[སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ]མཚོ་སྔོན་ཞིང་ཆེན་གྱི་འདམ་ར་གསུམ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་ཚུད་རྩིས་ཡོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གཏན་འཁེལ་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་ཐོ་29ཡོངས་བསྒྲགས་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གྱི་འདམ་ར་3བདམས་ཐོན་ཁྲོད་ཚུད་ཡོད། དེ་དག་ནི་བདེ་ཆུའི་ཆུ་འགོའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་དང་།རྩེ་ཆུའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན། གཏེར་ལེན་མཚེའུ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་བཅས་ཡིན་པ་དང་སྲུང་སྐྱོབ་བྱེད་སྟངས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ་རེད།

བདེ་ཆུའི་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་སུ་གནས་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་11539.71ཟིན་པ་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་འདམ་གཞོང་གཙོ་བོར་བྱེད་པའི་མཐོ་སྒང་གི་འདམ་རའི་སྐྱེ་ཁམས་མ་ལག་དང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡིན་པ་རེད།སྤྱི་གླིང་གནས་སའི་ས་ཁོངས་གཙོ་བོ་ནི་ཁུ་ནུ་རི་བོའི་རི་རྒྱུད་དང་དེའི་རི་རྒྱུད་ཀྱི་ཁུ་ཁུ་ཤི་རིའི་རི་བོ་དང་།བྲག་ཡན་ལ།ཨ་མྱེས་རྨ་ཆེན་གངས་རི་སོགས་ལས་གྲུབ་པ་དང་།ས་བབ་མཐོ་ཚད་སྨི་5000ཡན་ཟིན་པ།རི་རྒྱུད་དབར་གྱི་ས་མཐོ་ཡང་སྨི་4000ཡན་ཟིན་པ།འབྲི་ཆུའི་བྱང་རྒྱུད་ཆུ་འགོ་དང་རྨ་ཆུའི་ཆུ་འགོ་ཚང་མ་དེ་ནས་ཐོན་པ་བཅས་ཡིན་པ་དང་ས་ཁོངས་ནང་གཙང་པོའི་འདམ་ར་དང་།འདམ་ར།མཚེའུ་འདམ་ར་སོགས་ཀྱི་ཐོན་ཁུངས་ཁྱབ་ཡོད།

རྩེ་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་སུ་གནས་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་16914.54ཟིན་པ་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་མཐོ་སྒང་གི་འདམ་རའི་སྐྱེ་ཁམས་མ་ལག་དང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་འཚོ་གནས་བྱ་ཡུལ་དང་སྐྱེ་འཕེལ་བྱ་ཡུལ་ཡིན་པ་རེད།སྤྱི་གླིང་གི་འདམ་རའི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལེགས་པ་མ་ཟད།མཐའ་འཁོར་གྱི་སྔོ་ཁེབས་དང་འདྲེས་སྦྱོར་ཕུང་པོ་བཟང་པོ་ཞིག་གྲུབ་ཡོད་པ་དང་།འདམ་རའི་སྐྱེ་དངོས་ཀྱི་རིགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ།ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་ནག་པོ་སོགས་རྩ་ཆེའི་དངོས་རིགས་ཁྱབ་ཡོད་པ་རེད།ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེ་ཁམས་ཀྱི་ཕན་འབྲས་དང་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་འདམ་རའི་རིན་ཐང་གང་ལེགས་མངོན་གྱི་ཡོད་པས་མདོ་དབུས་མཐོ་སྒང་གི་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་རེད།

གཏེར་ལེན་མཚེའུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཁོངས་སུ་གནས་པ་དང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་6682.87ཟིན་པ་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་ཁྲུང་ཁྲུང་སྐེ་ནག་དང་།ངང་དཀར།རྩྭ་བྱ་ཁྲུང་ཁྲུང་སོགས་རྩ་ཆེའི་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་བཞིན་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཡི་སྐྱེ་ཁམས་མ་ལག་ཡིན་པ་རེད།སྤྱི་གླིང་གི་ཆུ་འགོ་འདང་ངེས་དང་ཕྱུགས་རྩྭ་རྒྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཕུགས་བསམ་གྱི་འཚོ་གནས་བྱ་ཡུལ་ཞིག་ཡིན་པ་དང་།ཁྲུང་ཁྲུང་སྐེ་ནག་དང་།ཁྲུང་ཁྲུང་མགོ་ཁྲ།གཙོད་སོགས་སྲོག་ཆགས་མང་པོ་དེ་གར་འཚོ་གནས་བྱེད་ཀྱི་ཡོད་པས་མདོ་དབུས་མཐོ་སྒང་གི་འདམ་རའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།