རང་རེའི་དྲ་བའི་འཕྲིན། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའི་གཞུང་ཕྱོགས་དྲ་བའི་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་ཁག་བདུན་པའི་མིང་འདོགས་སྐོར་གྱི་སྤྱི་བསྒྲགས་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་པ་རེད།
གཙང་གསུམ་ཆུ་འགོའི་དབུས་སུ་གནས་པའི་མགོ་ལོག་ཁུལ་ལ“གངས་ལྗོངས་ས་གཙང་། གསང་བའི་མགོ་ལོག”ཅེས་པའི་མཚན་སྙན་ལྡན་པ་དང་།དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ནུས་པའི་ཁུལ་གལ་ཆེན་ཞིག་ཡིན་ལ།“ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་།མགོ་ལོག་ཁུལ་གྱིས་མཐོ་ཚད་ལ་དམ་པོར་དམིགས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དམིགས་ཚད་ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྲོད་གོམ་སྟབས་བརྟན་པོ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།རྒྱལ་ཁབ་ས་ཆ་སྔོ་འགྱུར་མུའུ་ཁྲི་94.7བྱས་པ་དང་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་98.6%ཡན་ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།ལོ་བཅུའི་རིང་རིམ་རྩིས་བྱས་ན་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི་276.35ཉམས་གསོ་བྱས་པས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སླར་གསོ་བྱུང་བ་དང་།གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།སྐྱེ་ཁམས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད་པ་རེད།འབྲོག་པ་ཁྲི་ཕྲག་མང་པོ་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་ནས་སྐྱེ་ཁམས་གནས་སྤོས་ཡུལ་མིའི་གྲོང་ཚོར་སྤོས་པ་དང་།རིམ་རྩིས་བྱས་ན་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་སྤྲད་དེ་ཕྱུགས་རིགས་ཁྲི་50ལྷག་ཙམ་(ཁོ་ན)ཉུང་དུ་བཏང་བ་རེད།འབྲོག་པ་ཁྲི་1ལྷག་ཙམ་སྐྱེ་ཁམས་བདག་སྐྱོང་བར་གྱུར་ནས“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་པ”བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་ཟིན་ནས་འབྲོག་པ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་ཧུར་ཐག་ཞུགས་ཏེ་སྲོལ་རྒྱུན་གྱི་འབྲོག་ལས་དེ་དེང་རབས་སྐྱེ་ཁམས་འབྲོག་ལས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
དུས་མཚུངས་མགོ་ལོག་ཁུལ་གྱིས་ལེ་ལག་ཚང་བའི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་།རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས།གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་།རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འཆར་འགོད་ཇུས་གཞི་རབ་དང་རིམ་པ་བཟོས་ཡོད།《མགོ་ལོག་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར》དང《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་འཆར་འགོད(2023ལོ་ནས་2035ལོ་བར)》བཟོས་པ་དང《མགོ་ལོག་ཁུལ་གྱི“ལམ་ཐིག་གསུམ་དང་རེའུ་མིག་གཅིག”གི་སྐྱེ་ཁམས་ཁོར་ཡུག་འཇུག་འཐུས་གསལ་ཐོའི》པར་འགྲེམས་བྱས་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད།ཁོར་ཡུག་ཉེན་ཁ་སྔོན་འགོག་ཚོད་འཛིན།ཐོན་ཁུངས་གསར་སྤེལ་ལས་ཕྱོད་བཅས་ཀྱི་ཚོད་འཛིན་ཚོད་འཛིན་མ་ལག་བཙུགས་ཡོད།མཚོ་སྔོན་ཞིང་ཆེན་དུ་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་བྱས་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྱོད་གཞི་21ཐག་གཅོད་བྱས་པ་དང་།ལྡོག་ལན་གནད་དོན་ཁག་12བཅོས་སྒྲིག་བྱས་ནས་ཐོ་འགོད་བྱས་པ།རྨ་ཆུའི་ཉེན་བརྡའི་པར་གཞི་དང་།རྨ་ཆུའི་གཟུགས་པོ་བརྟག་དཔྱད།ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གི་འཆར་ཅན་ལྟ་ཞིབ་སོགས་ཀྱི་གནད་དོན་དག་ཐེར་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་ཡོད།2019ལོ་དང་།2020ལོ།2021ལོ་བཅས་ལ་མགོ་ལོག་ཁུལ་གྱིས་བསྟུད་མར་ལོ་གསུམ་ལ་མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དཔྱད་ཞིབ་ནང“ཕུལ་བྱུང”ལ་བདམས་པ་རེད།
གཞན་ཡང་། གསར་འགོད་པས་ཤེས་རྟོགས་བྱུང་བར།མགོ་ལོག་ཁུལ་གྱིས“གཟུགས་འདས་ཤུལ་བཞག་རིག་གནས+”ལག་ལེན་གྱི་ཐབས་ལམ་ལ་བརྟེན་ནས་དུས་རབས་གསར་པའི་རིག་གནས་སྐྱེ་ཁམས་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་རེད།2014ལོར་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་ཚུན།མགོ་ལོག་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་དང་དེ་བཞིན་འཕེལ་རྒྱས་བྱུང་བའི་རིག་གནས་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་སྲུང་སྐྱོབ་བྱས་ཡོད།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་།རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་བརྟེན་ནས་དེ་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་སྤྱི་ཡོངས་ལས་དོན་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ་གེ་སར་རིག་གནས་ལྟེ་བར་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་།དངོས་པོའི་རིག་གནས་ཤུལ་བཞགསྤྱི་ཚོགས་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་སྤྱི་ཡོངས་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས།ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་།སྲོལ་རྒྱུན་བཟོ་རྩལ་དབུལ་སྐྱོར་རྟེན་གཞི།“མཚོ་སྔོན་གྱི་འཚེམ་དྲུབ”བཟོ་ཁང་།དམངས་ཁྲོད་ལྷ་མོ་ཚོགས་པ་སོགས་སྐྱེད་སྲིང་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་ཅན་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཞིང་སྔར་ལས་བདེ་སྐྱིད་ལྡན་པར་རམ་འདེགས་བྱས་ཡོད།
མགོ་ལོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་བཟང་གིས“འབྱུང་འགྱུར་མགོ་ལོག་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དམ་འཛིན་བྱ་གཞིར་བྱས་ནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་སྤྱི་འདོམས་ནུས་ལྡན་བྱེད་པ་དང་།འཕེལ་རྒྱས་ཀྱི་ཐབས་ལམ་ལེགས་སུ་གཏོང་བ།ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ།དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ‘ཀྲུང་ཧྭའི་ཆུ་མཛོད’ཀྱི་སྲུང་སྐྱོབ་པ་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།