བསྟུད་མར་ཉིན་ཤས་རིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མེ་ཕིན་དང་། ཝང་ཝུའེ་ཏུང་། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལ་ཙེ་པེ་ཁེ·རེ་སུའུ་ལི་ཧན། པན་གོ ཀྲུའུ་ཞང་ཧྥེང་། ཚའོ་ཅུན་བཅས་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཚང་མའི་བར་བསམ་བློ་བརྗེ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།
ཞིང་ཆེན་འགོ་ཁྲིད་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་བརྩམས་པའི་དུས་སྐབས་སུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་སོ་སོའི་སྟེང་གཅིག་སྡུད་བྱེད་དགོས། ཚང་འཛོམས་གྲོས་ཚོགས་སྟེང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ཚེ་གང་གི་བསླབ་གཞིར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་ལྷད་མེད་པའི་ཕུང་བོ་དང་དཔུང་སྡེ་སྲུང་འཛིན་ལྷོད་མེད་བྱེད་དགོས།
ཞིང་ཆེན་འགོ་ཁྲིད་ཀྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་མཐུད་བྱེད་པ་དང་། མིག་སྔའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི་”འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ཏེ། ལག་བསྟར་དོན་འཁྱོལ་བྱེད་པའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བར་འཚོལ་དགོས། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་བྱེད་ནུས་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བརྩེ་སེམས་ལྡན་པའི་ངང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕན་འབྲས་གསར་པ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི་གྲུབ་འབྲས་དངོས་ལ་འགྱུར་བ་བྱེད་དགོས། སློབ་སྦྱོང་གིས་སྒྲོག་བཤད་ལ་སྐུལ་འདེད་གཏོང་བ་དང་། སྒྲོག་བཤད་ཀྱིས་ལས་དོན་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་གོ་བ་ལེན་ཐུབ་པ་དང་། མང་ཚོགས་དང་འབྲེལ་འདྲིས་ཐུབ་པའི་སྐད་ཆས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་པོར་བཤད་པ་དང་། གནད་ལ་འཁེལ་བ། དོན་ལ་འབབ་པ། གོ་བ་ལོན་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་གཞི་རིམ་ལས་ཡུལ་དང་པོར་སེམས་ལ་འཇགས་པ་དང་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།