ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་གཏམ་བཤད་པ་དང་ཀྲུའུ་ཀོ་ཡུས་ཅེ་ཡིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་རྨང་གཞིའི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་བྱ་བར་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འབད་པས་གཏོད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་རྨང་གཞིའི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་སྤྱི་བསྒྲགས་བྱས་ནས། ཞིང་ཆེན་ནོར་སྲིད་ཐིང་དང་མཚོ་སྔོན་དགེ་འོས་སློབ་ཆེན། ཟི་ལིང་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས། ཝང་ཏ་ནན་དང་ཝུའུ་ལ་ཙེ་པེ་ཁེ་·རེ་སུའུ་ལི་ཧན། ཚའེ་ཁྲེང་ཡུང་། དབྱང་ཀྲི་ཝུན། ཁོང་ཡུང་བཅས་གྲོས་ཚོསས་སུ་ཞུགས། 

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དང་། སློབ་གསོ་འདྲ་མཉམ་དང་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། སློབ་གསོའི་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་ཡོད་ལ། འགྲོ་གྲོན་འགན་སྲུང་དང་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཏེ། རྨང་གཞིའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་རྨང་གཞིའི་སློབ་གསོ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས། སློབ་གསོའི་སྟོབས་ལྡན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་བཅས་གནད་འགག་གི་དུས་སྐབས་ཡིན་པས། སློབ་གསོའི་ཆབ་སྲིད་ཀྱི་རང་བཞིན་དང་མི་དམངས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཁོང་དུ་གཏིང་ངང་ཆུད་པར་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྨང་གཞིའི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། སྤུས་ལེགས་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་བསྐྲུན་པར་སྔར་ལས་འབད་བརྩོན་བྱས་ནས།  སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་གཞིར་འགོད་པ་དང་། སློབ་ཁྲིད་བྱེད་པ། བློ་ལ་ངེས་པ་བཅས་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་ཆབ་སྲིད་བསམ་བློའི་སློབ་ཁྲིད་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། “སེ་འབྲུ”ཇི་བཞིན་མཐུན་སྒྲིལ་གྱིས་མི་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། གཞོན་ནུ་ལོ་ཆུང་ཚོའི་མི་ཚེའི་གོམ་པ་དང་པོ་སྤོ་བར་ཁྲིད་སྟོན་བྱེད་དགོས། སློབ་ལོ་རན་པའི་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་ཐོན་ཁུངས་བཀོད་སྒྲིག་ལམ་ལུགས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། སློབ་ཁུལ་ལམ་ལུགས་ཀྱི་དོ་དམ་དང་སྡེ་ཚོགས་ཅན་གྱི་སློབ་སྒྲུབ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཤར་ནུབ་མཉམ་ལས་དང“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞན་ཡུལ་དུ་སློབ་གྲྭ་འགྲིམས་པའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། འདྲ་མཉམ་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས། གསོ་སྐྱོང་ལྔ་མཉམ་སྤེལ་དང་གསོ་སྐྱོང་ལྔ་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་དང་། ཚན་རིག་དང་མཐུན་པའི་སློབ་གཉེར་གདེང་འཇོག་མ་ལག་ལེགས་སྒྱུར་བྱེད་པ། མགྱོགས་མྱུར་ངང་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་བཅས་བྱས་ཏེ། མུ་མཐུད་དུ་རྨང་གཞིའི་སློབ་གསོའི་རྣམ་པ་གསར་པ་གཏོད་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་དང་། ཤུགས་ཆེན་པོས་སློབ་གསོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་གཏོད་དགོས། ཏང་གིས་སློབ་གསོའི་བྱ་བའི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ། སློབ་གསོའི་ཁོངས་གཏོགས་སུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཆེན་པོའི་བྱ་བའི་མ་ལག་བཙུགས་ནས། སེམས་ཤུགས་ཡོད་རྒུས་མི་དམངས་བློ་ཡིད་ཚིམ་པའི་རྨང་གཞིའི་སློབ་གསོ་ཡག་པོར་གཉེར་དགོས།

 ཀྲུའུ་ཀི་ཡུས་ཅེ་ཡིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་བློ་ཐག་ཆོད་པོས་འཁུར་དགོས་པ་དང་། རྨང་གཞིའི་སློབ་གསོར་མ་དངུལ་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། མི་གསོ་སྐྱོང་བྱེད་སྟངས་དང་སློབ་སྒྲུབ་རྣམ་པ། དོ་དམ་སྒྲིག་སྲོལ་སོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྨང་གཞིའི་སློབ་གསོའི་སྐྱེ་ཁམས་བཟང་པོ་བསྐྲུན་ནས། བྱིས་པའི་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་སྔར་ལས་དྲང་གཞག་དང་སྤུས་ལེགས་ཀྱི་སློབ་གསོ་མཁོ་འདོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སློབ་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

གྲོས་ཚོགས་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།

གྲོས་ཚོགས་ཀྱི་སྔོན་ལ། ཚོགས་ཞུགས་མི་སྣ་ཁག་ཅིག་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་ཁ་ཤས་སུ་སོང་སྟེ་ཡུལ་དངོས་ལྟ་སྦྱོང་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།