མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས། ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།  ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།   ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུང་ཧྲན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དང་། རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྱོང་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།  རྒྱལ་ཁབ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་རང་འགུལ་ངང་ཞབས་འདེགས་དང་མཉམ་འདྲེས་བྱེད་པ་དང་།  མཚོ་སྔོན་དང་ཀོང་ཏུང་དང་། མཚོ་སྔོན་དང་ཞང་ཀང་།  མཚོ་སྔོན་དང་ཨའོ་མོན་བཅས་ཀྱི་འབྱོར་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས།   ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་།  ལོ་མཇུག་དང་ལོ་འགོའི་བྱ་བ་སོ་སོ་ལེགས་པར་བསྒྲུབ་དགོས།   ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་།   སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་།  ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་དགོས། སྤྱོད་གཙང་དྲང་གཞག་དང་ལས་སྒྲུབ་ལས་སྐྲུན་གྱི་ཆབ་སྲིད་གནས་སྟངས་དང་ལས་གཉེར་གྱི་ཁོར་ཡུག་ལེགས་པོ་རྒྱུན་མཐུད་ངང་བསྐྲུན་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དངུལ་གཏོང་གི་འགུལ་སྐྱོད་ཇུས་གཞི(2026—2030ལོའི་བར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ནན་གྱིས་བསྟན་དོན། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་།   ལས་གཞི་ཇུས་འགོད་དང་གསོག་འཇོག   དོན་འཁྱོལ་བཅས་ཀྱི་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱེད་པ། བདག་རྐྱེན་ལས་གཞི་སྤུས་ལེགས་སུ་གཅིག་སྡུད་ཡོང་བར་སྐུལ་འདེད་བཏང་སྟེ།   བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་འདེགས་སྐྱོར་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྲིག་མཐོར་འདེགས་ཀྱི་འགག་སྒྲོལ་འགུལ་སྐྱོད་དང་། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ་ནན་གྱིས་བསྟན་དོན།   ཆུ་འདོན་ལས་གཞི་ལེགས་སྒྲིག་མཐོར་འདེགས་སུ་གཏོང་བ་དང་།   གཅིག་གྱུར་དོ་དམ་དང་གཅིག་གྱུར་ལྟ་ཞིབ་ཚད་ལེན། གཅིག་གྱུར་འཁོར་སྐྱོད་སྲུང་སྐྱོང་། གཅིག་གྱུར་ཞབས་ཞུ་བཅས་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། ཆུ་འདོན་འགན་སྲུང་གི་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ།   མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་དགོས། དུག་འགོག་གི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། མུ་ཕྲེང་ཧྲིལ་པོའི་རྡུང་རྡེག་ལ་ཤུགས་སྣོན། དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་། དུག་འཐེན་མི་སྣ། དུག་སོན་འདེབས་པ་བཀག་སྡོམ་དང་དུག་སོན་གཙང་སེལ་དོ་དམ་ཚོད་འཛིན་ནན་མོ་བྱས་ནས། དུག་འགོག་སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་ཟབ་སྤེལ་དང་།  དུས་རབས་གསར་པའི་དུག་འགོག་གི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

​གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།