མདོ་དབུས་མཐོ་སྒང་གི་གསའ་ཡི་སྲུང་སྐྱོབ་མནའ་འབྲེལ་བཙུགས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དང་སྐུལ་འདེད་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ནང་སོག་དང་སི་ཁྲོན།ཡུན་ནན།བོད་ལྗོངས།ཀན་སུའུ།ཉིང་ཞ།ཤིན་ཅང་སོགས་ཞིང་ཆེན་དང་དེ་བཞིན་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་དང་།རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནུབ་བྱང་བརྟག་དཔྱད་འཆར་འགོད་ཁང་།ཨ་ལ་ཧྲན་SEEགཙང་གསུམ་ཆུ་འགོའི་རྣམ་གྲངས་ལྟེ་གནས་སོགས་སྲིད་གཞུང་གི་ལས་ཁུངས་དང་།ཁེ་ལས།སྤྱི་ཚོགས་རྩ་འཛུགས96གིས་མོས་མཐུན་དང་རྒྱབ་སྐྱོར་བྱས་པ་བརྒྱུད། “འཛམ་གླིང་གི་གསའ་ཡི་ཉིན་མོ”ཐེངས་བརྒྱད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་།    ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་།    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་།    མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་།    པེ་ཅིང་ལུའུ་ཆའོ་སྣོད་བཅུད་སྲུང་སྐྱོང་ལྟེ་གནས་བཅས་ཀྱིས“མདོ་དབུས་མཐོ་སྒང་གི་གསའ་ཡི་སྲུང་སྐྱོང་མནའ་འབྲེལ”འཛུགས་རྒྱུའི་གྲོས་འགོ་བཏོན་པ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།    མཉམ་འབྲེལ་ཐོག་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོང་བྱེད་པ།    སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དཔེ་སྟོན་དང་ཁྲིད་སྟོན་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་གིས་སའི་གོ་ལར་སྲུང་སྐྱོབ་དང་སའི་གོ་ལའི་ཚེ་སྲོག་གི་ཐུན་མོང་གི་ཕུང་བོ་མཉམ་བསྐུན་བྱ་དགོས།

ད་ཡོད་ཀྱི་ཚན་རིག་དཔང་རྟགས་ལས་མངོན་པར་གཞིགས་ན།མདོ་དབུས་མཐོ་སྒང་ནི་གསའ་ཡི་འབྱུང་ཁུངས་ཡིན་པ་དང་།དེ་ནི་གསའ་ཡི་ཕ་ཡུལ་དང་པོ་ཡིན་པ།གསའ་ཡི་འཚོ་གནས་བྱ་ཡུལ་གཙོ་བོ་དང་རྒྱུན་མཐུད་བྱེད་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་བཅས་ཞིབ་འཇུག་ལས་ར་སྤྲོད་བྱུང་ཡོད།གོ་ལ་ཧྲིལ་པོར་གསའ་ཡི་གྲངས་འབོར་7000ལྷག་ཙམ་ཡོད་པ་དང་།ཀྲུང་གོར་འཚོ་གནས་བྱ་ཡུལ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་60%ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་མདོ་དབུས་མཐོ་སྒང་དང་ལྷག་པར་དུ་མཚོ་སྔོན་ཞིང་ཆེན་དུ་ཁྱབ་ཡོད་པ་རེད།

མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་གསའ་ཡི་འཚོ་སྡོད་ཁུལ་གལ་ཆེན་ཡོད་པ་མ་ཟད།རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རིང་གསའ་སོགས་རྩ་ཆེའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་མ་ལག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མིང་དོན་མཚུངས་པའི་གསའ་ཡི་ཞིང་ཆེན་ཞིག་ཏུ་གྱུར་པ་དང་།སྲུང་སྐྱོབ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ནས་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།མནའ་འབྲེལ་གྱིས་གསའ་ཞིབ་འཇུག་དང་།སྲུང་སྐྱོབ་གསར་གཏོད།ལག་རྩལ་སྤེལ་རེས།མ་དངུལ་གྲབས་གསོག་བསྡུ་སྒྲིལ་སོགས་མཉམ་འབྲེལ་ཐོག་སྤེལ་རྒྱུར་དམིགས་ཏེ་ཕྱོགས་མང་མཉམ་ལས་ཀྱི་འབྲེལ་ཐག་དང་འབྲེལ་ཟམ་ཧུར་ཐག་བསྐྲུན་ནས་ནུས་ལྡན་གྱི་མནའ་འབྲེལ་ལམ་སྲོལ་བརྒྱུད་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སྲུང་སྐྱོབ་གི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ཏེ་གསའ་སྲུང་སྐྱོབ་བྱེད་སྟངས་གསར་པ་གཏོད་པ་དང་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གོ་ལ་ཧྲིལ་པོའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

གསར་འགོད་པས་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་བགྲོ་གླེང་ཚོགས་འདུ་དང་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་བཙུགས་པའི་ཚོགས་ཆེན་གྱི་གྲ་སྒྲིག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་ལ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་གསའ་འཚོ་སྡོད་ཁུལ་གལ་ཆེན་ཡོད་པ་དང་།IUCN(འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ)གྱི་དཔྱད་དཔོག་གསར་ཤོས་ལ་གཞིགས་ན།མཚོ་སྔོན་ཞིང་ཆེན་གྱི་གསའ་ཡི་འཚོ་སྡོད་ཁུལ་སྟོང་སྨི་ངོས་གྲུ་བཞི་མ་ཁྲི་47ཙམ་ཟིན་པ་དེས་མདོ་དབུས་མཐོ་སྒང་གི་གསའ་ཡི་འཚོ་སྡོད་ཁུལ་ལ་འཚམ་པའི་རྒྱ་ཁྱོན25%ཟིན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་གསའ་1200ཙམ་ཡོད་པ་རེད།

གསའ་ནི་ཨེ་ཤ་ཡ་དབུས་མའི་རི་མཐོའི་ཁོར་ཡུག་ནང་གི་ཆེས་མཐོ་རིམ་གྱི་རྔོན་རྒྱག་སྲོག་ཆགས་ཤིག་ཡིན་ཞིང“གངས་རིའི་རྒྱལ་པོ”ཞེས་མཚན་བཟང་ཡང་བཏགས་ཡོད། དེ་ནི་རི་མཐོའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི་རླུང་གནོན་འཇལ་ཆས་ཤིག་ཀྱང་རེད། ད་ཡོད་ཀྱི་ཚན་རིག་དཔང་རྟགས་ལས་མདོ་དབུས་མཐོ་སྒང་ནི་རི་དྭགས་གསའ་ཡི་འབྱུང་ཁུངས་ཡིན་པ་དང་།དེའི་ཕ་ཡུལ་ཐོག་མའང་ཡིན་པ་དང་།དེང་རབས་ཀྱི་མདོ་དབུས་མཐོ་སྒང་ནི་གསའ་ཡི་འཚོ་གནས་བྱེད་ཡུལ་གཙོ་བོ་ཡིན་པ་མངོན་ཡོད།རང་རྒྱལ་གྱི་གསའ་ཡི་འཚོ་སྡོད་བྱ་ཡུལ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་60%ལས་བརྒལ་བ་དེ་དག་གཙོ་བོ་མདོ་དབུས་མཐོ་སྒང་དུ་ཡོད།

དུས་ཡུན་རིང་པོའི་ནང་།མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་གསའ་ཡི་གྲངས་འབོར་ཆེས་མང་བའི་ས་ཁོངས་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།སྟོངས་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོབ་ཕྱིར་དུ་སྲུང་སྐྱོབ་བྱེད་སྒོ་རབ་དང་རིམ་པར་སྤེལ་བ་གོ་ལ་ཧྲིལ་པོའི་དོ་ཁུར་ཐོབ་པ་དང་།ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་གསའ་ཡི་འཚོ་སྡོད་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་ནས་གསའ་རིགས་ཀྱི་མ་ལག་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ནང་གི་གསའ་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་ཁྱུ་ཚོགས་དང་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་དང་།ཆ་ཚང་བ།རྒྱུན་མཐུད་སྲུང་སྐྱོབ་བཅས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།དེ་དང་ཆབས་ཅིག་སྤྱི་དམངས་ཀྱི་སློབ་གསོ་དང་མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་གསའ་སྲུང་སྐྱོབ་མཉམ་ལས་ཀྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་བཏང་བས་མཉམ་འགུལ་བཟང་པོ་བྱེད་པའི་གསའ་སྲུང་སྐྱོབ་གི་རྨང་གཞི་ཆགས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རིང་། གསའ་སོགས་རྩ་ཆེའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་མ་ལག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཏེ་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།མིག་སྔར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་བཙུགས་པ་བརྒྱུད་གསའ་ཡིས་སྣེ་ཁྲིད་བྱེད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་མ་ལག་ནུས་ལྡན་བསྐྲུན་ནས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་དང་།ཁེར་རྐྱང་སྲུང་སྐར་རྗེས་འདེད་ཞིབ་འཇུགསྐྱོབ་སྐྱོབ་སྲུང་སྐྱོབ་རོགས་སྐྱོབ།འཚོ་གནས་ཁུལ་གྱི་དཔྱད་དཔོག་སོགས་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།