རང་རེའི་དྲ་བའི་འཕྲིན། སྟོན་མཇུག་ཏུ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཙོང་ཆུའི་བྱང་ངོགས་སུ་གནས་པའི་ཧྲེ་ན་འདམ་རའི་སྤྱི་གླིང་དུ་སྐྱོད་སྐབས།ཧའེ་ཐང་སྡོང་བོའི་ཐོག་འབྲས་བུ་དམར་པོ་ཐོག་པའི་ཡལ་ག་རླུང་གིས་དལ་བུར་གཡོ་བཞིན་ཡོད་པ་དང་།དེ་སྔའི་བཟོ་གྲྭའི་ས་ཆ་དེ་སྔོ་ལྗང་དུ་གྱུར་ཡོད།
“ལོ་མང་གོང་རླངས་འཁོར་བཏང་ནས་དེ་གར་འགྲོ་མྱོང་ཡོད། བཟོ་ཁང་ཕུད་བཟོ་ལས་ཀྱི་དུ་ཁུང་ཡིན་པ་མ་ཟད།ཐ་ན་སྣ་ལ་ཟུག་པའི་དྲི་མ་ཡང་ཚོར་གྱི་ཡོད།ཉེ་བའི་ལོ་གཉིས་རིང་དེ་ག་ནས་འགྲོ་རིམ་བཞིན་སྔོ་ཐིང་གི་ནགས་ཚལ་རྩྭ་ཐང་མཐོང་བ་དང་།མཁའ་རླུང་གཙང་མར་གྱུར་ཡོད”ཅེས་ཅིང་བོད་མྱུར་བགྲོད་གཞུང་ལམ་དུ་ཐག་རིང་ཟོག་འདྲེན་བྱས་ནས་ལོ་མང་སོང་བའི་སྐུ་ཞབས་ཝང་ལགས་ཀྱིས་མྱོང་ཚོར་ཟབ་མོའི་ངང་བཤད།
བཟོ་ལས་བཟོ་གྲྭའི་ཁུལ་ལྗང་མདོག་འདམ་རའི་སྤྱི་གླིང་དུ་འགྱུར་བ་དེ་ནི་གཞོང་ཐང་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།“སྔོ་ལྗང་ལུང་ཤུར”འཛུགས་སྐྲུན་མགྱོགས་སུ་གཏོང་བ།ཙོང་ཆུ་རྒྱུག་ཁུལ་གྱི་པིན་ཧོ་གཙང་པོའི་བར་ཆོད་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད།
གཞོང་ཐང་རྫོང་ནི་མཚོ་སྔོན་གྱི་ཤར་རྒྱུད་དུ་གནས་པ་དང་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པས་མཚོ་སྔོན་གྱི“ཤར་གྱི་སྒོ་མོ”ཞིག་རེད།དུས་རབས་20པའི་ལོ་རབས་80པར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གི་དམངས་དང་ས་གཞི་ཆེ་མོར་སྔོན་ལ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བ་དང་།རྒྱལ་ལམ་109ཡི་ལའོ་ཏའོ་ཞ་དུམ་བུ་ནས་ཁྲོན་ཁོའུ་གྲོང་རྡལ་བར་གྱི་སྤྱི་ལེ་20ལྷག་ཙམ་ཡོད་པའི་དོག་ཅིང་རིང་བའི་ས་ཁུལ་དུ་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་ཆེ་ཆུང་20ལྷག་ཙམ་བསྐྲུན་པས་མི་རྣམས་ཀྱིས“མཚོ་སྔོན་གྱི་ཀུའེ་ལྕགས་བར་ཁྱམས”ཞེས་བརྗོད་ཀྱི་ཡོད།
ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཁེ་ལས་དེ་དག་གིས་མི་དམངས་དང་ནོར་སྲིད་ཡོང་འབབ་ཡོང་བ་དང་ལས་ཞུགས་ལས་གནས་མང་དུ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ཡོད།
འཕེལ་རྒྱས་གཏོང་བར་སྐྱེ་ཁམས་ཁོར་ཡུག་བློས་གཏོང་བ་རིན་དོད་དུ་གཏན་ནས་བྱེད་མི་རུང་།ཁོར་ཡུག་སྦགས་བཙོག་གི་གནས་ཚུལ་རྩ་བ་ནས་འགྱུར་ལྡོག་གཏོང་ཆེད།2008ལོར་རྨིན་ཧོ་རྫོང་གིས་དཔའ་བོས་ལག་པ་གཅོད་པའི་ཆོད་སེམས་བཏོན་ནས“ཀུའེ་ལྕགས་བར་ཁྱམས”ཁྲོད་ཀྱི་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་ཚང་མ་སྒོ་རྒྱག་པའམ་ཡང་ན་ཐོན་སྐྱེད་བསྒྱུར་ཡོད།
ཉེ་བའི་ལོ་ཤས་རིང་།གཞོང་ཐང་རྫོང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ“ལྗང་མདོག་སྲུང་ཡོལ་དང་།སྔོ་ལྗང་ལུང་གཞུང་།སྔོ་ལྗང་གྲོང་ཁུལ”བཅས་གཏོད་རྒྱུར་གཞི་ཚུགས་པ་དང་།མཱེ་བཟོ་གྲྭའི་བེད་མེད་བཟོ་ཁང་བཤིག་པ།མེ་ཏོག་དང་རྩི་ཤིང་བསྐྱར་སྦོལ་བཅས་བྱས་ནས་སྐྱེ་ཁམས་སླར་གསོ་ནུས་ཤུགས་ཡོད་རྒུས་བྱས་ཏེ་དེ་སྔའི་བཟོ་ལས་ཁུལ་དེ་ཙོང་ཆུ་རྒྱུག་ཁུལ་གྱི་ཆུ་འགྲམ་ཆུ་འགྲམ་གྱི་འདམ་རའི་སྤྱི་གླིང་སྟེ་ཧྲི་ན་འདམ་རའི་སྤྱི་གླིང་དུ་བསྐྲུན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཧྲི་ན་འདམ་རའི་སྤྱི་གླིང་གིས་ས་ཁྱོན་སྤྱི་ཆིང་88ཟིན་པའི་ནང་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང་73ཟིན་པ་དང་།“སྔོ་ཁེབས་དང་དུས་བཞིར་འདྲེས་པའི”སྔོ་འགྱུར་བསམ་ཕྱོགས་གཞིར་བཟུང་།ཡུག་དབྱིབས་ཁྱབ་ཚུལ་དང་སྡོང་ཕྲན་སྡེབ་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔོ་ལྗང་སླར་གསོ་བྱས་ཏེ་ཁམ་བུའི་སྡོང་བོ་དང་།ཁམ་བུ།སྣུམ་གསོམ་ཤིང་།མཚོ་སྔོན་གྱི་ཡུན་ཐང་།གོ་ཚོར་སོགས་ཤིང་སྡོང་རིགས་ཁྲི་1.32བཙུགས། ལི་ཤིའུ་དང་། ཡུས་ཡེ་མེ། ལེན་ཡན་སོགས་སྡོང་ཐུང་སྨི་ངོས་སྙོམས་གྲུ་ཁྲི་0.35བཏབ་པ་མ་ཟད། ད་དུང་མེ་ཏོག་སྨི་ངོས་སྙོམས་གྲུ་ཁྲི་18.76དང་རྩྭ་ཐང་སྨི་ངོས་སྙོམས་གྲུ་ཁྲི་20.47བཏབ་པས“ཁམ་བུའི་མེ་ཏོག་གིས་དཔྱིད་ཀྱི་དཔལ་ཡོན་བརྩོན་ལེན་དང་མཛེས་སྡུག་ལྡན་པའི་དུས་བཞིའི་རྒྱན་སྤྲོས”ཞེས་པའི་པིན་ཧོ་ཡི་སྣོད་བཅུད་མཛེས་ལྗོངས་རིམ་གྱིས་ཆགས་ཡོད་པ་རེད།
དེ་དང་ཆབས་ཅིག་གཞོང་ཐང་རྫོང་གིས་འཚོ་སྡོད་གྲོང་ཁྱེར་དང་ནགས་བཟོ་སྔོ་འགྱུར་དང་མཛེས་བཟོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོ་འགྱུར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྫོང་གྲོང་གི་ནུབ་ངོས་དང་ཙོང་ཆུ་གཙང་པོའི་བྱང་ངོགས་སུ་གནས་པའི་དེ་སྔའི་རྩྭ་ཐང་འདམ་རའི་ཉམས་ཞན་སྐྱེ་ཁམས་སྒྱུར་བཀོད་ཉམས་གསོ་དང་སྲ་བརྟན་རིམ་སྤོར་བྱས་པ་དང་།མིག་སྔར་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང་15.4ཟིན་པ།མཚོ་སྔོན་གྱི་གསོམ་ཤིང་དང་།གོ་ཚོར་ཁམ་སྡོང་།གསེར་སྡོང་།ཧོ་པེའི་དབྱང་སོགས་ལྗང་སྒྱུར་སྡོང་ཕྲུག6800བཙུགས་ཏེ།འདམ་རའི་ཆུ་རྒྱུད་དང་། ཤིང་གི་དོས་ལམ། སྤྲོ་གསེང་ཐང་ཆེན་སོགས་བསྐྲུན་ནས་སྣོད་བཅུད་སླར་གསོ་དང་གྲོང་མིའི་སྤྲོ་གསེང་གི་འདམ་རའི་སྤྱི་གླིང་གཞན་ཞིག་སྟེ། ཁྲོན་ཁོའུ་འདམ་རའི་སྤྱི་གླིང་བསྐྲུན་པ་དེས་ཙོང་ཆུའི་ངོགས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། གྲོང་མིར་ཁོར་ཡུག་མཛེས་སྡུག་ལྡན་པའི་སྤྲོ་གསེང་བྱ་ཡུལ་ཞིག་ཀྱང་བཏོད་ཡོད་པ་རེད།
ཁྲོན་ཁོའུ་འདམ་རའི་སྤྱི་གླིང་གི་བྱང་ངོས་སུ་གནས་སྤོས་ཁུལ་ཆུང་དུ་སྡོད་པའི་པེ་ཧྲན་ཤང་གི་རྒན་རྒོན་ལི་ཧྥ་ཧུའེ་ཡིས“འདམ་རའི་སྤྱི་གླིང་གཉིས་བསྐྲུན་པ་དེས་ཙོང་ཆུའི་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཡག་པོ་བྱུང་ཡོད།ཞོགས་པ་ཕྱིར་འཆམ་འཆམ་དུ་འགྲོ་སྐབས་མིག་ལམ་དུ་སྔོ་ཐིང་ཐིང་ངེར་གྱུར་ནས་སྣ་ཁུང་ནང་གི་མཁའ་རླུང་ཡང་ཧ་ཅང་གཙང་མ་འདུག”ཅེས་བཤད།
གཞན་ད་དུང་གཞོང་ཐང་རྫོང་གིས་ད་དུང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ལ་བརྟེན་ནས་གཏན་འཁེལ་དང་ཆུ་ཚད་ལ་གཞིགས་ནས་གཙང་པོ་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་།ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ།“ལག་གདང་སྦྲེལ་ནས་དྭངས་གཙང་བཞི་བྱེད་པའི་མ་ཡུམ་གཙང་པོ་སྲུང་སྐྱོབ་བྱེད་པའི”ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་རྫོང་ཁོངས་ཀྱི་ཆུ་ལམ་གྱི་བྱེ་འདོན་ར་བ་18ལ་ཁྱོན་ཡོངས་ནས་བཅོས་སྐྱོང་དང་སྔོ་ཁེབས་སླར་གསོ་བྱས་པ་དང་། ཆུ་བོ་འབྲིང་ཆུང་བཅོས་སྐྱོང་རྣམ་གྲངས་ལ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ། རིམ་རྩིས་བྱས་ན་ཆུ་ལོག་སྔོན་འགོག་ཆུ་རགས་སྟོང་སྨི་130.3བསྐྲུན་པ། ཆུ་བོ་རྒྱུག་ཁུལ་ཆུང་གྲས་ཀྱི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་ལེ་ངོས་གྲུ་བཞི་མ1015.8བྱས་པ། རྫོང་ཁོངས་ཀྱི་ས་ཆུ་ཤོར་བ་བཀག་འགོག་ནུས་ལྡན་ཐུབ་པ། རྨ་ཆུ་དང་ཏ་ཐུང་གཙང་པོ་ཞིང་ཆེན་ནས་ཐོན་པ་རིམ་པ་གཉིས་པའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ། ཙོང་ཆུར་ཞིང་ཆེན་གྱི་V4ཡི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ། སྣོད་བཅུད་ཉམས་གསོའི་ཕན་འབྲས་མངོན་གསལ་དོད་པ། ཆུའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་གྱུར་པ་བཅས་རེད།
2023ལོའི་ཟླ་6པར་ལན་གྲུ་གྲོང་ཁྱེར་ཧུང་ཀུའུ་ཆུས་ཀྱིས་ཁྲོན་མཚོ་ཟམ་ཆེན་གྱི་བྱང་དུམ་བུའི་ཟམ་པར་ཙོང་ཆུ་ནས་ཏ་ཐུང་གཙང་པོའི་འབྲེལ་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་།རྣམ་གྲངས་དེ་ཀུའུ་ཧྥུང་ཆུས་ཀྱི་ཆུ་ཡུར(ཏ་ཐུང་གཙང་པོ)ནས་འགོ་ཚུགས་པ་དང་།ཧའེ་ཧྲི་མཚོ་ཁུག་གི་སྟག་མགོ་བྲག་མཐུན་སྒྲིལ་ཟམ་ཆེན་བར་གཙོ་གནད་ཐོག་སྤྱི་ལེ་8ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་།སྐྱེ་ཁམས་ལོགས་བཀར་རྒྱུད།སྐྱེ་ཁམས་བར་ཁྱམས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པའི་ནང་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་18.58ལེགས་པར་གྲུབ།
ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་ཧུང་ཀུའུ་ཆུས་ཧའེ་ཧྲི་དབན་གྲོང་རྡལ་གྱི་ཧྲང་པན་རིགས་པུའུ་ཡུས་ཀྱིས་ལོ་ཁ་ཤས་རིང་འགྱུར་ལྡོག་བྱུང་བ་དང་ཉིན་ལྟར་སྔ་དགོང་དང་དགོང་མོ་ལས་ཀ་གྲོལ་སྐབས་ཁྲོན་ཧའེ་ཟམ་ཆེན་བརྒྱུད་མྱོང་བའི་ཁོང་གིས་ལོ་དེ་དག་རིང་མིང་ཧོ་དང་ཧུང་ཀུའུ་རྫོང་གཉིས་ཀྱི་ཆུས་ཀྱིས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མཉམ་འགོག་མཉམ་བཅོས་བྱས་པ་དང་བསྟུན་ནས་ཙོང་ཆུ་དང་ངོགས་གཉིས་ཀྱི་ཆུ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་འགྲོ་བཞིན་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་།
མཚོ་ཤར་གྲོང་ཁྱེར་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཅིང་ཕུང་གིས་ལོ་མང་རིང“འདབ་ཆགས་ལ་ལྟ་བའི”ཐོག་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཁོང་གིས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཙོང་ཆུ་མང་ཚོགས་དང་དུམ་བུའི་ཆུ་ཁོངས་འཚོ་གནས་དང་འཚོ་བའི་བདག་ཏུ་མ་བཟུང་བའི་འདབ་ཆགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པའི་དཔང་པོ་ཡག་ཤོས་ཤིག་རེད་ཟེར།
2018ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལན་གྲུ་ནས་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད》ལ་མཆན་བཀོད་བཀའ་ལན་གནང་ནས་ལན་གྲུ་ནུབ་མའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་པ་དང་།མཚོ་ཤར་གྲོང་ཁྱེར་དང་རྫོང་དང་ལན་གྲུ་གྲོང་ཁྱེར་གྱི་ཧུང་ཆུས་ཀྱིས་ལན་གྲུ་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མི་དམངས་དང་ཧུང་ཀུའུ་གསར་གཏོད་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་དམིགས་ཏེ།ས་གནས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་སྤེལ་རེས་གཏིང་ཟབ་དང་། གནད་སྨིན་འབྲེལ་མཐུད། མཉམ་ལས་ལམ་སྲོལ་མང་པོར་མིང་རྟགས་འགོད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་བཏང་ཡོད།
སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་སྐྱེ་ཁམས་མཉམ་བཅོས་ལ་སྣང་ཆེན་བྱས་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་ནི་ས་གནས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་མཉམ་ལས་ཐུན་མོང་གི་ངོས་འཛིན་ཞིག་རེད།དེར་བརྟེན་ས་གནས་གཉིས་ཀྱིས་ཙོང་ཆུ་དང་ཏ་ཐུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ངོགས་གཉིས་གཞི་གཅིག་བཅོས་སྐྱོང་ལ་མཉམ་ལས་སྐུལ་འདེད་བཏང་བ་དང་།ཁོར་ཡུག་སྦགས་བཙོག་མཉམ་འགོག་མཉམ་བཅོས་དང་ཙོང་ཆུ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་མཉམ་ལས་སོགས་མཉམ་ལས་གྲོས་མཐུན་ལམ་སྲོལ་སྔོན་ལ་མིང་རྟགས་བཀོད་པ།གཙང་པོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ཆེད་དོན་མཉམ་ལས་ཟབ་ཏུ་བཏང་བ།ཉེ་འཁོར་གྱི་ས་ཆ་ཁ་ཐོར་ཅན་གྱི་རྡོ་སོལ་འཚོང་ས་ཁྲིམས་ལྟར་མེད་པ་བཟོ་བ་དང་། ཙོང་ཆུའི་འབབ་རྒྱུད་པིན་ཧོ་གཙང་པོའི་ལྷོད་གཏོང་ཁུལ་གྱི་སྣོད་བཅུད་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་ཤུགས་ཆེན་བྱེད་པ། ཞིང་ཆེན་གཉིས་འབྲེལ་མཐུད་བྱེད་པའི་ཁྲོན་ཧའེ་ཟམ་ཆེན་དང་། མཐུན་སྒྲིལ་ཟམ་ཆེན་གྱི་སྣེ་གཉིས་དང་དེ་བཞིན་ཐང་བདེ་ཐང་ཁུལ་གྱི་སྔོ་འགྱུར་ཁུལ་བཅས་ལ་སྐུལ་འདེད་གཏོང་བ། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ལེགས་སུ་གཏོང་བ། ངང་སེར་དང་བྱ་སྔོན། འདབ་ཆགས་སྔོན་པོ། ཉ་འཛིན་བྱ་སོགས་ཆུ་བྱང་མང་པོས་ཙོང་ཆུའི་སྣོད་བཅུད་ཞི་མཐུན་གྱི་བཀྲག་མདངས་འཚེར་ས་ཞིག་བསྣན་ཡོད།
ཟླ་10པའི་ཟླ་དཀྱིལ་དུ། མཚོ་ཤར་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་ལན་གྲུ་གྲོང་ཁྱེར་ཧུང་ཀུའུ་ཆུས་མི་དམངས་སྲིད་གཞུང་དང་མཉམ་སྐྲུན་ས་ཁོངས་འཕེལ་རྒྱས་མཉམ་ལས་ཀྱི་“1+15”མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་འགྲིམ་འགྲུལ་དྲ་སྦྲེལ་དང་།སྐྱེ་ཁམས་མཉམ་བཅོས།དམངས་འཚོ་མཉམ་སྤྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དོན་ཚན་ཁ་གསལ་བཟོས་ཡོད།ས་གནས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་།རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།ལན་ཞི་གྲོང་ཚོགས་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ་ཕྱོགས་གཉིས་པོའི་ས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“1+15”མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་དམིགས་ནས་འབྲེལ་གཏུག་སྦྲེལ་མཐུད་དང་།མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན། ས་གནས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་དང་། འཚོ་བ་གྲོང་ཁྱེར་གཅིག་མཚུངས། སྤྱི་ཚོགས་མཉམ་སྐྱོད་བྱེད་པ་བཅས་མངོན་འགྱུར་གང་མགྱོགས་བྱས་ཏེ། དམངས་དང་ཧུང་ཀུའུ་གཉིས་ཀྱི་གསར་གཏོད་གོང་སྤེལ་སྔོན་ལ་ཁུལ་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
“སླད་ཕྱིན། གཞོང་ཐང་རྫོང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ས་ཁོངས་མཉམ་འགོག་མཉམ་བཅོས་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།གཞོང་ཐང་དང་ཧུང་ཀུའུ‘གཙང་པོ་དང་མཚེའུ་དཔོན་ལམ་ལུགས’ཀྱི་མཉམ་ལས་ཟབ་ཏུ་གཏོང་བ།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།རི་ཆུ་ཀླུང་གསུམ་དང་། དྭངས་གཙང་། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ‘གཙང་གཅིག་ངོགས་གཉིས’ཀྱི་ངོགས་གཉིས་ཀྱི་ངོགས་གཉིས་ཀྱི་མཛེས་ལྗོངས་ཁུལ་ཐུན་མོང་ཐོག་བཏོད་དེ་ཐུན་མོང་གིས་གཙང་ཆབ་སྔོན་མོར་ཤར་ཕྱོགས་སུ་རྒྱུག་རྒྱུར་མཉམ་དུ་སྲུང་སྐྱོང་བྱེད་དགོས”ཞེས་གཞོང་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་མའོ་ཞུའེ་ཧུང་གིས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།