མཚོ་སྔོན་པོའི“རྩྭ། མཚེའུ། ཉ། བྱ”བཅས་ཀྱི་མཉམ་གནས་སྐྱེ་ཁམས་ཀྱི་འབྲེལ་ཐག་དོ་སྙོམས་བྱུང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ནུས་པ་རྒྱུན་ཆད་མེད་པར་སླར་གསོ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། དེའི་མཚོན་ཚུལ་གཙོ་བོ་ནི“གསུམ་འཕར། གསུམ་ཆག །འགྱུར་མེད་གཅིག”བཅས་ཡིན་པ་དང་ས་མཐོའི་དམིགས་བསལ་གྱི“རྩྭ་དང་མཚེའུ།ཉ།བྱ་བཅས”མཉམ་གནས་ཀྱི་སྐྱེ་ཁམས་འབྲེལ་ཐག་དོ་སྙོམས་སུ་ཕྱིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་ཞིས་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་གལ་ཆེན་ལ་གཞི་ཚུགས་པ།སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་གྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ནས་མཚོ་སྔོན་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར།མཚོ་སྔོན་པོའི་འགག་རྩའི་སྲོག་ཆགས་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་11.41ཟིན་པ་དེ་སྲུང་སྐྱོང་བྱེད་འགོ་ཚུགས་མ་ཐག་པའི་ལྡབ་44ཡིན་པ་དང་།མཚོ་སྔོན་པོའི་ཕྱོགས་སྟོན་རང་བཞིན་གྱི་ཆུ་བྱའི་2022ལོར་བསྡོམས་རྩིས་བྱས་པའི་བསྡོམས་འབོར་ཁྲི་60.6ཟིན་ནས་2007ལོར་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་གྲངས་ཐང་ཆེ་ཤོས་སུ་སླེབས་པ་དང་འདབ་ཆགས་རིགས་235ཟིན་པ་དང་།མཚོ་སྔོན་པོའི་དམག་གྲུའི་སྲོག་ཆགས་ཕུའུ་ཧྲི་དགོ་བའི་གྲངས་འབོར་2022ལོའི་3400ལྷག་ཙམ་བར་མང་དུ་ཕྱིན་པ།མཚོ་སྔོན་པོའི་ཆུའི་སྤུས་ཚད་ལེགས་སུ་འགྲོ་ཚད་100%ཟིན་པ་དང་།རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་60%ཟིན་པ།འདམ་ར་སྲུང་སྐྱོང་བྱེད་ཚད་69%ཟིན་པ་བཅས་རེད།དེ་དང་ཆབས་ཅིག་འདམ་རའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་།སྟུག་ཚད་མཐོ་བའི་སྔོ་ཁེབས་ཁྱབ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་སྐྱེ་ཁམས་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་།སྲུང་སྐྱོང་ཁུལ་གྱི་བྱེ་ས་དང་།ས་ཞིང་།བ་ཚྭ་ཅན་བཅས་ཀྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཉུང་དུ་ཕྱིན་པ།སྲུང་སྐྱོང་ཁུལ་ནང་གི་སྲུང་སྐྱོང་ནུས་པའི་རང་བཞིན་གྱི་ས་ཆ་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས།

ཐོག་མཐའ་བར་གསུམ་དུ་མ་ལག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་སླར་གསོ་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་དང་།ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་།སྲུང་སྐྱོང་ནུས་པ་འཛུགས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་རེད།ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་།མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་ཀའི་ཇུས་གཞི་དང་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་ཚད་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ།གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་བྱ་ཡུལ་དང་གཙོ་གནད་ས་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་པ་སོགས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་ཚན་ཞིབ་ཁང་དང་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་རྒྱལ་ཁབ་རིམ་པའི་སྐམ་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་ནད་ཡམས་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་ལྟ་ཞིབ་ས་ཚིགས300བཙུགས་ཏེ། གཙང་པོའི་འབབ་རྒྱུད་ཧྲིལ་པོར་ཁྱབ་པའི་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་སྟེགས་བུ་བསྐྲུན་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་དྲ་རྒྱའི་ཤེས་ཚོར་མ་ལག་བསྐྲུན་ཡོད་པ་རེད།    མིག་སྔར། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་འབྲེལ་ས་གནས་སྲིད་གཞུང་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།