རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་སྒང་གི་སྲོག་ཆགས་གསའ་ཡི་འཚོ་གནས་ཁུལ་དང་ཁྱུ་ཚོགས་ལ་སྲུང་སྐྱོབ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་ནི་འཛམ་གླིང་གསའ་ཡི་ཉིན་མོ་ཡིན་ཞིང་།མདོ་དབུས་མཐོ་སྒང་གི་སྲོག་ཆགས་རིགས་གཙོ་བོ་ཇི་ལྟར་སྲུང་སྐྱོང་ཡག་པོ་བྱེད་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།ཉེ་བའི་ལོ་ཤས་རིང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱིས་ཁྲིམས་འཛིན་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱེད་པ་བཅས་བརྒྱུད་གསའ་སོགས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་མྱུར་སྐྱོབ་སོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཐོ་སྒང་གི་སྲོག་ཆགས་གསའ་འཚོ་གནས་ཁུལ་དང་ཁྱུ་ཚོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

མདོ་ལ་རིང་མོ་ནི་གསའ་ཡི་འཚོ་གནས་བྱ་ཡུལ་གལ་ཆེན་གྱི་གྲས་ཤིག་རེད།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་དུ་གོ་ལ་ཧྲིལ་པོར་མཐོང་དཀོན་པ་དང་རྒྱལ་ནང་དུ་ཐེངས་དང་པོ་ཡིན་པའི་གསའ་5ཡི་རྣམ་པ་གཅིག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ཡོད།གསའ་5མཉམ་དུ་མངོན་པ་ལས་དེ་གའི་གསའ་ཁྱུའི་ཐོན་ཁུངས་བརྟན་པོ་དང་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་ཐུབ།

དམར་ཕྱིའི་པར་ཆས་ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་རྒྱ་ཁྱབ་ངང་སྤྱོད་པ་དང་བསྟུན་ནས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་བས་མང་བ་སྤྱི་དམངས་ཀྱི་མིག་ལམ་དུ་མངོན་གྱི་ཡོད།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་པ་ནས་བཟུང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་མཐོ་སློབ་དང་ཚན་ཞིབ་ཁང་སོགས་དང་མཉམ་དུ་གསའ་ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད།2017ལོར་ལག་ལེན་བསྟར་འགོ་ཚུགས་པའི་ཀྲུང་གོ་ནགས་ལས་ཚན་རིག་ཁང་གི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གསའ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་བརྟག་དཔྱད་ལྟ་ཞིབ་ཚད་ལེན་རྣམ་གྲངས་ལ་ཆ་རྡུལ་སྐྱེ་དངོས་རིག་པའི་བྱེད་ཐབས་བརྒྱུད་གཅིན་སྐྱག་མ་དཔེར་གཞིགས་ནས་དབྱེ་ཞིབ་བྱས་ཏེ་གསའ་44དབྱེ་འབྱེད་བྱས་ཡོད།ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདི་ཇེ་མང་དུ་འགྲོ་བཞིན་ཡོད།2022ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་གསའ་ལ་ཆེད་དོན་བརྟག་དཔྱད་བྱས་ནས་མི་སྒེར་དབྱེ་འབྱེད་བྱས་པའི་ནང་མདོ་ལ་63དང་།ཐེམ་ཆེན་119མོན་ཡོན་24བཅས་ཡོད་པ་རེད།

འདི་ལོའི་ཟླ་3པར་བརྟག་དཔྱད་བྱས་པའི་གྲངས་གཞི་ལས་མངོན་པར།མདོ་ལ་རིང་མོའི་གསའ་ཡི་འདུས་ཚད་དང་ས་དབྱིབས་ཀྱག་ཀྱོག་གི་ཚད་གཉིས་འབྲེལ་ཡོད་ཀྱི་རྣམ་པ་མངོན་པ་མ་ཟད།ནུབ་ནས་ཤར་བར་གྱི་གཞུང་ཐིག་གི་སྐས་རིམ་ཐོག་བར་མཐོངས་ཀྱི་རྣམ་པ་ངེས་ཅན་ཞིག་མངོན་པ་དང་འཚོལ་ཞིབ་ཚད་ལེན་བྱེད་ཚད་དང་བརྟག་དཔྱད་ས་ཁོངས་འབྲེལ་བའི(ནུབ་མཐོ་ཤར་དམའ་བ)ཡིན་པ་རེད།དཔེ་དབྱིབས་ལ་ཚོད་རྩིས་བྱས་པ་ལྟར་ན།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་གྱི་95%ཡི་ཡིད་ཆེས་བར་ཁོངས་སུ་གསའ་171ནས་369བར་ཡིན།དེ་ལས་མདོ་ལ་རིང་མོའི་ནུབ་རྒྱུད་ས་ཁུལ་དུ་གསའ་ཁྱབ་ཚད་དེ་ཤར་རྒྱུད་ས་ཁུལ་ལས་ཆེ་བ་ཡོད་པ་མཐོང་ཐུབ།

མདོ་ལ་རིང་མོ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྐམ་སའི་ས་ཁོངས་32ཀྱི་གྲས་ཤིག་ཡིན་པ་དང་།ལྗོངས་ནང་ཁུལ་གྱི་སྐྱེ་ཁམས་མ་ལག་རྙོག་འཛིང་ཆེ་ཞིང་།འཕྲེད་ཐིག་གཅིག་མཚུངས་ཀྱི་ས་ཁོངས་ཅུང་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་ཐུབ་ཡོད།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ཚུན་གསའ་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་འཕར་དང་།ཐང་རྒོད་བྱི་ལ།རི་བོང་དང་སྤྲེའུ་སོགས་བྱི་ལའི་ཚན་དང་།འབྲོང་དང་ཤྭ་བ་མཆུ་དཀར་སོགས་རྨིག་པ་ཅན་དང་ཁྲུང་ཁྲུང་སྐེ་ནག་གཙོ་བོར་བྱས་པའི་འདམ་རའི་འདབ་ཆགས་དང་།བྱ་མཇུག་ཁྲ་དང་སྲེག་པའི་རིགས་སོགས་བྱ་དེའི་རིགས་དང་།ནགས་ཁུལ།རྩྭ་ཐང་དང་བྱ་རིགས་སོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་རབ་དང་རིམ་པ་བྱས་པ་རེད།

ལྷག་པར་དུ་བྱེ་ཐང་གི་བྱི་ལ་ནི་ཀྲུང་གོའི་བྱི་ལའི་ཚན་གྱི་སྲོག་ཆགས་རིགས་12ཁྲོད་ཀྱི་ཀྲུང་གོའི་དམིགས་བསལ་གྱི་སྐྱེ་དངོས་རིགས་འབའ་ཞིག་ཡིན་པའི་ངོས་ནས་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་སྟག་ལུང་ཤུར་སོགས་རྒྱུག་ཁུལ་དུ་གཅིག་སྡུད་ཁྱབ་ཚུལ་ཤེས་རྟོགས་བྱུང་བ་དང་།ཐང་རྒོད་ཅན་གྱི་བྱི་ལ་གཅིག་གིས་ཕྲུ་གུ་བཞི་གསོ་སྐྱོང་བྱས་པ།རྒྱལ་ནང་གི་སྐྱེ་དངོས་ཀྱི་གྲངས་གཞི་ཆེན་པོ་དེ་དག་སྔ་རྗེས་སུ་བཟུང་ཡོད་པ་རེད།

ཧན་ཆང་གིས་མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྩ་བ་གཞི་རྩའི་ཆ་ནས་གསལ་རྟོགས་ཐུབ་པ་དང་བརྟག་དཔྱད་བྱས་པ་བརྒྱུད་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་282དང་བདག་ཏུ་མ་བཟུང་བའི་སྒལ་ཚིགས་མེད་པའི་སྲོག་ཆགས་རིགས་522ཤེས་རྟོགས་བྱུང་བ་དང་།རྩི་ཤིང་རིགས་543དང་།འབུ་ཕྲ་ཆེ་གྲས་203ཆུ་སྐྱེས་སྐྱེ་དངོས་རིགས་575བཅས་ཡོད།འབུ་སྲིན་གྱི་རིགས་གསར་པ་10དང་།ཀྲུང་གོའི་ཟིན་ཐོ་གསར་པ་2མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་གསར་པ་139བཅས་ཤེས་རྟོགས་བྱུང་བ།མདོ་ལ་རིང་མོའི་འདབ་ཆགས་རིགས་11ཟིན་ཐོ་གསར་པ་བཀོད་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

གྲངས་གཞི་ཆེན་པོའི་དོ་དམ་ཕབ་འཇུག་མ་ལག་ལས་མངོན་པར།2017ལོ་ནས་བཟུང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་གསའ་གཙོ་བོར་བྱས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བརྟག་དཔྱད་ཁང་གིས་བཟོས་པའི་དམར་ཕྱིའི་པར་ཆས་1281གི་གྲངས་གཞི་དང་།རྩི་ཤིང་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་98སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་37བདག་ཏུ་མ་བཟུང་བའི་པར་ཆས་226བཅས་ཡོད་པ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་རིགས་དབྱེ་དང་ཁྱབ་ཚུལ་གྱི་ཆ་འཕྲིན་ལ་གཅིག་གྱུར་དབྱེ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།རྗེས་འདེད་བྱས་པའི་གསའ་5དང་།ཐང་རྒོད་བྱི་ལ་10ཁྲུང་ཁྲུང་སྐེ་ནག་38བཅས་དང་དེ་བཞིན་འདི་ལོ་རོགས་སྐྱོབ་བྱས་ནས་ཕྱིར་སྤྲད་པའི་ཁྲ་དམར་པོ་2དང་ཆེ་བ་2ཡོད་པ་དང་།ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་དུས་ཐོག་ཏུ་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་བརྒྱུད་སྤྲོད་བྱས་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད།

ཧན་ཆང་གིས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚན་ཞིབ་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཚན་ཞིབ་རྣམ་གྲངས་ལག་བསྟར་དང་སྣེ་ཁྲིད་བྱས་པ་བརྒྱུད་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དོ་དམ་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་སོགས་རྨང་གཞིའི་སྒྲིག་བཀོད་རབ་དང་རིམ་པ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་།སྲུང་སྐར་རྗེས་འདེད་སོགས་ཀྱི་ཐད་མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་ལེགས་པའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

གསའ་འདི་ཉིད་བཀྲག་མདངས་འཚེར་བའི་གཟུགས་བརྙན་གྱི་ཚབ་བྱེད་དུ་གྱུར་པ།

གསའ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་སྤྱི་གླིང་གི་དྲིལ་བསྒྲགས་འགྲེམས་སྟོན་གྱི་བཀྲག་མདངས་འཚེར་བའི་གཟུགས་བརྙན་དང་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།ལོ་མང་རིང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་གསའ་ལ་ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་དང་ཞིབ་འཇུག་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་འཐབ་ས་དང་པོའི་དོ་དམ་སྲུང་སྐྱོང་མི་སྣ་དང་དེ་བཞིན་ས་གནས་དེ་གའི་སྡེ་ཁུལ་གྱི་མང་ཚོགས་གསའ་ཡི་ཚན་ཞིབ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་གི་འདེགས་སྐྱོར་སྟོབས་ཤུགས་གལ་ཆེན་དུ་གྱུར་ནས་གསའ་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་བདེ་བླག་ངང་སྤེལ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།དེའི་རིང་རྒྱལ་ཁབ་སྤྱི་གླིང་གི“གྲོང་ཚོ་ཨུ་ལྷན་གཉིས+”མཉམ་སྐྲུན་དང་།དོ་དམ།མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་རྒྱ་ཆེའི་མང་ཚོགས་ལ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་འབྲེལ་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ནང་ཞུགས་པ་རེད།དེ་དང་ཆབས་ཅིག་གསའ་ཞིབ་འཇུག་གི་ཚན་ཞིབ་གྲུབ་འབྲས་རབ་དང་རིམ་པ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོ་དང་།མང་ཚོགས་དྲིལ་བསྒྲགས།དེ་བཞིན་སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལེགས་ཆའི་ཐོན་ཁུངས་གལ་ཆེན་དུ་མགྱོགས་མྱུར་བསྒྱུར་ནས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་མ་ལག་ཅན་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཞུགས་པའི་སྣ་མང་ཅན་གྱི་དཔེ་དབྱིབས་སུ་འགྱུར་རྒྱུར་ཁྲིད་སྟོན་བྱས་ཡོད།མིག་སྔར་གསའ་འདི་ཉིད་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ཆེས་མཛེས་སྡུག་ལྡན་པའི་གཟུགས་བརྙན་གྱི་ཚབ་བྱེད་དུ་གྱུར་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།