ཟླ11པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཞིང་པའི་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ་ཉིང་ཆི་ཝུན་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཉིང་ཆི་ཝུན་འཁོར་དང་བཅས་པ་མཚོ་སྔོན་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས། ཁོང་གིས་བསྟན་དོན། ཞིང་ལས་ཞིང་སྡེའི་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ཁྱོན་ཡོངས་དང་སྤུས་ཚད་ལ་འབྲེལ་བ་ཡོད། མིག་སྔར་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ནོར་གནག་དང་བོད་ལུག ཆུ་འཁྱག་ཉ། འཕང་འབྲས། མཐོ་སྒང་གི་གྲང་འཁྱག་སྔོ་ཚལ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཧུར་ཐག་གིས་རོང་འབྲོག་པའི་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པས། ཞིང་པའི་ཉིན་རེའི་ཚགས་པར་ཁང་གིས“ཞིང་གསུམ”ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་སྨྱན་སྦྱོར་གཙོ་བོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལེགས་ཤོས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཐོན་རྫས་ཀྱི་འདུ་ཤེས་གསར་གཏོད་དང་། ཟོང་རྟགས་གསར་སྐྲུན། ཐོན་འཚོང་འབྲེལ་མཐུད་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་བས་མང་པོ་བྱེད་པ་དང་། མཚོ་སྔོན་གྱིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཕན་འབྲས་ལ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱི“ཞིང་གསུམ”བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རེ་བ་ཡོད།
ཉིང་ཆི་ཝུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་པའི་ཉིན་རེའི་ཚགས་པར་ཁང་གི་བྱ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གཏོད་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མཚོ་སྔོན་གྱི“ཞིང་གསུམ”བྱ་བའི་གསར་གཏོད་བྱེད་ཐབས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་སྒྲོག་སྤེལ་བྱ་རྒྱུ་དང་། ཟོང་རྟགས་ཇུས་འགོད་དང་དྲིལ་སྒྲོག ཁྱབ་སྤེལ་སོགས་ཀྱི་ཐད་ཤུགས་བསྣོན་པ། བརྒྱུད་བསྒྲགས་བྱེད་སྟངས་དང་བྱ་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སེམས་ཤུགས་ཡོད་རྒུ་དང་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། མཚོ་སྔོན་གྱི་ཞིང་གསུམ་ལས་དོན་འཕེལ་རྒྱས་ཐད་ཀྲུང་དབྱང་སྨྱན་སྦྱོར་གྱི་སྟོབས་ཤུགས་འབུལ་དགོས།
ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།