མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས26ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ནས་གནས་ཚུལ་བསྒྲགས་པ་ལྟར་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གནས་གཏན་འཁེལ་དུ་རོགས་སྐྱོར་དང་ཚན་རྩལ་ནུས་འདོན་བྱེད་པའི་ལས་ལ་གཞི་བཅོལ་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་གྲོང་གིCPCཉི་ནུས་དྲོད་འདོན་ཚོད་ལྟའི་ལས་གཞི་ཐོག་མ་དེ་ཧོང་ཀྲུང་ཆུས་ནས་ལག་བསྟར་བཀོལ་སྤྱོད་བྱེད་མགོ་བརྩམས། ལས་གཞི་དེས་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་དང་ཞིང་གྲོང་གི་དགུན་དུས་དྲོད་འདོན་གྱི་དཀའ་གནད་ཐག་གཅོད་བྱེད་པ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་སའི་ས་ཁུལ་གྱི་ཞི་མཐུན་ཞིང་གྲོང་གི་གནོད་མེད་དྲོད་འདོན་ཁྱབ་གདལ་ཐད་ལ་འདྲ་བཤུས་བྱ་ཆོག་ལ་ཁྱབ་གདལ་དུ་གཏང་ཆོག་པའི་མ་དཔེ་བསྐྲུན་ཡོད།

དགུན་ཟླ་དང་པོར། མཐོ་སྒང་གི་གྲོང་གསེབ་འཁྱགས་སོབ་སོབ་བྱེད་ཅིང་། ཧོང་ཀྲུང་ཆུས་གོང་ཧོ་གྲོང་རྡལ་ཟོ་སྐྱིད་གྲོང་ཚོའི་ཞི་དབྱང་ཧུང་ཞེས་པའི་རྒན་གསོ་ཁང་པའི་ནང་དྲོད་ལམ་ལམ་བྱེད་ཅིང་། ཁང་པའི་ནང་དུ་བ་འཁོར་བའི་སྣང་ཚུལ་མེད་ལ། སྤུང་གསོག་ཐེབས་པའི་ལྕགས་ཐལ་དང་གད་སྙིགས་ཡང་མཐོང་རྒྱུ་མེད་པར་གནས་སྡོད་ཁོར་ཡུག་གཙང་ཞིང་གྲལ་དག་ལ། སྐྱིད་སྣང་དོད་པས་རྒན་རྒོན་ཚོའི་དགུན་དུས་ཀྱི་རྒན་གསོ་འཚོ་བ་བདེ་ལ་སྐྱིད་སྣང་དོད་པ་ཞིག་བྱུང་ཡོད།
“དེ་སྔ་དགུན་ཁ་བསླེབས་ཐེངས་རེར་དགུན་འཁྱགས་ཀྱི་བཙག་ཐུབ་མིན་ལ་ཧ་ཅང་གིས་སེམས་ཁྲལ་བྱེད་བཞིན་ཡོད། རྡོ་སོལ་བསྲེགས་ན་དྲི་མས་དབུགས་འགག་པར་བྱེད་ཅིང་། ཁང་པ་བཙོག་པོ་བཟོས་ན་ཡང་དེ་ལ་དེ་ལ་མི་བརྟེན་ག་མེད་དུ་གྱུར་ཡོད། ད་ཆ་ཉི་ནུས་ཀྱི་དྲོད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཚང་མ་རང་འགུལ་ཡིན་པས། ཆེད་དུ་དོ་དམ་མ་བྱས་ན་ཡང་ཁང་པའི་ནང་དྲོ་པོ་ཆགས་ནས་བློ་ཧ་ཅང་བདེ་པོ་ཡོད”ཅེས་ལོ་དེ་དག་ནང་གི་དྲོད་ལེན་འགྱུར་ལྡོག་སྐོར་གླེང་སྐབས་རྒན་གསོ་ཁང་གི་རྒན་རྒོན་ཞིག་གིས་མྱོང་ཚོར་ཟབ་མོས་ད་ལྟར་བཤད།
ས་བབ་མཐོ་བ་དང་དགུན་དུས་རིང་བ་ནི་མཚོ་སྔོན་གྱི་ནམ་ཟླའི་ཁྱད་ཆོས་མངོན་གསལ་དེ་ཡིན། དེ་སྔོན་སྲོལ་རྒྱུན་གྱི་རྡོ་སོལ་བསྲེགས་དུས་དྲོད་ལེན་གྱི་ཐབས་བཀོལ་རྙོག་འཛིང་ཆེ་བ་དང་། དུ་ཐལ་གྱི་སྦགས་བཙོག་ཆེ་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཞིག་ཀྱང་ཡོད་པ་མ་ཟད། དགུན་དུས་གྱི་ཚ་ནུས་དྲོད་འདོན་གྱི་ཚད་ཅུང་དམའ་བར་བརྟེན་གྲོང་གསེབ་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་སྒྱུར་བཀོད་ཐད“ཕན་འབྲས་བརྟན་པོ་མེད་པ་དང་བཀོལ་སྤྱོད་རང་བཞིན་ཞན་པའི”དངོས་ཡོད་ཀྱི་དཀའ་གནད་ལ་འཕྲད་ཡོད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་ཚན་རྩལ་དང་ཐོན་ལས་ཅན་འཕེལ་རྒྱས་ལྟེ་གནས་ཀྱི་མཐུན་སྦྱོར་མཛུབ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱིCPCཉི་ནུས་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་གྱི་སོར་སྐྱེ་གྲོང་ཚོའི་ཞི་དབྱང་ཧོང་རྒན་གསོ་ཁང་དུ་བསྒྲིགས་ནས་འཁོར་རྒྱུག་བྱེད་འགོ་ཚུགས་པས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་བའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་དཔེ་མཚོན་ལག་ལེན་ཞིག་ཏུ་གྱུར་ཡོད་པ་རེད། མིག་སྔར་ཚོད་ལྟའི་ཉམས་མྱོང་རྒྱ་ཆེར་སྤེལ་ནས་མགྱོགས་པོར་འདྲ་བཟོ་བྱེད་བཞིན་ཡོད་པ་དང་། ཞང་སྐྱོང་གྲོང་རྡལ་ཧྲང་ཐའེ་གྲོང་ཚོའི་རྒན་གསོ་ཁང་དང་ཤིས་པའོ་གྲོང་རྡལ་སྐེ་རྒྱ་གྲོང་ཚོ་རུ་ཆེན་གཉིས་པའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཚ་ནུས་དྲོད་ལེན་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་མགོ་ཚུགས་ཡོད་པས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་སུ་མངོན་ཡོད་པ་རེད།
ཧོང་ཀྲུང་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དར་གྱི་འོད་དྲོད་མ་ལག་དེ་སྲོལ་རྒྱུན་གྱི་ཉི་ནུས་སྒྲིག་ཆས་དང་མི་འདྲ་བ་ནི་དྲོད་ཚད་ཀོར་ཐིག་མན་གྱི་ཧྲེ་ཧྲི་ཏུའུ30ཡི་ཁོར་ཡུག་འོག་བརྟན་ལྷིང་ངང་ནས་འཁོར་སྐྱོད་ཐུབ་པ་དང་། ཁང་པའི་ས་དྲོད་གྱིས་ཚ་ཁུངས་འདོན་སྐྱེལ་བྱས་ནསཁང་པའི་ནང་གི་དྲོད་ཚད་གཏན་འཇགས་ལ་འགན་ལེན་བྱས་ཡོད་པས། ནུས་ཁུངས་གཙང་མའི་སྒྲིག་ཆས་ཀྱི་དྲོད་ཚད་དམའ་བ་ནས་དྲོད་འདོན་གྱི་ནུས་པ་ཞན་པའི་ཆ་དེ་ཁ་གསབ་བྱས།
ལག་རྩལ་དོན་ཐོག་ཏུ་འཁྱོལ་བའི་རྒྱབ་ཕྱོགས་ནི་སྐྱེ་ཁམས་དང་དམངས་ཚིས་ཀྱི་ཕན་འབྲས་གཉིས་ཀ་ཐོན་ཡོད་པ་དེ་རེད། “ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། ཚོད་ལྟའི་རྣམ་གྲངས་དེས་ལོ་ལྟར་མ་བཅོས་རྡོ་སོལ་ཏུན7གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་རྫས་གྱི་བཙོག་འབུད་ཏུན18.2ཉུང་དུ་གཏོང་ཐུབ་ཀྱི་ཡོད། མང་ཚོགས་ཀྱི་དྲོད་ལེན་དོ་དམ་སྲུང་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ་དང་དུས་མཚུངས་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་ནུས་ལྡན་ངང་ཉུང་དུ་ཕྱིན་ནས་གྲོང་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་རམ་འདེགས་ཐུབ་ཡོད”ཅེས་ཧོང་ཀྲུང་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིས་ཁུའེ་ཡིས་དེ་ལྟར་བཤད།
གྲོང་གསེབ་གྱིCPCཉི་ནུས་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་འཁོར་སྐྱོད་བྱས་པ་ལ་མཚོན་ན། མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྒྲིག་ཆས་འཁོར་སྐྱོད་ཉམས་གསོ་དང་། ནུས་རྒྱུ་ཟད་གྲོན་ལ་དོ་དམ་ཚོད་འཛིན། ཡུལ་ལྗོངས་འོས་འཚམ་གྱིས་བཀོད་སྒྲིག་བཅས་ཀྱི་འཐབ་ས་དང་པོར་ཚད་འཇལ་བྱས་པའི་གྲངས་གཞི་མང་པོ་བསགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་དྲོད་ལེན་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ས་གནས་ཅན་དུ་རྒྱ་ཆེར་སྤེལ་བ་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་ཡོད་པས། མཚོ་སྔོན་གྱི་ཞིང་གྲོང་གི་མང་ཚོགས་ཀྱིས་དགུན་དུས་ཀྱི་དྲོད་འདོན་དཀའ་ངལ་ཐག་གཅོད་ལ་རོགས་བྱེད་ཐུབ་པ་རེད།