རང་རྒྱལ་གྱིས《རབས་གསར་པའི་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཀྱིས《རབས་གསར་པའི་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས།

ལག་བསྟར་ཇུས་གཞི་ལས།  2030ལོར་སླེབས་སྐབས།  ཁེབས་ཚད་འཐུས་སྒོ་ཚང་ཞིང་གཤིས་ནུས་སྔོན་ཐོན་ཡིན་པའི་རབས་གསར་པའི་འཕྲིན་གཏོང་དྲ་རྒྱ་བསྐྲུན་དགོས་པ་དང་། དུས་དང་བསྟུན་ནས6Gདྲ་རྒྱ་འཛུགས་སྐྲུན་བྱེད་པ་དང་། ས་ཁོངས་གཙོ་བོར5G-Aདང་ཀྲའོ་ཁྲི་ཡི་འོད་དྲ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པ་མངོན་འགྱུར་བཅས་བྱས་ནས།  རྨང་གཞིའི་དྲ་རྒྱའི་འཕེལ་རྒྱས་ཆུ་ཚད་མུ་མཐུད་མདུན་གྲལ་དུ་སླེབས་པར་བྱེད་དགོས།  འཁོར་ལམ་དམའ་བའི་སྲུང་སྐར་སྦྲེལ་དྲ་མ་ལག་གི་འཛུགས་སྐྲུན་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱེད་པ་དང་། འཁོར་ལམ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། བར་སྟོང་དྲ་རྒྱར་གོ་ལ་ཧྲིལ་པོའི་ཞབས་ཞུའི་ནུས་པ་གྲུབ་པ་དང་།  བཟོ་ལས་སྦྲེལ་དྲ་དང་རླངས་འཁོར་སྦྲེལ་དྲ་སོགས་མཉམ་འདྲེས་དྲ་བ་གཞི་ཁྱོན་ཅན་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས།   འཕྲིན་གཏོང་ཚོར་ཤེས་རྩིས་རྒྱག་རིག་ནུས་བཞི་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ནས། རིག་ནུས་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་དགོས་པ་བཅས་གཏན་འཁེལ་གསལ་བོ་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།