ཚེས21ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱི་རྒྱལ་དུ་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་གླེང་སྟེགས(2026)པེ་ཅིང་དུ་འགོ་ཚུགས། ཚོགས་ཞུགས་སྐུ་མགྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་བཏབ་ནས་ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་བཙུགས་ཤིང་འཕེལ་རྒྱས་བཏང་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་བཏོན་པ་དེས་རྒྱལ་ཁབ་སོ་སོར་འཕྲད་ཡོད་པའི་ཐུན་མོང་གི་དུས་རབས་ཀྱི་འགངས་ཆེའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཀྲུང་གོའི་དྲིས་ལན་མཁོ་སྤྲོད་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པར་འདོད། ཚོགས་ཞུགས་སྐུ་མགྲོན་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱི་རྒྱལ་དུ་ཞིབ་འཇུག་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཚུལ་བསྟན།