ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་སུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་ཧུར་སྐྱེད་མདུན་སྐྱོད་བྱས་ནས་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོ་སྣང་ཆེན་པོ་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོ་སྣང་ཆེན་པོ་བྱས། ཚང་མས་གཅིག་མཐུན་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་འགུལ་སྐྱོད་དངོས་ལ་སྒྱུར་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།
ཚང་མས་གཅིག་མཐུན་ཏུ་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། ངར་སེམས་སྐུལ་སློང་བཅས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས། བརྗོད་དོན་དང་ཁྲིད་ཕྱོགས་ཁ་གསལ་ཡིན་པ་མ་ཟད། བྱེད་ཐབས་དམ་པ་དོན་གཉེར་ཡིན་པས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་མཚོ་སྔོན་གྱི་ཏང་གི་འཛུགས་སྐྱོང་དང་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཐད་གཏོགས་ལས་ཁུངས་ཏང་ཨུའི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ལི་ཞང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ཡིན། རྒྱུན་མཐུད་ངང་སྤྱོད་སྟངས་ལེགས་བཅོས་བྱེད་པ་དང་། རིགས་གཞུང་སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་དུ་འདྲེས་པར་བྱེད་པ། འགན་འཁྲི་ཏན་ཏིག་སྒྲུབ་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས། ཏང་གི་འཛུགས་སྐྱོང་གི་སྣེ་ཁྲིད་ཕན་འབྲས་དེ་བསམ་ཤེས་དང་བརྩེ་འདང་བཅངས་ནས་རྒྱ་ཆེའི་ཚན་རྩལ་ལས་གཉེར་བར་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་ལ་སྒྱུར་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཧྲི་ལིན་གྱིས་བཤད་རྒྱུར། ངས་རང་ནས་འགོ་བཟུང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པར་བྱེད་རྒྱུ་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཅན་ཚའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་ནང་མཉམ་འདྲེས་བྱེད་པ། ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱས་པའི་ཕན་འབྲས་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འཕེལ་རྒྱས་ཡག་པོར་འགྲོ་བར་འགན་སྲུང་བྱེད་དགོས།
ཚང་མས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་ནི། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ནང་གནས་བླང་བྱ་ཡིན་པ་མ་ཟད། ཏང་གི་རང་ངོས་གསར་བརྗེ་སྐུལ་འདེད་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་བྱེད་པའི་ནང་གནས་བླང་བྱ་དང་། འགན་འཁྲི་དང་ལས་འགན་བརྟན་པོར་འཁུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་དང་། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ནང་གནས་བླང་བྱ་བཅས་ཡིན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་གོ་སྐབས་སུ་བྱས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།
མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་འགོ་གཙོའི་འོས་མི་ཝང་ལུན་གྱིས་བཤད་རྒྱུར། སྔར་ལས་ནན་པའི་སྒྲིག་ཁྲིམས་དང་། སྔར་ལས་བརྟན་པའི་དད་སེམས། སྔར་ལས་དམ་པ་དོན་གཉེར་གྱི་སྤྱོད་སྟངས། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས། དམངས་དོན་འདྲི་གཅོད་བྱ་བ་སླར་ཡང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་ཆེད་བྱས་རྗེས་སྔར་ལས་ཆེ་བ་འབུལ་དགོས།
མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆི་ཧའེ་ཡུན་གྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་སྨན་བཅོས་འཕྲོད་བསྟེན་ལས་རིགས་སུ་དོན་འཁྱོལ་བྱས་ནས། སྤྱོད་གཙང་སྨན་བཅོས་དང་ཚད་ལྡན་ལས་གཉེར་བྱེད་དགོས། སྤྱོད་གཙང་སྲོལ་བཟང་ལ་བརྟེན་ནས་ལས་རིགས་ཀྱི་སྣང་བརྙན་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱོད་སྟངས་བཟང་པོ་ལ་བརྟེན་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།