མཚོ་སྔོན་དང་ཀན་སུའུ།    ཡུན་ནན།    སི་ཁྲོན་སོགས་སུ་འགྲོ་འོང་བྱེད། དེ་ནི་འཛམ་གླིང་ཐོག་གི་མཐོ་སྒང་ནས་འཚར་ལོངས་དང་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་ཞིག་ཡིན།       ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་འདམ་རའི་སྣོད་བཅུད་ཁོར་ཡུག་བཟང་པོས་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་བྱ་རིགས་མང་པོ་འགུག་བཞིན་ཡོད།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།