མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འདི་ཉིད་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་གནས་པ་དང་།2022ལོར་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་ཚུན།་ཚན་རིག་དང་མཐུན་པའི་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་བ། སྐྱེ་ཁམས་ཀྱི་ནང་དོན་སྔར་བས་མངོན་པ།“རི་གཉིས”ཀྱི་བརྗེ་སྒྱུར་ཐབས་ལམ་རྒྱ་ཆེར་ནུས་ལྡན་ཕྱིན་ཏེ། སྐྱེ་ཁམས་འདུ་ཤེས་སེམས་སུ་ཉར་ཏེ་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་ཕྱིན་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བས་སྐྱེ་ཁམས་མ་ལག་གལ་ཆེན་དང་།རང་བྱུང་མཛེས་ལྗོངས་གལ་ཆེན་གྱི་ཆ་ཚང་རང་བཞིན།གདོད་མའི་རང་བཞིན།སྐྱེ་དངོས་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ནས་ཁུལ་དེ་ཡོངས་ཀྱི་ནགས་ས་སྤྱི་ཆིང་ཁྲི་52.86དང་།རྩྭ་ཐང་སྤྱི་ཆིང་ཁྲི་184.3འདམ་ར་སྤྱི་ཆིང་ཁྲི་26.31བཅས་ལ་དོ་དམ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ་རེད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་རྣམ་གྲངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྲུང་སྐྱོབ་དང་འཕེལ་རྒྱས་ཐག་གཅོད་ཡང་དག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་དོ་དམ་ཚོད་འཛིན་བླང་བྱ་དང་སྲིད་ཇུས་ཁྲིམས་སྲོལ་གཞིར་བཟུང་།དམིགས་བསལ་གཉེར་སྐྱོང་ཐོན་ལས་འཕེལ་རྒྱས་འཆར་འགོད་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཏེ་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས་6འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།དེ་དང་ཆབས་ཅིག་ཁྱད་ལྡན་གསོ་ཚགས་དང་།སྨན་རྒྱུ་འདེབས་འཛུགས།བོད་ཇ་འདེབས་འཛུགས།ནགས་ཚལ་ལུས་གསོ་སོགས་ལས་རྣམ་མང་པོ་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་མཐོ་སྒང་གི་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་།རྩྭ་ཐང་འབྱུང་ཁམས་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རེས་སྐོར་གསར་པའི་རྩྭ་ཐང་འབྱུང་ཁམས་ཀྱི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2.41སྤྲད་དེ་ཞིང་འབྲོག་དུད་ཚང་ཡོངས་ལ་ཁ་གསབ་སྤྲད་དེ་ཕྱུགས་རྩྭའི་འགལ་བ་ཞི་ལྷོད་དུ་གཏོང་བ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཡོད།

གཞན་ཡང། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་55%སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང་བཅུག་ནས་རིགས་སྣ་མང་གི་རང་བྱུང་སྲུང་སྐྱོབ་ཁུལ་ཁག་17རགས་ཙམ་བསྐྲུན་པ་དང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་སྐྱེ་ཁམས་ཚོར་སྐྱེན་ཁུལ་གལ་ཆེན་གྱི་ནགས་ཚལ་དང་།རྩྭ་ཐང་།འདམ་ར།བྱེ་ཐང་སོགས་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་མ་ལག་གི་རིགས་སུ་སྤྱིར་ན་ཁྱབ་ཡོད་པ་རེད།གསའ་དང་།ཕུའུ་ཧྲི་དགོ་བ།ཐང་རྒོད་བྱི་ལ།ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རིགས་དང་ཀྲུང་གོའི་དམིགས་བསལ་གྱི་ཉ་རིགས་མཚོ་སྔོན་པོའི་ཉ་ལུའོ་ལི་དང་དེའི་འཚོ་སྡོད་ཁུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་ནང་བཅུག་ཡོད་པ་རེད།“བཅུ་བཞི་ལྔ”ཚུན་དུ་ཁུལ་དེ་ཡོངས་ཀྱིས་ནགས་ལས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་9.8བཏང་ནས་རྩྭ་ཐང་སྤྱི་ཆིང་ཁྲི་64སྲུང་སྐྱོབ་དང་ཉམས་གསོ་བྱས་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་སྤྱི་ཆིང་ཁྲི་7.2གསར་འཕར་བྱུང་ཡོད། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།